ཀའོ་ལིང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀའོ་ལིང་ཆུས།
​ཀའོ་ལིང་ཆུས་ནི་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་གྱི་ཁོངས་སུ་གནས་ལ་ཀོན་ཀྲུང་བདེ་ཐང་གི་དཀྱིལ་དབུས་སུ་ཆགས་ཡོད་ལ་ཤར་ནས་ལིན་ཐུང་ཆུས་དང་ལྷོ་ནས་ཝེ་དབྱང་ཆུས། ཆན་ཆའོ་ཆུས་དང་འབྲེལ་ཞིང་། ནུབ་ནས་ཞན་དབྱང་གྲོང་ཁྱེར་གྱི་ཝེ་ཁྲེང་ཆུས་དང་། སན་ཡོན་རྫོང་། ཅིན་དབྱང་རྫོང་། བྱང་ནས་ཡན་ལིང་ཆུས་དང་བཅས་འབྲེལ་ཡོད། སྤྱི་ལོ2017ལོ་བར་ཀའོ་ལིང་ཆུས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ294ཟིན་པ་དེའི་ཁོངས་སུ་གྲོང་རྡལ3དང་ཁྲོམ་གཞུང3གྱི་དོ་དམ་ཨུ་ཡོན་ལྷན་ཁང2ཡོད། ཆུས་ཡོངས་རྒྱུན་སྡོད་མི་འབོར་ཁྲི35.7ཟིན། སྤྱི་ལོ2017ལོར་ཆུས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར377.1ཟིན། ཀའོ་ལིང་ཆུས་ཀྱི་མངའ་ཁོངས་སུ་ཐང་ཀྲའོ་ཧུའེ་མཆོད་རྟེན་དང་ལི་ཡེ་རྡོ་རིང་། ཤར་ཝེ་ཆའོ་རྗེས་ཤུལ་སོགས་གནའ་བོའི་རིག་གནས་གནའ་ཤུལ་སོགས་ཡོད་ལ། སྤྱི་ལོ2019ལོའི་ཟླ3པར་རིམ་པ་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་རྫོང་གི་མིང་ཐོར་བདམས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高陵区
ཕྱི་ཡིག་མིང་།
Gaoling District
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ294
མི་གྲངས།
ཁྲི35.7(སྤྱི་ལོ2017ལོའི་རྒྱུན་སྡོད་མི་གྲངས)
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར།
སྲིད་གཞུང་གནས་ཡུལ།
ལུའུ་ཡོན་སྲང་ལམ་ཞན་མོན་ལམ་ཨང29པ།
གནམ་གྲུ་ཐང་།
ཞི་ཨན་ཞན་དབྱང་རྒྱལ་སྤྱིའི་གནམ་གྲུ་ཐང་།
རླངས་འཁོར་ཚབ་ཨང་།
ཧྲའནA
སྦྲག་སྲིད་ཨང་རྟགས།
710200
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
029
མེ་འཁོར་ས་ཚིགས།
ཞི་ཨན་བྱང་ཚིགས། ཅིན་ཧོ་ས་ཚིགས།
སྲིད་འཛིན་ཚབ་ཨང་།
610117
མཛེས་ལྗོངས་གྲགས་ཅན།
ཀྲའོ་ཧུའེ་ཐང་ཆེན་མཛེས་ལྗོངས་ཆུས་དང་ཅིན་ཝེ་དབྱེ་འབྱེད་ཀྱི་རང་བྱུང་མཛེས་ལྗོངས་སོགས།
1 ​ངོ་སྤྲོད།

ཀའོ་ལིང་ཆུས་ནི་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་གྱི་ཁོངས་སུ་གནས་ལ་ཀོན་ཀྲུང་བདེ་ཐང་གི་དཀྱིལ་དབུས་སུ་ཆགས་ཡོད་ལ་ཤར་ནས་ལིན་ཐུང་ཆུས་དང་ལྷོ་ནས་ཝེ་དབྱང་ཆུས། ཆན་ཆའོ་ཆུས་དང་འབྲེལ་ཞིང་། ནུབ་ནས་ཞན་དབྱང་གྲོང་ཁྱེར་གྱི་ཝེ་ཁྲེང་ཆུས་དང་། སན་ཡོན་རྫོང་། ཅིན་དབྱང་རྫོང་། བྱང་ནས་ཡན་ལིང་ཆུས་དང་བཅས་འབྲེལ་ཡོད།

