ལིན་ཧྥུན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལིན་ཧྥུན་གྲོང་ཁྱེར།
ལིན་ཧྥུན་ནི་ཧྲན་ཞི་ཞིང་ཆེན་གྱི་མངའ་འོག་གི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཧྲན་ཞི་ཞིང་ཆེན་གྱི་ལྷོ་ནུབ་ཁུལ་དུ་གནས་པ་དང་། ཤར་དུ་ཐའེ་ཡུའེ་དང་ཁྲང་ཀྲི། ཅིན་ཁྲེང་དང་ཁྱིམ་མཚེས་ཡིན། ནུབ་ཏུ་རྨ་ཆུ་དང་ཧྲའན་ཞི་ཞིང་ཆེན་གྱི་ཡན་ཨན་དང་ཝེ་ནན་གྱི་གཙང་པོ་དང་ཕན་ཚུན་ཁ་གཏད་དུ་ཡོད། བྱང་ནི་ཧན་ཞིན་ལིན་ནས་ཅིན་ཀྲུང་དང་ལུའི་ལིའང་དང་འབྲེལ་ཡོད། ལྷོ་ནི་ཡུན་ཁྲེང་གྲོང་ཁྱེར་དང་ས་མཚམས་འབྲེལ་ནས་ཧྥེན་ཆུའི་འགྲམ་དུ་གནས་པའི་དབང་གིས་མིང་དེ་ལྟར་ཐོགས་པ་དང་། ཐན་སྐམ་ཕྱེད་ཙམ་དང་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གནས་པ་དང་། དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞིར་གསལ་བ་དང་ཆར་ཆུ་དང་ཚ་བ་ཆེ་བའི་དུས་གཅིག་ཡིན། གྲོང་ཁྱེར་ཁོངས་གཏོགས་སུ་ཆུས1དང་རྫོང14 རྫོང་རིམ་པའི་གྲོང་ཁྱེར2བཅས་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ལིན་ཧྥེན་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི448.15ཟིན་ཡོད། ལིན་ཧྥུན་གྲོང་ཁྱེར་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཧྭ་ཞ་མི་རིགས་ཀྱི་འབྱུང་གནས་གལ་ཆེན་ཞིག་དང་རྨ་ཆུའི་ཤེས་རིག་འབྱུང་གནས་ཤིག་ཡིན་པས། དེར“ཧྭ་ཞའི་གནས་ཡུལ་དང་པོ”ཞེས་འབོད་སྲོལ་ཡོད། གྲོང་ཁྱེར་དེ་ནི་ཧྭ་པེ་ས་ཁུལ་གྱི་འབྲུ་རིགས་དང་སྲིང་བལ་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་གྲོ་དང་སྲིང་བལ་འབོར་ཆེན་ཐོན་པ་སོགས་ལ“སྲིང་བལ་དང་གྲོ་ཡི་ཕ་ཡུལ”ཞེས་པ་དང“སེམས་ཀྱི་ས་ཁུལ”ཞེས་པའི་མཚན་སྙན་ཡོད། གྲོང་ཁྱེར་དེར་སྣ་མང་ཐོན་ལས་མ་ལག་ཅིག་ཆགས་པ་དེ་ནི་ཧྲན་ཞི་ཞིང་ཆེན་གྱི་ནུས་རྒྱུ་དང་བཟོ་ལས་རྟེན་གཞི་གསར་པ་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། གྲོང་ཁྱེར་དེའི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དེ་ནི་ཀྲུང་གོའི་རྡོ་སོལ་བསྲེགས་མ་གཙོ་བོའི་རྟེན་གཞི་ཆེ་གྲས་གསུམ་གྱི་གྲས་ཤིག་ཡིན་པ་དང་། གྲོང་ཁྱེར་དེར་མངོན་མིན་རིག་གནས་ཀྱི་སྣ་ཁ་མང་པོ་ཡོད་ཅིང་། ཕུའུ་ཀྲོའུ་ཡི་ཀྲེ་ཙི་དང་རྔམ་ཉམས་ལྡན་པའི་རྔ་སོགས་དམངས་ཁྲོད་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་ཡོད་པས་དེར་མེ་ཏོག་གི་ཕ་ཡུལ་བཅས་སུ་འབོད། ལིན་ཧྥུན་གྲོང་ཁྱེར་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1320.1ཟིན་པ་དེ་སྤྱི་ལོ2016ལོ་ལས5.5%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
临汾
མི་གྲངས།
ཁྲི448.15
དབྱིན་ཡིག་གི་མིང་།
Linfen City
ཡུལ་སྐད།
ཅིན་ནན་སྐད།
མིང་གཞན།
ཕིན་དབྱང་། ཝོ་ཉིའུ་ཁྲེང་། ཧྭ་ཀུའོ་ཁྲེང་།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧྲན་ཞི་ཞིང་ཆེན།
མངའ་ཁོངས།
ཆུས1དང་རྫོང14ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0357
རླངས་འཁོར་ཚབ་ཨང་།
ཅིནL
སྦྲག་སྲིད་ཨང་རྟགས།
041000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ20275ཡོད།
སྲིད་འཛིན་ས་ཁོངས་ཚབ་ཨང་།
141000
1 ​ལོ་རྒྱུས་ཀྱི་འཕེལ་རིམ།   

