ཅན་ཚའོ་ཕིང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅན་ཚའོ་ཕིང་ཆུས།
ཅན་ཚའོ་ཕིང་ཆུས་ནི་དེ་སྔའི་བྱང་གི་ཆུས་དང་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། དེ་ཉིད་ཐའེ་ཡོན་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་བྱང་རྒྱུད་དུ་གནས་ཤིང་རི་གསུམ་གྱིས་སྐོར། དེའི་ཁོངས་སུ་ཁྲོམ་གཞུང9དང་། གྲོང་རྡལ2 ཡུལ་ཚོ3 སྡེ་ཁུལ71 སྲིད་འཛིན་གྲོང་ཚོ77བཅས་གཏོགས་ཡོད། སྤྱིའི་མི་འབོར་ཁྲི43.05ཟིན་པའི་ནང་ཞིང་ལས་མི་འབོར་ཁྲི10.31ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2856ཟིན་པའི་ནང་བསྐྲུན་ཟིན་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ41.6ཟིན་ཡོད། ཅན་ཚའོ་ཕིང་ཆུས་ཀྱི་རིག་གནས་རྨང་གཞི་གཏིང་ཟབ་པ་དང་། ཁྲུན་ཆིའུ་དུས་སྐབས་སུ་ཁུང་ཙི་ཕྱིར་ལོག་སྐབས་ཅིན་རྒྱལ་ཁབ་བརྒྱུད་ཅིང་། མིང་ཆིང་དུས་སྐབས་སུ་མིང་དུ་གྲགས་པའི་བསམ་བློ་བ་དང་། ཡིག་རིས་བ། གསོ་རིག་མཁས་པ་བཅས་མང་པོ་སྐུ་འཁྲུངས་མྱོང་། དེ་རུ་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་ལྔ་པའི་ནང་ཆིང་དབྱིན་དགོན་པ་དང་། རྡོ་ཕུ་དགོན་པ། ཏ་ཧྥུ་མཆོད་ཁང་སོགས་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ3ཡོད་པ་མ་ཟད། ད་དུང་རི་ཚོགས་སོགས་མཛེས་ལྗོངས་ཁུལ་མང་པོ་ཡོད་ཅིང་། མཛེས་ལྗོངས་ཁུལ་དྲུག་ཡོད་པ་དང་ད་ཆ་ཐའེ་ཡོན་གྲོང་ཁྱེར་གྱི་ཡུལ་སྐོར་ས་ཁོངས་གལ་ཆེན་ཞིག་ཡིན་པས་གསར་སྤེལ་གྱི་མདུན་ལམ་རྒྱ་ཆེན་པོ་ལྡན་ཡོད། ཅན་ཚའོ་ཕིང་གི་བཟོ་ལས་རྨང་གཞི་བརྟན་པོ་ཡོད་ཅིང་། ལྗོངས་ནང་ཁུལ་དུ་ཐའེ་ཡོན་ངར་ལྕགས་ཚད་ཡོད་ཀུང་སི་སོགས་གཞུང་ཁོངས་ཁེ་ལས་ཆེ་འབྲིང་བཅུ་ལྷག་ཙམ་དང་། ཀྲུང་པེ་སློབ་ཆེན་སོགས་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དང་ཚན་ཞིབ་ཁང་བཅུ་ལྷག་ཙམ་ཡོད། ལྷག་པར་དུ་ཐའེ་ཀང་ཚོགས་པས་མཉམ་དུ་བཏོད་པའི་རྒྱལ་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་གྲས་ཀྱི་ངར་ལྕགས་ནི་ཞིང་ཆེན་ཡོངས་ཀྱི་ཐོན་ལས་དཔེ་སྟོན་རྟེན་གཞི་ཁག་དང་པོ་ཡིན། ཅན་ཚའོ་ཕིང་ཆུས་སུ་ཞང་དབྱང་ཞིང་རོང་ལྟེ་བར་བྱས་ཏེ་ཧྭ་ཧའེ་གཞིས་ཀ་དང་ཧུང་ཧྥུང་ཡོན་སོགས་མུའུ2300ལྷག་ཙམ་གྱི་སྤྲོ་གསེང་ཞིང་ལས་གླིང་ཞིག་ཆགས་ཡོད། ཅིའུ་ཉིའུ་དང་ལའོ་ཀྲི། ཅིན་སྲན་ཆེན། ཝུའུ་ཧྥེང་། ལུའི་སེན་སོགས་སུ་ཞིང་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尖草坪区
མི་གྲངས།
ཁྲི41.57
དབྱིན་ཡིག་གི་མིང་།
Jiancaoping District
ཡུལ་སྐད།
ཐའེ་ཡོན་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
མངའ་ཁོངས་ཆུས།
ནམ་ཟླ།
དྲོད་ཁུལ་དུས་རླུང་རང་བཞིན་གྱི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ། ཧྲན་ཞི། ཐའེ་ཡོན།
ཡུལ་ལྗོངས་གྲགས་ཅན།
ཧྥུན་ཧི་ཆུ་བོ། ལོན་ཧྲི་རི་བོ། མའོ་ཡུན་རི་བོ།
མངའ་ཁོངས།
སྲང་ལམ9དང་གྲོང་རྡལ2ཡུལ་ཚོ3བཅས་ཡོད།
གནམ་གྲུ་ཐང་།
ཐའེ་ཡོན་རྒྱལ་སྤྱིའི་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0351
རླངས་འཁོར་ཚབ་ཨང་།
ཅིནA
སྦྲག་སྲིད་ཨང་རྟགས།
030000
སྲིད་འཛིན་ཚབ་ཨང་།
140108
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ285ཡོད།
ཆུས་ཀྲང་།
ལུའུ་ཅུན་ཧྥེང་།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1927ལོར་ཐའེ་ཡོན་གྲོང་ཁྱེར་མ་བཙུགས་སྔོན་གྱི་གྲོང་ཚོ་དག་ལྷོ་ཕྱོགས་ཀྱི་ས་ཁུལ་ཐའེ་ཡོན་རྫོང་གི་ཁོངས་སུ་གཏོགས་པ་རེད། 