སྤྱི་ལོ2017ལོ་བར་ཀའོ་ལིང་ཆུས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ294ཟིན་པ་དེའི་ཁོངས་སུ་གྲོང་རྡལ3དང་ཁྲོམ་གཞུང3གྱི་དོ་དམ་ཨུ་ཡོན་ལྷན་ཁང2ཡོད། ཆུས་ཡོངས་རྒྱུན་སྡོད་མི་འབོར་ཁྲི35.7ཟིན། སྤྱི་ལོ2017ལོར་ཆུས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར377.1ཟིན།

ཀའོ་ལིང་ཆུས་ཀྱི་མངའ་ཁོངས་སུ་ཐང་ཀྲའོ་ཧུའེ་མཆོད་རྟེན་དང་ལི་ཡེ་རྡོ་རིང་། ཤར་ཝེ་ཆའོ་རྗེས་ཤུལ་སོགས་གནའ་བོའི་རིག་གནས་གནའ་ཤུལ་སོགས་ཡོད་ལ། སྤྱི་ལོ2019ལོའི་ཟླ3པར་རིམ་པ་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་རྫོང་གི་མིང་ཐོར་བདམས་པ་ཡིན།

2 ལོ་རྒྱུས་ཀྱི་འཕེལ་རིམ།

ཆིན་ཞའོ་ཀུང་གི་ཁྲི་ལོ་བཅུ་གཉིས་པར(སྤྱི་ལོའི་སྔོན་གྱི350ལོ)རྫོང་བཙུགས།

ཞིན་མང་ཐེན་ཧྥེང་ཁྲི་ལོ་གཉིས་པར(སྤྱི་ལོ15ལོ)ཆན་ཁྲུན་ཞེས་བསྒྱུར།

རྒྱལ་ཁབ་གསུམ་གྱི་ཝེ་ཧོང་ཁྲུའུ་ཁྲི་ལོ་དང་པོར(སྤྱི་ལོ220ལོ)མིང་ལ་ཀའོ་ལིང་ཞེས་བསྒྱུར།

རྒྱལ་ཁབ་གསུམ་གྱི་ཝེ་ཧོང་ཁྲུའུ་ཁྲི་ལོ་དང་པོར(སྤྱི་ལོ220ལོ)དབྱང་ལིན་རྫོང་མེད་པར་བཟོས་པ་དང་། དེའི་ཁོངས་གཏོགས་ས་ཆ་ཀའོ་ལིང་དང་ཟླ་སྒྲིལ་བཏང་།

ཐང་ཀའོ་ཙུའུ་ཝུའུ་ཏེ་ཁྲི་ལོ་གཉིས་པར(སྤྱི་ལོ619ལོ)རྫོང་དེའི་ཅིན་ཧོ་ཆུ་བོའི་ལྷོ་ཕྱོགས་སུ་ལུའུ་ཡོན་རྫོང་བཙུགས།