ལིན་ཧྥུན་ནི་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་གནས་ཀྱི་གྲས་ཤིག་ཡིན།

ཀྲོའུ་ནུབ་མའི་དུས་སྐབས་སུ། ཀྲོའུ་ཁྲེང་ཝང་གིས་དབང་དུ་བསྐོས་པའི་ཏེ་ཧྲུའུ་ཡུས་ཞེས་པ་དེ་ཡིན།

ཁྲུན་ཆིའུ་ནི་རྒྱལ་ཕྲན་རྒྱལ་པོ་ཅིན་གྱི་ཁོངས་སུ་གཏོགས་པ་དང་། ཅིན་ཝུན་ཀུང་གིས་བྱང་ཕྱོགས་སུ་བདག་དབང་བྱེད་སྐབས། ཅིན་རྒྱལ་ཁབ་ཀྱི་ལྟེ་གནས་ནི་ད་ལྟའི་ཆུས་ཝོ་དང་ཧོའུ་མ། ཞང་ཧྥུན་བཅས་ཀྱི་རྒྱུད་དུ་ཡོད།      

ཀྲན་གོའི་དུས་འགོར་ཧན་དང་། ཀྲའོ། ཝེ་བཅས“ཅིན་གསུམ་དུ་བགོས”པ་དང་། ཧན་གྱིས་རྒྱལ་ས་ཕིན་དབྱང་བཙུགས།

ཆིན་རྒྱལ་ཁབ་ཀྱིས་བགོས་སྐལ་སྤྲོད་པའི་ལམ་ལུགས་དེ་ཅུན་རྫོང་ལམ་ལུགས་སུ་བསྒྱུར་བ་དང་། རྒྱལ་ཡོངས་ཅུན36ལ་བགོས་ཤིང་། ཧོ་ཏུང་ཅུན་དུ་གཏོགས། ཧན་རྒྱལ་རབས་ནུབ་མས་རྒྱལ་ཡོངས་སུ་ཅུན103ལ་བགོས་ཤིང་། ཧོ་ཏུང་ཅུན་སི་ཡི་མངའ་འོག་ཏུ་གཏོགས།      

རྒྱལ་ཁབ་གསུམ་གྱི་ཝེ་ཀྲེང་ཀྲི་ལོ་བརྒྱད་པ(247ལོར)ཕིང་དབྱང་ཅུན་དུ་བཞག      

ཅིན་ནུབ་མའི་ཡུང་ཅ་ཁྲི་ལོ་གསུམ་ལ། ལིའུ་ཡོན་ཅན་ཧན། ཏུའུ་ཕིན་དབྱང་། ཝེ་བྱང་མའི་ཞའོ་ཁྲང་དུ་ཐང་ཀྲོའུ་རུ་བཙུགས།      

སུའེ་ཁའེ་ཧོང་གི་ཁྲི་ལོ་གསུམ་པ (583ལོར)ལིན་ཧྥུན་ཅུན་བཙུགས་པ་དང་། ལིན་ཧྥུན་ལ་མིང་ཐོབ་ནས་ད་ལྟའི་བར་དུ་བེད་སྤྱོད་བྱས།      

ཐང་རྒྱལ་རབས་ཀྱིས་ཏའོ་དང་། ཧྥུ། ཀྲོའུ། རྫོང་བཅས་ཀྱི་ལམ་ལུགས་ལག་བསྟར་བྱས་པ་དང་། ཐང་ཝུའུ་ཏེའི་ལོ་འགོར(618ལོར)ཅིན་ཀྲོའུ་ཟེར།

སུང་རྒྱལ་རབས་བྱང་མའི་ཀྲེང་ཧོ་ཁྲི་ལོ་དྲུག་པ(1116ལོ)དུས་སུ་ལིན་ཧྥུན་དང་ཧྥུན་ཞི། ཧུང་ཏུང་། ཡུའེ་དབྱང་། ཞང་ཉིང་། ཀྲའོ་ཁྲེང་། ཧུའོ་དབྱི། ཧྥུ་ཧྲན། ཧོ་ཧྲི་ཧྲི། ཧོ་ཁྲོན་བཅས་རྫོང་བཅུ་དང་། ཆི་དང་། ཅང་བཅས་ཁུལ་གསུམ་ཡོད།      

ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ་ཞིང་ཆེན་དང་། ཏོའུ། ཧྥུ། ཀྲོའུ། རྫོང་བཅས་རིམ་པ་བཞིའི་ལམ་ལུགས་ལག་བསྟར་བྱས་ཏེ། ཀྲུང་ཧྲུའུ་ཞིང་ཆེན་ཧྲན་ཞི་ནས་དྲིལ་བསྒྲགས་བྱས།      མིང་ཆིང་གིས་ཕིང་དབྱང་ཧྥུ་བསྐྱར་དུ་བཙུགས་པ་དང་། ཀྲོའུ་དང་རྫོང35ལ་སྤྱི་འདོམས་བྱས་ཤིང་། དེའི་ནང་དུ་དེང་གི་ལིན་ཧྥུན་དང་ཡུན་ཁྲེང་གྲོང་ཁྱེར་གཉིས་དང་། ཅིན་ཀྲུང་གྲོང་ཁྱེར་གྱི་ལིན་ཧྲི་རྫོང་། ལུའི་ལིའང་ས་ཁུལ་གྱི་ཧྲི་ལོའུ་རྫོང་བཅས་འདུས།      

མིན་གོའི་སྲིད་ལོ་གསུམ་པར(1914ལོར)གཞུང་ལམ་བཙུགས་ནས་ཏའོ་ཕའེ་རྫོང་དང་ལིན་ཧྥུན། ཧུང་ཏུང་། ཀྲའོ་ཁྲེང་། ཞང་ལིན། ཧྥུན་ཁྲེང་། ཆུས་ཝུའུ། ཨན་ཙེ། ཧྥུ་ཧྲན། དབྱི་ཁྲེང་། ཞང་ཉིང་། ཅི་རྫོང་། ཧུའོ་རྫོང་། ཧྥུན་ཞི། ཕུའུ་རྫོང་། ཏ་ཉིང་། ཡུང་ཧོ་སོགས་རྫོང17ཧོ་ཏུང་ཏའོ་ཡི་མངའ་འོག་ཏུ་གཏོགས་པ་རེད།     

མིན་གོའི་སྲིད་ལོ་བཅུ་དྲུག་པར(1927ལོར)ཧྲན་ཞི་ཞིང་ཆེན་གྱི་ཐད་གཏོགས་ལམ་ལུགས་མེད་པར་བཟོས་ཤིང་། འཇར་འགོག་དམག་འཁྲུག་གི་དུས་འགོར། ལིན་ཧྥུན་ནི་ཧྲན་ཞི་ཞིང་ཆེན་གྱི་སྲིད་འཛིན་ས་ཁུལ་དུ་གཏོགས།

མིན་གོའི་སྲིད་ལོ་ཉེར་དྲུག་པ་སྤྱི་ལོ1937ལོའི་ཟླ11པར་ཧྲན་ཞི་ཞིང་ཆེན་སྲིད་གཞུང་ཅི་རྫོང་དུ་སྤོས། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ཐའེ་ཡུའེ་ས་ཁུལ་དུ་གཏོགས།      

སྤྱི་ལོ1948ལོའི་ཟླ5ཚེས17ཉིན་ལིན་ཧྥུན་བཅིངས་འགྲོལ་བཏང་།      

སྤྱི་ལོ1949ལོའི་ཟླ2པར་ཧྲན་ཞིའི་ལྷོ་རྒྱུད་ས་ཁུལ་བཙུགས་ནས་ཧྲའན་ཀན་ཉིན་འབྲེལ་མཚམས་ས་ཁུལ་གྱི་སྲིད་གཞུང་གི་ཁོངས་སུ་གཏོགས་པ་དང་། ལོ་དེའི་ཟླ9ཚེས1ཉིན་ཧྲན་ཞི་ཞིང་ཆེན་གྱི་ཁོངས་སུ་བསྒྱུར།      

སྤྱི་ལོ1950ལོའི་ཟླ1པའི་ཚེས6ཉིན། ལིན་ཧྥུན་ཆེད་ཁུལ་བཙུགས།      

སྤྱི་ལོ1954ལོར་ཡུན་ཁྲེང་ཆེད་ཁུལ་དེ་ཧྲན་ཞིའི་ལྷོ་རྒྱུད་ཆེད་ཁུལ་དུ་ཟླ་སྒྲིལ་བཏང་བ་དང་དེའི་ཁོངས་སུ་རྫོང29ཡོད།      

སྤྱི་ལོ1970ལོར་ཧྲན་ཞིའི་ལྷོ་རྒྱུད་ཀྱི་ས་ཁུལ་དེ་སྔར་གྱི་སྒྲིག་གཞི་ལྟར་ལིན་ཧྥུན་དང་ཡུན་ཁྲེང་ས་ཁུལ་གཉིས་སུ་བགོས།      