མིན་གོའི་སྲིད་ལོ་བཅུ་དྲུག་པར(1927ལོར)ཐའེ་ཡོན་གྲོང་ཁྱེར་བཙུགས་རྗེས་ཅན་ཚའོ་ཕིང་ཐའེ་ཡོན་གྲོང་ཁྱེར་དང་། དབྱང་ཆུས་རྫོང་། ཐའེ་ཡོན་རྫོང་བཅས་ཀྱི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པར(1945ལོ)འཇར་པན་གྱིས་མགོ་བཏགས་རྗེས་ཐའེ་ཡོན་གྲོང་ཁྱེར་དུ་ཆུས་བརྒྱད་སོ་སོར་བགོས།

སྤྱི་ལོ1949ལོའི་ཟླ5པའི་ཚེས27ཉིན། ཐའེ་ཡོན་དང་ཆུས་བརྒྱད་རྫོང་ཁོངས་སུ་གཏོགས་པར་བྱས། 

སྤྱི་ལོ1950ལོའི་ཟླ2པ་ནས་ཟླ8པའི་བར། ཐའེ་ཡོན་གྲོང་ཁྱེར་གྱི་ཆུས8དབྱང་ཆུས་རྫོང་གི་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1951ལོའི་ཟླ8པར། ཐའེ་ཡོན་གྲོང་ཁྱེར་དེ་ཁུལ7དུ་བགོས་ཤིང་། གྲོང་ཁྱེར་བྱང་ཕྱོགས་ཀྱི་ཆུས་གསུམ་པ་དང་ལྔ་བའི་ཁོངས་སུ་གཏོགས།