མིང་རྒྱལ་རབས་ཀྱི《ཀའོ་ལིང་རྫོང་གི་ལོ་རྒྱུས》ཞེས་པའི་ནང་དུ་མིང་རྒྱལ་རབས་ཀྱི་ཤར་ལྷོའི་མཚམས་ཀྱི་ཀྲང་ཆའོ་དང་། ཞའོ་དབྱི། ཨན་ཞིན་བཅས་ལེ་དབར་གསུམ་གྱི་ཆ་ཤས་རྣམས་ལིན་པེན་གྱི་ཁོངས་སུ་ཡོད། རྫོང་ཡོངས་སྤྱི་ལེ28ཡོད་པ་དང་། དེའི་ལྷོ་ཞིང་ཆེན་གྱི་གྲོང་ཁྱེར། ཤར་ལྷོའི་ལིན་སུང་། ཤར་གྱི་ཧའོ་དབྱང་། ཤར་གྱི་ཝེ་ནན། བྱང་ཤར་གྱི་ཕུའུ་ཁྲེང་། བྱང་གི་ཧྥུ་ཕིན། ནུབ་བྱང་གི་སན་ཡོན། ནུབ་ཀྱི་ཅིན་དབྱང་། ལྷོ་ནུབ་ཀྱི་ཞན་དབྱང་བཅས་ཡོད།

ཆིང་རྒྱལ་རབས་ཀྱི་སྐབས་སུ་འགྱུར་ལྡོག་ཆེན་པོ་བྱུང་མེད་ལ། སྤྱི་ལོ1732ལོར《ཀའོ་ལིང་རྫོང་གི་ལོ་རྒྱུས》ཞེས་པ་ཤར་ནུབ་བར་ཐག་ལེ་བར30ཡོད། ལྷོ་བྱང་དང་བར་ཐག་ལེ་བར30ཡོད། ཤར་གྱི་ལིན་ཡོན་ས་མཚམས་བར་ལེ་བར10ཡོད། ནུབ་ཀྱི་ཅིན་དབྱང་ས་མཚམས་བར་ལེ་བར20ཡོད། ལྷོ་ཡི་ཞན་ཉིན་ས་མཚམས་བར་ལེ་བར20ཡོད། བྱང་གི་སན་ཡོན་ས་མཚམས་བར་ལེ་བར10ཡོད། ཤར་གྱི་ཤར་ལྷོ་ནས་ལིན་ཡོན་ས་མཚམས་བར་ལེ་བར20ཡོད། ལྷོ་ནུབ་ནས་ཞན་དབྱང་ས་མཚམས་བར་ལེ་བར30ཡོད། བྱང་ཤར་ནས་སན་ཡོན་ས་མཚམས་བར་ལེ་བར7ཡོད། ནུབ་བྱང་ནས་སན་ཡོན་ས་མཚམས་བར་ལེ་བར15ཡོད།

མིན་གོའི་དུས་སྐབས་སུ་རྫོང་ལའང་འགྱུར་ལྡོག་མངོན་གསལ་བྱུང་མེད། མིན་གོ་སྲིད་ལོ་སུམ་ཅུ་པར(སྤྱི་ལོ1941ལོ)《ཀའོ་ལིང་རྫོང་ཁོངས་ས་ཁུལ་གྱི་འགན་བཅོལ་སྤྱི་ཁྱབ་དཔེ་རིས》ནང་དུ་འཁོད་པ་ལྟར་ན། རྫོང་དེ་གའི་ཤར་ནུབ་བར་ལེ་བར36ཡོད། ལྷོ་བྱང་གཉིས་ཀྱི་བར་ཐག་ལ་ལེ་བར33ཡོད་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1188ཡོད། ཤར་ནས་ལིན་ཐུང་རྫོང་བར་ལམ་ཐག་ལེ་བར13ཡོད། ནུབ་ནས་ཅིན་དབྱང་རྫོང་བར་ལམ་ཐག་ལེ་བར21ཡོད། ལྷོ་ནས་ཁྲང་ཨན་རྫོང་བར་ལམ་ཐག་ལེ་བར23ཡོད། བྱང་ནས་སན་ཡོན་རྫོང་བར་ལམ་ཐག་ལེ་བར14ཡོད། བྱང་ཤར་ནས་སན་ཡོན་རྫོང་བར་དང་ལིན་ཐུང་རྫོང་བར་ལམ་ཐག་ལེ་བར11ཡོད། ཤར་ལྷོར་ལིན་ཞིན་དང་ཁྲང་ཨན་རྫོང་བར་ལམ་ཐག་ལེ་བར28ཡོད། ལྷོ་ནུབ་ནས་ཞན་དབྱང་དང་ཁྲང་ཨན་བར་ལམ་ཐག་ལེ་བར33ཡོད། ནུབ་བྱང་ནས་སན་ཡོན་རྫོང་བར་ལམ་ཐག་ལེ་བར20ཡོད།

སྤྱི་ལོ2014ལོའི་ཟླ12ཚེས13ཉིན་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་གྱིས་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བྱ་བཞག་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་མོས་མཐུན་བྱས་པ་དང་། ཀའོ་ལིང་རྫོང་མེད་པར་བཟོས་ནས་ཞི་ཨན་གྲོང་ཁྱེར་ཀའོ་ལིང་ཆུས་བཙུགས་།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

མིང་རྒྱལ་རབས་ཀྱི《ཀའོ་ལིང་རྫོང་གི་ལོ་རྒྱུས》ཞེས་པའི་ནང་དུ་མིང་རྒྱལ་རབས་ཀྱི་ཤར་ལྷོའི་མཚམས་ཀྱི་ཀྲང་ཆའོ་དང་། ཞའོ་དབྱི། ཨན་ཞིན་བཅས་ལེ་བར་གསུམ་གྱི་ཆ་ཤས་རྣམས་ལིན་པེན་གྱི་ཁོངས་སུ་ཡོད། རྫོང་ཡོངས་སྤྱི་ལེ28ཡོད། དེའི་ལྷོ་ཞིང་ཆེན་གྱི་གྲོང་ཁྱེར། ཤར་ལྷོའི་ལིན་སུང་། ཤར་གྱི་ཧའོ་དབྱང་། ཤར་གྱི་ཝེ་ནན། བྱང་ཤར་གྱི་ཕུའུ་ཁྲེང་། བྱང་གི་ཧྥུ་ཕིན། ནུབ་བྱང་གི་སན་ཡོན། ནུབ་ཀྱི་ཅིན་དབྱང་། ལྷོ་ནུབ་ཀྱི་ཞན་དབྱང་བཅས་ཡོད།

ཆིང་རྒྱལ་རབས་ཀྱི་སྐབས་སུ་འགྱུར་ལྡོག་ཆེན་པོ་མེད་ལ། སྤྱི་ལོ1732ལོར《ཀའོ་ལིང་རྫོང་གི་ལོ་རྒྱུས》ཞེས་པ་ཤར་ནུབ་བར་ཐག་ལེ་བར30ཡོད། ལྷོ་བྱང་དང་བར་ཐག་ལེ་བར30ཡོད། ཤར་གྱི་ལིན་ཡོན་ས་མཚམས་བར་ལེ་བར10ཡོད། ནུབ་ཀྱི་ཅིན་དབྱང་ས་མཚམས་བར་ལེ་བར20ཡོད། ལྷོ་ཡི་ཞན་ཉིན་ས་མཚམས་བར་ལེ་བར20ཡོད། བྱང་གི་སན་ཡོན་ས་མཚམས་བར་ལེ་བར10ཡོད། ཤར་གྱི་ཤར་ལྷོ་ནས་ལིན་ཡོན་ས་མཚམས་བར་ལེ་བར20ཡོད། ལྷོ་ནུབ་ནས་ཞན་དབྱང་ས་མཚམས་བར་ལེ་བར30ཡོད། བྱང་ཤར་ནས་སན་ཡོན་ས་མཚམས་བར་ལེ་བར7ཡོད། ནུབ་བྱང་ནས་སན་ཡོན་ས་མཚམས་བར་ལེ་བར15ཡོད།