སྤྱི་ལོ1954ལོའི་ཟླ4པར། ཆུས་གསུམ་པར་གྲོང་ཁུལ་གསར་པར་མིང་བསྒྱུར། ཆུས་ལྔ་པར་ཝན་པོ་ནགས་ཁུལ་ཞེས་མིང་བསྒྱུར།

སྤྱི་ལོ1957ལོའི་ཟླ3པར། ཞིན་ཁྲེང་དང་ཝན་པོ་ལིན། དེ་བཞིན་ཚོང་ཁང་ཆུང་ཆུང་། ཅིན་ཡོན་བཅས་ཁུལ་བཞི་གྲོང་འདབས་སུ་བཞག་པ་དང་། ས་ཆ་ཡང་གྲོང་འདབས་སུ་གཏོགས།

སྤྱི་ལོ1958ལོའི་ཟླ7པར། གྲོང་ཁྱེར་ཉེ་འདབས་ཀྱི་ནན་ཡན་དང་ཞི་བདེ་ལམ། ཝན་པོ་ལིན་དང་པའེ་ཅ་ཀྲོང་བཅས་ཁྲོམ་ལམ4བཙུགས་ཏེ། རྨ་ནུབ་ཆུས་བཙུགས་པ་དང་། ས་ཁུལ་ཡང་ཧོ་ཞི་ཆུས་དང་གྲོང་ཁྱེར་ཉེ་འཁོར་དུ་གཏོགས། 

སྤྱི་ལོ1970ལོའི་ཟླ3པར། ཐའེ་ཡོན་ཉེ་འདབས་ཀྱི་འཛུགས་སྐྲུན་མེད་པར་བཟོས་ཏེ། ལྷོ་འདབས་དང་བྱང་འདབས་གཉིས་སུ་བགོས།

སྤྱི་ལོ1996ལོར་བྱང་འདབས་ཀྱི་གྲོང་ཚོ་དང་། ཧྲང་ལན། ཤང་དབྱང་། དབྱང་ཆུས་བཅས་གྲོང་རྡལ4ཡོད་པ་དང་། ཏུང་ཧྲེ་དང་ཞའོ་ཅིང་ཡུས། ཞི་མིང་། ཧྭ་ཡན་ཐོའུ་ཐོའུ། ཝང་ཧྥེང་། མ་ཐོའུ་ཧྲུའེ། པའེ་པའེ། ཞི་དབྱི་ཤང་། ཞའོ་ཧུའེ། ཤིན་ཁྲེང་། ཀྲུང་ཆི་ཧོ་བཅས་ཡུལ་ཚོ11དང་། སྲིད་འཛིན་གྲོང་ཚོ190བཅས་ཡོད།

སྤྱི་ལོ1997ལོའི་ཟླ5ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐའེ་ཡོན་གྲོང་ཁྱེར་གྱི་གྲོང་ཁུལ་ལྷོ་མ་དང་། གྲོང་ཁྱེར་བྱང་མ། ཧོ་ནུབ་ཆུས། གྲོང་ཁྱེར་ལྷོ་རྒྱུད། གྲོང་ཁྱེར་བྱང་འདབས་བཅས་མེད་པར་བཟོས་ནས། ཐའེ་ཡོན་གྲོང་ཁྱེར་གྱི་ཚོང་ཁང་ཆུང་བ་དང་ཡིང་ཙེ་ཆུས། ཞིན་ཧྭ་ལིང་ཆུས། ཅན་ཚའོ་ཕིང་ཆུས། ཝན་པོ་ཆུས། ཅིན་ཡོན་ཆུས་བཅས་བཙུགས།

སྤྱི་ལོ1998ལོའི་ལོ་མཇུག་ཏུ་ཅན་ཚའོ་ཕིང་ཆུས་སུ་ཁྲོམ་གཞུང7དང་། གྲོང་རྡལ4 ཡུལ་ཚོ4བཅས་ཡོད་པ་དང་དེའི་འོག་ཏུ་སྡེ་ཁུལ168དང་སྲིད་འཛིན་གྲོང་ཚོ87ཡོད། 