མིན་གོའི་དུས་སྐབས་སུ་རྫོང་ལའང་འགྱུར་ལྡོག་མངོན་གསལ་བྱུང་མེད། མིན་གོ་སྲིད་ལོ་སུམ་ཅུ་པར(སྤྱི་ལོ1941ལོ)《ཀའོ་ལིང་རྫོང་ཁོངས་ས་ཁུལ་གྱི་འགན་བཅོལ་སྤྱི་ཁྱབ་དཔེ་རིས》ནང་དུ་འཁོད་པ་ལྟར་ན། རྫོང་དེ་གའི་ཤར་ནུབ་བར་ལེ་བར36ཡོད། ལྷོ་བྱང་གཉིས་ཀྱི་བར་ཐག་ལ་ལེ་བར33ཡོད་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1188ཡོད། ཤར་ནས་ལིན་ཐུང་རྫོང་བར་ལམ་ཐག་ལེ་བར13ཡོད། ནུབ་ནས་ཅིན་དབྱང་རྫོང་བར་ལམ་ཐག་ལེ་བར21ཡོད། ལྷོ་ནས་ཁྲང་ཨན་རྫོང་བར་ལམ་ཐག་ལེ་བར23ཡོད། བྱང་ནས་སན་ཡོན་རྫོང་བར་ལམ་ཐག་ལེ་བར14ཡོད། བྱང་ཤར་ནས་སན་ཡོན་རྫོང་བར་དང་ལིན་ཐུང་རྫོང་བར་ལམ་ཐག་ལེ་བར11ཡོད། ཤར་ལྷོར་ལིན་ཞིན་དང་ཁྲང་ཨན་རྫོང་བར་ལམ་ཐག་ལེ་བར28ཡོད། ལྷོ་ནུབ་ནས་ཞན་དབྱང་དང་ཁྲང་ཨན་བར་ལམ་ཐག་ལེ་བར33ཡོད། ནུབ་བྱང་ནས་སན་ཡོན་རྫོང་བར་ལམ་ཐག་ལེ་བར20ཡོད།

སྤྱི་ལོ2014ལོའི་ཟླ12ཚེས13ཉིན་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་གྱིས་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བྱ་བཞག་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་མོས་མཐུན་བྱས་པ་དང་། ཀའོ་ལིང་རྫོང་མེད་པར་བཟོས་ནས་ཞི་ཨན་གྲོང་ཁྱེར་ཀའོ་ལིན་ཆུས་བཙུགས་།

སྤྱི་ལོ1996ལོར་ཀའོ་ལིང་རྫོང་གི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ290ཡོད་པ་དང་། མི་འབོར་ཁྲི22.4ཡོད། དེའི་ཁོངས་སུ་གྲོང་རྡལ3དང་ཡུལ་ཚོ7ཡོད་པ་སྟེ། ལུའུ་ཡོན་གྲོང་རྡལ་དང་། ཐུང་ཡོན་གྲོང་རྡལ། ཀེང་ཀྲེན། ཝན་ཙི་ཡུལ་ཚོ། ཡའོ་ཧུའེ་ཡུལ་ཚོ། ཡུས་ཁྲུའུ་ཡུལ་ཚོ། ཁྲུང་ཧོང་ཡུལ་ཚོ། ཅི་ཡུལ་ཚོ། ཀྲང་པུའུ་ཡུལ་ཚོ། མ་ཅ་ཝན་ཡུལ་ཚོ་བཅས་ཡིན། རྫོང་སྲིད་གཞུང་གི་ལུའུ་ཡོན་གྲོང་རྡལ་དུ་བཅའ་སྡོད་བྱས།

སྤྱི་ལོ2001ལོའི་ཟླ12པར། རྫོང་ཡོངས་ཀྱི་ཁོངས་སུ་གྲོང་རྡལ4དང་ཡུལ་ཚོ4ཡོད་པ་སྟེ། ལུའུ་ཡོན་གྲོང་རྡལ་དང་། ཐུང་ཡོན་གྲོང་རྡལ། ཀེང་ཀྲེན། ཅིན་ཝེ་གྲོང་རྡལ། ཁྲུང་ཧོང་ཡུལ་ཚོ། ཝན་ཙི་ཡུལ་ཚོ། ཡུས་ཁྲུའུ་ཡུལ་ཚོ། ཀྲང་པུའུ་ཡུལ་ཚོ་བཅས་ཡོད།