སྤྱི་ལོ2018ལོའི་ལོ་མཇུག་བར་ཅན་ཚའོ་ཕིང་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང9དང་། གྲོང་རྡལ2 ཡུལ་ཚོ3བཅས་ཡོད་པ་དང་ཁྱོན་སྡེ་ཁུལ71དང་སྲིད་འཛིན་གྲོང་ཚོ77ཡོད་པ་རེད། 

2 ས་ཁམས་ཁོར་ཡུག
2_1 གནས་ཡུལ།

ཅན་ཚའོ་ཕིང་ཆུས་ནི་ཐའེ་ཡོན་གཤོང་ས་ཡི་བྱང་སྣེ་རུ་ཆགས་ཡོད་པ་དང་། ཧྲན་ཞི་ཞིང་ཆེན་གྱི་ལྟེ་གནས་ཐའེ་ཡོན་གྲོང་ཁུལ་གྱི་བྱང་དུ་ཡོད་ཅིང་། ཤར་གྱི་གཞུང་ཐིག112°15′~112°46དང་། བྱང་གི་འཕྲེད་ཐིག37°48′~38°06ཡིན། ཤར་གཡང་ཆུ་རྫོང་གི་ཡའོ་ཙི་ཧྲང་གྲོང་ཚོ་དང་འབྲེལ་ཡོད། ལྷོ་ཝན་པོ་ནགས་ཁུལ་དང་པེ་ཐུན་སྡེ་བ་དང་འབྲེལ་ཡོད། བྱང་ཡང་ཆུས་རྫོང་དབྱང་ཅ་ཅིང་གྲོང་ཚོ་དང་ཁྱིམ་མཚེས་ཡིན་ཞིང་། ཤར་ནུབ་ཀྱི་ཞེང་ཚད་ཆེ་ཤོས་སྟོང་སྨི26ཡིན་པ་དང་། ལྷོ་བྱང་གི་རྒྱང་ཐག་རིང་ཤོས་སྟོང་སྨི22ཡིན། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ285ཡོད།     

2_2 ས་དབྱིབས།  

ཅན་ཚའོ་ཕིང་ཆུས་ཀྱི་ས་དབྱིབས་ཡོངས་ལ་ས་རྡོའི་རི་ཁུལ་དང་ས་སེར་རི་མ་ཐང་། བདེ་ཐང་། ལུང་ཤུར་གཤོང་ས། རླུང་གཡབ་དབྱིབས་ཅན་སོགས་རིགས་མི་འདྲ་བར་དབྱེ་ཡོད་ཅིང་། ས་བབ་འཕར་ཆག་ཅུང་ཆེ་བ་དང་། མངའ་ཁོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི780ནས1775བར་ཡོད། 

2_3 ནམ་ཟླའི་ཁྱད་ཆོས།    

ཅན་ཚའོ་ཕིང་ཆུས་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་ཡིན་པ་དང་། ཆ་སྙོམས་བྱས་ན་ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི450ཡས་མས་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ7ནས10བར་ཡིན་པ། ལོ་ཧྲིལ་པོར་ཉི་འོད་ཆུ་ཚོད2400ནས2600བར་ཕོག་པ་དང་། སད་མེད་དུས་ཉིན190ཡས་མས་ཡིན། 

3 རང་བྱུང་ཐོན་ཁུངས། 
3_1 གཏེར་རྫས་ཐོན་ཁུངས།     

ཅན་ཚའོ་ཕིང་ཆུས་ཀྱི་གཏེར་ཁའི་ཐོན་ཁུངས་ལ་གཙོ་བོ་ཅུ་གང་དང་མུ་ཟི་ལྕགས་གཏེར། ཨར་འདམ། རྡོ་ཐལ་དཀར་པོ། སོ་ཕག་སོགས་ཡོད།      

3_2 ཆུ་བེད་ཐོན་ཁུངས།     

ཅན་ཚའོ་ཕིང་ཆུས་ཀྱི་ས་ངོས་ཀྱི་ཆུ་ནི་རྨ་ཆུའི་འབབ་རྒྱུད་ཀྱི་ཧྥུན་ཧོ་ཆུ་བོའི་མ་ལག་ཡིན་པ་དང་། ཧྥུན་ཧོ་ཆུ་བོའི་རིམ་པ་དང་པོའི་ཡན་ལག་ཆུ་བོ་ཉི་ཐུན་ཆུ་བོ་དང་། པའེ་པན་གཙང་པོ། དབྱང་ཞིན་ཧོ། ཅན་ཧོ་ཆུ་བོ་བཅས་ལྗོངས་ནང་ཁུལ་དུ་ཧྥུན་ཧོ་ཆུ་བོ་འདུས་ཡོད། ཆ་སྙོམས་ས་ངོས་ཀྱི་ཆུའི་ཐོན་ཁུངས་སྨི་བཞི་མ་ཁྲི510ཟིན་པ་དང་། ས་འོག་གི་ཆུའི་ཐོན་ཁུངས་སྨི་བཞི་མ་ཁྲི3891ཟིན། ལྗོངས་ཡོངས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་གྲུ་བཞི་མ་ཁྲི4057ཟིན།

4 དཔལ་འབྱོར།     

སྤྱི་ལོ2012ལོར་ཅན་ཚའོ་ཕིང་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི2584285ཟིན་པ་དེ་དུས་མཚུངས་ལས6.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི24414ཟིན་ནས6.0%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི2083878ཟིན་ནས7.0%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི475993ཟིན་ནས3.3%འཕར། 

4_1 ཐོན་ལས་དང་པོ།      

སྤྱི་ལོ2013ལོའི་ཟླ7པར་ཅན་ཚའོ་ཕིང་ཆུས་སུ་གཞི་ཁྱོན་རགས་ཙམ་ལྡན་པའི་ཞིང་ལས་རྟེན་གཞི་ཆེན་པོ་ལྔ་བསྐྲུན་པ་དང་། ཤང་དབྱང་ཐང་། ཤིན་ཁྲེང་ཐན་བཅས་ས་ཁུལ་གྱི་ས་ཁྱོན་མུའུ་ཁྲི4ཟིན། འབྲུ་རིགས་ཐོན་ཚད་ཏུན11908ཟིན། སྔོ་ཚལ་ཐོན་ཚད་ཏུན735187ཟིན། ཤིང་འབྲས་ཐོན་ཚད་བསྡོམས་འབོར་ཏུན15399ཟིན། ཤ་དང་འོ་མ་བཅས་ཀྱི་སྤྱིའི་ཐོན་ཚད་ཏུན2703དང་ཏུན1298 ཏུན3841སོ་སོར་ཟིན་ཡོད     

4_2 ཐོན་ལས་གཉིས་པ།      

སྤྱི་ལོ2013ལོའི་ཟླ6པར་ཅན་ཚའོ་ཕིང་ཆུས་ཀྱིས་རིགས་ཁག་གི་རྣམ་གྲངས68ནང་འདྲེན་བྱས་པར་མ་དངུལ་སྒོར་དུང་ཕྱུར29.1བཏང་ནས་ལས་འགན་གྱི45.7%ཟིན། མ་དངུལ་སྒོར་དུང་ཕྱུར504.6བཏང་ཡོད། ལྗོངས་ཁོངས་གཏོགས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར8.6ཟིན་ནས40.8%འཕར། བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར63.5%བཟུང་ཡོད། 