སྤྱི་ལོ2011ལོར་ཡུས་ཁྲུའུ་ཡུལ་ཚོ་དང་། ཝན་ཙི་ཡུལ་ཚོ། ཀྲང་པུའུ་ཡུལ་ཚོ་བཅས་མེད་པ་བཟོས་ནས་ཡུས་ཁྲུའུ་གྲོང་རྡལ་དང་། ཝན་ཙི་གྲོང་རྡལ། ཀྲང་པུའུ་གྲོང་རྡལ་བཅས་བཙུགས་པ་རེད། ད་བར་དུ། རྫོང་ཡོངས་ཀྱི་ཁོངས་གཏོགས་ཀྱི་གྲོང་རྡལ7དང་། ཡུལ་ཚོ1སྟེ། ལུའུ་ཡོན་གྲོང་རྡལ་དང་། ཐུང་ཡོན་གྲོང་རྡལ། ཀེང་གྲོང་རྡལ། ཅིན་ཝེ་གྲོང་རྡལ། ཝན་ཙི་གྲོང་རྡལ། ཡུས་ཁྲུའུ་གྲོང་རྡལ། ཀྲང་པུའུ་གྲོང་རྡལ། ཁྲུང་ཧོང་ཡུལ་ཚོ་བཅས་ཡོད།

སྤྱི་ལོ2012ལོར་ལུའུ་ཡོན་གྲོང་རྡལ་དང་། ཅིན་ཝེ་གྲོང་རྡལ། ཁྲུང་ཧོང་ཡུལ་ཚོ་བཅས་མེད་པ་བཟོས་ནས་ལུའུ་ཡོན་ཁྲོམ་གཞུང་དང་། ཅིན་ཝུའེ་ཁྲོམ་གཞུང་། ཁྲུང་ཧོང་ཁྲོམ་གཞུང་བཅས་སོ་སོར་བཙུགས་ཡོད། ད་བར་དུ་རྫོང་ཡོངས་ཀྱི་ཁོངས་སུ་སྲང་ལམ3དང་གྲོང་རྡལ5ཡོད་པ་སྟེ། ལུའུ་ཡོན་སྲང་ལམ་དང་། ཅིན་ཝེ་སྲང་ལམ། ཁྲུང་ཧོང་སྲང་ལམ། ཐུང་ཡོན་གྲོང་རྡལ། ཀེང་ཀྲེན། ཝན་ཙི་གྲོང་རྡལ། ཡུས་ཁྲུའུ་གྲོང་རྡལ། ཀྲང་པུའུ་གྲོང་རྡལ་བཅས་ཡོད།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཀའོ་ལིང་རྫོང་གི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ287.8ཟིན། རྒྱུན་སྡོད་མི་འབོར་ཁྲི33.81ཡོད། སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཀའོ་ལིང་རྫོང་ཁོངས་གཏོགས་ཀྱི་ཁྲོམ་གཞུང3དང་གྲོང་རྡལ5ཡོད་པ་དང་། ཁྱོན་སྡེ་ཁུལ8དང་སྲིད་འཛིན་གྲོང་ཚོ88ཡོད་པ་དང་། རྫོང་སྲིད་གཞུང་གི་ལུའུ་ཡོན་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།

སྤྱི་ལོ2015ལོར་ཀའོ་ལིང་ཆུས་ཀྱིས་ཝན་ཙི་གྲོང་རྡལ་མེད་པར་བཟོས་ནས་ཐུང་ཡོན་གྲོང་རྡལ་དང་ཟླ་སྒྲིལ་བཏང་བ་དང་། ཡུས་ཁྲུའུ་གྲོང་རྡལ་ཕྱིར་འཐེན་དང་། ཡུས་ཁྲུའུ་གྲོང་རྡལ་གྱི་མ་པེ་དང་། ཨན་ཅ་། ཅང་ནན་། ཉ་བྱང་། ཡུས་ཁྲུའུ་བཅས་གྲོང་ཚོ་ལྔ་ལ་བགོས་ནས་ཀེང་ཀྲེན་དང་ཧོང་ཚང་གྲོང་ཚོ་བཅས་ཡོད།