4_3 ཐོན་ལས་གསུམ་པ།    

སྤྱི་ལོ2013ལོའི་བར་ཅན་ཚའོ་ཕིང་ཆུས་པིན་ཤིས་ཚོང་དོན་ལྟེ་གནས་ཀྱི་རོལ་རྩེད་རྣམ་པ་ཅན་གྱི་བྱ་འགུལ་འགོ་ཚུགས་ཤིང་། ཧྲན་ཞི་ཤར་རྒྱུད་ཀྱི་ཚོང་ཟོག་ཆུང་ངུའི་ཁྲོམ་ར་སྒྱུར་བཀོད་ཀྱི་དུས་ཐེངས་དང་པོའི་སྨི་གྲུ་མ་ཁྲི20ཟིན། པའོ་ཧེང་དང་ལུང་ཧྲེང་། ཤིན་ཅ་ཡོན་སོགས་ངར་ལྕགས་རྒྱུ་ཆས་ཁྲོམ་ར་ཆེན་པོ་དྲུག་ལ་ལོ་ཧྲིལ་པོར་ཚོང་ཟོག་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར238.3ཟིན་ནས20.3%འཕར་ཡོད། ཞིང་སྤྱོད་དངོས་རྫས་ཀྱི་ཞིང་དུད་ཚོང་ཁང40ཡི་རིམ་སྤོར་ལེགས་གྲུབ་བྱུང་བ་དང་། དམངས་ཕན་མུ་འབྲེལ་ཚོང་ཁང4དང་། གྲོང་གསེབ་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས4 ཚད་ལྡན་ཅན་གྱི་ཚལ་ཁྲོམ2བཅས་གསར་སྐྲུན་བྱས་ཡོད། ལོ་ཧྲིལ་པོར་མཛེས་ལྗོངས་ཁུལ་ཁག་གིས་ཡུལ་སྐོར་བ་མི་ཁྲི30ལ་སྣེ་ལེན་ཞུས་ནས8.3%འཕར། ཡུལ་སྐོར་ཡོང་འབབ་སྒོར་ཁྲི2200ལྷག་ཙམ་ཟིན་ནས33.3%འཕར།

5 སྤྱི་ཚོགས་ལས་རིགས།  

སྤྱི་ལོ2013ལོའི་བར་ཅན་ཚའོ་ཕིང་ཆུས་སུ་གཞི་རྩའི་སྨན་རྫས་ཁྱབ་སྤེལ་བཏང་ཞིང་། ཅན་ཚའོ་ཕིང་ཆུས་སློབ་འབྲིང་དང་པོ། འཕྲོད་བསྟེན་ཆ་འཕྲིན་ལས་སྟེགས་བཅས་བཙུགས།      

སྤྱི་ལོ2013ལོའི་ཟླ6པར་ཅན་ཚའོ་ཕིང་ཆུས་ཀྱིས་ཚན་རྩལ་རོགས་སྐྱོར་མ་དངུལ་སྒོར་ཁྲི757སྤྲད་པ་རེད།      

སྤྱི་ལོ2013ལོའི་ཟླ6པར་ཅན་ཚའོ་ཕིང་ཆུས་ཀྱིས་མ་དངུལ་སྒོར་ཁྲི6བཏང་ནས་གཞུང་བཙུགས་བུ་བཅོལ་ཁང4དང་། སློབ་གྲྭ་འབྲིང་ཆུང75ཡི་ཞིང་ཆེན་རིམ་པའི་འོས་འགན་སློབ་གསོའི་ཚད་ལྡན་ཅན་ སློབ་གྲྭ་བརྒྱ་ལས་སློབ་གྲྭ32འཕེལ་རྒྱས་སུ་གཏོང་བར་ལེགས་འགྲུབ་བྱུང་ཡོད་ཅིང་། སྤྱི་ལོ2013ལོའི་ཟླ6པར་ཅན་ཚའོ་ཕིང་ཆུས་ཀྱིས་སྒོར་ཁྲི270བཏང་ནས་ཡུལ་ཚོ་དང་གྲོང་རྡལ་གྲོང5འཛུགས་སྐྲུན་བྱས་པ་ཡིན།       

6 སྐྱེ་ཁམས་ཁོར་ཡུག      

སྤྱི་ལོ2013ལོར་ཅན་ཚའོ་ཕིང་ཆུས་ཀྱིས་སན་ཀེ་གྲོང་ཚོ་གཉིས་པའི་གློག་ཁང་གི་མཐའ་འཁོར་དང་དེ་བཞིན་ཤིན་ལན་ལམ་དང་ཁང་ཤིས་ལམ་རྒྱུད་དུ་གཅིག་སྡུད་བཅོས་སྒྲིག་བྱས་པས་ཐལ་རྡུལ་གྱི་སྦགས་བཙོག་ཚོད་འཛིན་བྱས་ཡོད་ཅིང་། རྗེས་ལུས་ཀྱི་ཐོན་ནུས་དོར་ནས་ཨར་འདམ་བཟོ་གྲྭ་འཛུགས་སྐྲུན་བྱས། ཆུ་འདྲེན་ལས་གྲྭ་ཆུ་གསོག་རྫིང་བུ་འཛུགས་སྐྲུན་ལེགས་གྲུབ་ཟིན་ནས་ལོ་ཧྲིལ་པོར་སྡོང་རྐང་ཁྲི59བཙུགས་པ་དང་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི1ཟིན་ཡོད། པའེ་པང་ཤང་དང་ཞིས་ཡུན་ཡུལ་ཚོ། ཡང་ཆུ་གྲོང་རྡལ་སོགས་བྱང་རྒྱུད་ཀྱི་མཐའ་མཚམས་རི་ཁུལ་རྒྱུད་དུ་ནགས་བཟོ་གསར་པ་དང་ཕན་འབྲས་ཆུང་བའི་ནགས་ཚལ་སྒྱུར་བཀོད་བྱས་ནས་ཁྱོན་ལས་གྲྭ་མུའུ་ཁྲི2.3ལེགས་གྲུབ་བྱུང་ཡོད། སྔོ་ལྗང་ཁྱབ་ཚད་དང་མི་རེའི་ཆ་སྙོམས་སྤྱི་པའི་སྤང་ལྗོངས་རྒྱ་ཁྱོན་སོ་སོར39%དང་། 45.6%བཅས་སྨི་གྲུ་བཞི་མ14.4ཟིན་ཡོད།       

6_1 སྤྱི་ཚོགས་འགན་སྲུང་། 

སྤྱི་ལོ2013ལོའི་ཟླ6པར་ཅན་ཚའོ་ཕིང་ཆུས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་ཐེངས་ཁྲི23.4ཟིན་པ་དང་ཐེབས་རྩ་བསྡུ་ཚད་སྒོར་དུང་ཕྱུར2.6ཟིན་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་འགན་ལེན་བྱེད་ཚད་མི8893ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི3719སྤྲད་པ་དང་ཡོང་འབབ་དམའ་བའི་ཞིང་དུད་ཁྲི3.1ལ་རྡོ་སོལ་སྤྲད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི1ལྷག་གསར་སྣོན་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆ3.6ནང་ཚུན་དུ་ཚོད་འཛིན་བྱས་ཡོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི1ལྷག་ཙམ་སྐྲུན་འགོ་ཚུགས།    

6_2 འཕྲིན་གཏོང་ལས་རིགས།    

སྤྱི་ལོ2012ལོའི་བར་ཅན་ཚའོ་ཕིང་ཆུས་ཁོངས་གཏོགས་ཁུལ་གྱི་གོ་རིམ་ལྡན་པའི་ཁ་པར་ཤོང་ཚད་ཁྲི5ཡན་ཟིན་པ་དང་། སྤྱོད་མཁན་དུད་ཚང་ཁྲི4ཡོད། སྒུལ་བདེའི་ཁ་པར་སྤྱོད་མཁན་ཁྲི1ཡན་ཟིན་ཡོད་པ་རེད། ཅན་ཚའོ་ཕིང་ཆུས་ཀྱིས་སྤྱི་ལོ2004ལོར་སྤེལ་བའི་ལས་གཞིའི་ཁྲོད་སྲིད་གཞུང་གཞུང་དོན་ཐིང་དང་། ཁྲོམ་གཞུང་ཡུལ་ཚོ་དང་གྲོང་རྡལ། སྡེ་ཁུལ་བཅས་སུ་དྲ་བ་བསྐྲུན་ཟིན་པ་དང་། ཅན་ཚའོ་ཕིང་ཆུས་ཀྱིས་གཙོ་ཆེའི་དྲ་ཚིགས་ཤར་གཏོང་འགོ་ཚུགས།