4 ས་ཁམས་ཁོར་ཡུག

ཀའོ་ལིང་ཆུས་ནི་ཧྲའན་ཞི་ཞིང་ཆེན་གྱི་ཀོན་ཀྲུང་བདེ་ཐང་གི་དཀྱིལ་དབུས་དང་། ཅིན་ཧོ་གཙང་པོ་དང་ཝེ་ཧོ་གཙང་པོའི་ངོགས་གཉིས། ཞི་ཨན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་བྱང་རྒྱུད་དུ་ཆགས་ཡོད། ཤར་གྱི་གཞུང་ཐིག108°56′16″~109°11′15″དང་། བྱང་གི་འཕྲེད་ཐིག34°25′00″~34°37′30″དང་། ཤར་གྱི་ལིན་ཐུང་ཆུས་དང་། ལྷོ་ཡི་ཝེ་དབྱང་གྲོང་ཁྱེར་ཝེ་ཁྲེང་ཆུས་དང་། སན་ཡོན་རྫོང་། ཅིན་དབྱང་རྫོང་བཅས་དང་འབྲེལ་ཞིང་། བྱང་གི་ཡན་ལིའང་ཆུས་དང་འབྲེལ་ཡོད། ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ20.55དང་། ལྷོ་བྱང་གི་ཞེང་ཚད་སྤྱི་ལེ20.1དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ294ཡོད།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2016ལོར་ཀའོ་ལིང་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི35.11ཟིན་པ་དང་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.34གཙང་འཕར་བྱུང་བ་དེའི་ནང་གསར་སྐྱེས་མི་འབོར4437དང་སྐྱེས་ཚད12.7‰ཟིན་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར2027དང་ཚེ་འདས་ཚད5.8%ཟིན། རང་ཤུགས་སུ་འཕར་ཚད་སྟོང་ཆ6.9ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི22.54ཡོད་པ་དེས64.2%བཟུང་། གྲོང་གསེབ་ཀྱི་མི་འབོར་ཁྲི12.57ཟིན་པ་དེས35.8%བཟུང་ཡོད། ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་མི་འབོར་ཁྲི33.22ཟིན་པ་དེ་ལོ་གོང་མ་ལས0.79%འཕར་ཡོད།

5_2 མི་རིགས།

ཀའོ་ལིང་ཆུས་ཀྱི་ཁོངས་སུ་ཧུའེ་རིགས་དང་། མན་ཇུ་རིགས། སོག་རིགས། མིའོ་རིགས། དབྱིས་རིགས། ཧོར་རིགས་བཅས་གྲངས་ཉུང་མི་རིགས6ཡོད་ཅིང་། ཧུའེ་རིགས་ནི་མི་འབོར་ཆེས་མང་ཤོས་ཡིན།

6 དཔལ་འབྱོར།

སྤྱི་ལོ2016ལོར་ཀའོ་ལིང་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར300.24ཟིན་ནས་ལོ་གོང་མ་ལས7.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར30.23ཟིན་ནས2.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར205.14ཟིན་ནས6.8%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར64.87ཟིན་ནས11.1%འཕར་ཡོད། ཐེངས་གསུམ་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི10.1:68.3:21.6ཡིན།

ལོ་ཧྲིལ་པོར་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་སྒོར་དུང་ཕྱུར114.86ཟིན་པ་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད38.3%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས2.3ཟིན་ཡོད།

ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ5411གསར་འཕར་བྱུང་བ་དང་། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.43%ཟིན་ཡོད། ལོ་འདིའི་ནང་ལས་གཏོད་དངུལ་བུན་སྒོར་ཁྲི2214སྤྲད་པ་རེད། སྤྱི་ལོ2016ལོར་ཀའོ་ལིང་ཆུས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར459.53བཏང་བ་དེ་ལོ་གོང་མ་ལས6.4%འཕར་ཡོད། དེའི་ནང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར456.42ཟིན་ནས6.4%འཕར། ཞིང་དུད་ཀྱིས་མ་དངུལ་སྒོར་དུང་ཕྱུར3.11བཏང་ནས5.4%འཕར་ཡོད།