6_3 འགྲིམ་འགྲུལ། 

སྤྱི་ལོ2013ལོའི་ཟླ6པའི་བར། ཅན་ཚའོ་ཕིང་ཆུས་སུ་ཤར་ནུབ་འཕྲེད་དུ་བཅད་པའི་ཞིན་ཧྭ་ཁྲོམ་གཞུང་དང་ཅིན་ཆའོ་ཁྲོམ་གཞུང་། ཤིན་ལན་ལམ་བཅས་ཡོད། ལྷོ་ནས་བྱང་དུ་ཤར་བགྲོད་ཐུབ་པའི་ཧེང་ཧྲན་ལམ་དང་པིན་ཧོ་ཤར་ངོས་ལམ། ཧི་ཕིན་བྱང་ལམ་བཅས་དང་དེ་བཞིན་ནུབ་བྱང་གི་ཕྱི་སྐོར་སོགས་ཀྱི་འགྲོ་ལམ་བཅས་ཆགས་ནས་སྲིད་འཛིན་གྲོང་ཚོ་ཁག་ཏུ་སྐྱོད་སའི་རྫོང་དང་ཡུལ་ཚོ་དག་གི་གཞུང་ལམ་དང་སྦྲེལ་ཡོད། ད་དུང་བྱང་ཐུང་ཕུའུ་དང་ཐའེ་ཀུའུ། ཐའེ་ལན་སོགས་ལྕགས་ལམ་དང་དེ་བཞིན་ནུབ་ཏུ་ལྕགས་ལམ་འགྲུལ་སྐྱེལ་བྱེད་ས་དང་། ཐའེ་ཡོན་ལྕགས་ལམ། ཐའེ་ཞིན་ལྕགས་ལམ། བྱང་དབུས་སྐོར་ལམ་སོགས་ཡོད།

6_4 ཡུལ་ལྗོངས་གྲགས་ཅན།  

ཅན་ཚའོ་ཕིང་ཆུས་ལ་བརྟེན་ནས་བསྐོར་བའི་རི་བོའི་མཛེས་ལྗོངས་ཁུལ་ལྟེ་བར་བྱས་ཏེ་ཧྥུའུ་ཧོ་གཉིས་དང་། ཐུའུ་ཡུན་ཧྲན་གྱི་མཛེས་ལྗོངས་ཁུལ་དུ་ལྷ་ཁང30 གནའ་བོའི་བང་སོ། གནའ་ཤུལ་བཅས10ལྷག་ཙམ་ཡོད། ཐའེ་ཡོན་གྱི་ཡུལ་ལྗོངས་བརྒྱད་ཅེས་པའི་ནང་གི་ཆུ་མིག གནམ་སྒོ། ཐུའུ་ཐང་གི་ཤུག་པ་མཚར་པོ། རི་ནུབ་ཀྱི་སྔོ་ཐོག་བརྩེགས་མ། ད་དུང་ཏའོ་ཧྥུ་དགོན་པ་དང་ཏའོ་རེན་དགོན་པ། ཅིན་དབྱིན་དགོན་པ། ཏུའུ་ཧྥུ་ཁང་སོགས་ཡུལ་ལྗོངས་གྲགས་ཅན་མང་ངོ་༎

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྲིད་འཛིན་རིགས་དབྱེ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-18

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།