མཉམ་ལས་ཁང་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ཁྲོད་ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར22.49བཏང་བ་དེ་ལོ་གོང་མ་ལས28.55%ཆག ཐོན་ལས་གཉིས་པའི་མ་འཇོག་སྒོར་དུང་ཕྱུར195.45ཟིན་ནས4.8%འཕར་བའི་ནང་བཟོ་ལས་མ་འཇོག་སྒོར་དུང་ཕྱུར195.33ཟིན་ནས0.1%འཕར་བ་དང་། ཐོན་ལས་གསུམ་པའི་མ་འཇོག་སྒོར་དུང་ཕྱུར241.59ཟིན་ནས15.8%འཕར་ཡོད།

7 སྤྱི་ཚོགས་ལས་རིགས།
7_1 ཚན་རིག

སྤྱི་ལོ2016ལོར་ཀའོ་ལིང་ཆུས་ཀྱི་ཚན་རྩལ་བྱེད་སྒོའི་འགྲོ་གྲོན་བསྡོམས་འབོར་སྒོར་ཁྲི1411ཟིན་ཡོད། ཁེ་ལས་རིམ་རྩིས་བྱས་ན་ཐོ་འགོད་ཚོང་རྟགས348དང་ལོ་དེའི་ཐོ་འགོད་ཚོང་རྟགས139ཡོད།

7_2 སློབ་གསོ།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཀའོ་ལིང་ཆུས་ཀྱི་སློབ་འབྲིང་དཀྱུས་མ15དང་སློབ་གྲྭར་ཡོད་པའི་སློབ་མ10412ཡོད་པ་དང་། དམའ་རིམ་སློབ་འབྲིང་ནས་ཐོན་པའི་སློབ་རིམ་འཕར་ཚད98.37%ཟིན། མཐོ་རིམ་སློབ་འབྲིང་ནས་ཐོན་པའི་སློབ་རིམ་འཕར་ཚད93.7%ཟིན། སློབ་ཆུང70དང་སློབ་གྲྭར་ཡོད་པའི་སློབ་མ18973ཡོད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཡིན།

7_3 རིག་གནས།

སྤྱི་ལོ2016ལོར་ཀའོ་ལིང་ཆུས་ལ་རྟེན་རྫས་བཤམས་མཛོད་ཁང4དང་། དཔེ་མཛོད་ཁང1དང་ལུས་རྩལ་ཁང3རིག་གནས་ཁང1རིག་གནས་ས་ཚིགས7ཡོད། ཆུས་རིམ་པའི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས1ཡོད།

8 མཚན་སྙན།

གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ཀྱིས་འཕེལ་རྒྱས་གཏོང་བའི་དཔེ་སྟོན་རྫོང་།

ཧྲའན་ཞི་ཞིང་ཆེན་རྫོང་རིམ་པའི་གློག་རྡུལ་སྲིད་དོན་དཔེ་སྟོན་རྫོང་།

རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་སྔོན་ཐོན་མཉམ་སྡེབ་ཚོགས་པ།

ཧྲའན་ཞི་ཞིང་ཆེན་གྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྫོང་།

རྒྱལ་ཡོངས་ལྗང་སྒྱུར་དཔེ་བཟང་རྫོང་།

དཔལ་ཡོན་རྫོང་མཁར།

གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལྟར་སྲིད་འཛིན་དཔེ་སྟོན་རྫོང་།

རྒྱལ་ཁབ་འཕྲོད་བསྟེན་རྫོང་མཁར།

ཀྲུང་གོའི་དངུལ་རྩ་སྐྱེ་ཁམས་རྫོང་།

རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་དང་པོ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། ཀའོ་ལིང་ཆུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-18

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།