སྤྱི་ལོ1978ལོར་ལིན་ཧྥུན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཙུགས་ཤིང་། དེའི་ཁོངས་སུ་ལིན་ཧྥུན་དང་ཧོའུ་མ་གྲོང་ཁྱེར2དང་རྫོང16ཡོད།      

སྤྱི་ལོ1983ལོར་ལིན་ཧྥུན་རྫོང་དང་ལིན་ཧྥུན་གྲོང་ཁྱེར་གཉིས་མཉམ་དུ་བསྲེས་ནས་ལིན་ཧྥུན་གྲོང་ཁྱེར་དུ་གྱུར།      

སྤྱི་ལོ2000ལོའི་ཟླ11ཚེས1ཉིན་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ཏེ་ས་ཁུལ་རིམ་པའི་ལིན་ཧྥུན་གྲོང་ཁྱེར3བཙུགས།      

2 སྲིད་འཛིན་ས་ཁོངས།      

སྤྱི་ལོ2017ལོའི་ཟླ6པའི་བར་ལིན་ཧྥེན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཆུས1དང་རྫོང14 རྫོང་རིམ་པའི་གྲོང་ཁྱེར2བཅས་ཡོད་ཅིང་། དེ་དག་ནི་ཡའོ་ཏུའུ་ཆུས་དང་། ཧོའུ་མ་གྲོང་ཁྱེར། ཧུའོ་ཀྲོའུ་གྲོང་ཁྱེར། ཆུས་ཝོ་རྫོང་། དབྱི་ཁྲེང་རྫོང་། ཤང་ཧྥེན་རྫོང་། ཧུང་ཏུང་རྫོང་། ཀུའུ་རྫོང་། ཨན་ཙེ་རྫོང་། ཧྥུའུ་ཧྲན་རྫོང་། ཅི་རྫོང་། ཤང་ཉིང་རྫོང་། ཏ་ཉིང་རྫོང་། དབྱི་རྫོང་། ཡུང་ཧོ་རྫོང་། ཕུའུ་རྫོང་། ཧྥན་ཤིས་རྫོང་བཅས་རེད། ཁྱོན་ཁྲོམ་གཞུང20དང་། གྲོང་རྡལ75 ཡུལ་ཚོ76(ཁྱོན་བསྡོམས171)དང་། གྲོང་མིའི་ཨུ་ཡོན་ལྷན་ཁང2957(ཁྱོན་བསྡོམས་3148)བཅས་ཡོད། གྲོང་ཁྱེར་སྲིད་གཞུང་གི་བཅའ་སྡོད་བཅིངས་འགྲོལ་ལམ་ཁྲོམ་གཞུང་སྲིད་འཛིན་ཀུང་ཧྲུའུ་སྲང་ལམ་དུ་ཡོད།

3 ས་ཁམས་ཁོར་ཡུག      
3_1 གནས་ཡུལ།     

ལིན་ཧྥུན་གྲོང་ཁྱེར་ནི་ཧྲན་ཞི་ཞིང་ཆེན་གྱི་ལྷོ་ནུབ་ཕྱོགས་སུ་གནས་པ་དང་། ཤར་དུ་ཐའེ་ཡུའེ་དང་ཁྲང་ཀྲི། ཅིན་ཁྲེང་དང་ཁྱིམ་མཚེས་ཡིན། ནུབ་ངོས་རྨ་ཆུའི་འགྲམ་དུ་སླེབས་སྐབས་ཧྲའན་ཞི་ཞིང་ཆེན་དང་ཁ་བྲལ་ཞིང་། བྱང་ཧན་ཞིན་ལིན་ནས་ཅིན་ཀྲུང་དང་ལུའི་ལིའང་དང་འབྲེལ་ཡོད། ལྷོ་ཡུན་གྲོང་ཁྱེར་དང་ས་མཚམས་འབྲེལ་ཞིང་། ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག35°23′~36°57དང་ཤར་གྱི་གཞུང་ཐིག110°22~112°34བར་ཡིན། ལྷོ་བྱང་གི་གཞུང་ཐག་ཆེ་ཤོས་ལ་སྤྱི་ལེ་གྲུ་བཞི་མ170ལྷག་དང་ཤར་ནུབ་ཀྱི་འཕྲེད་ཐག་ཆེ་ཤོས་ལ་སྤྱི་ལེ200དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ20275ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆ13ཟིན་ཡོད། ལིན་ཧྥུན་ནི་ཤར་ནས་ལེ་ཧོ་ལ་ཐུག་ཡོད་པ་དང་། ནུབ་ནས་ཧོ་ཧྥུན་དང་འབྲེལ་ཞིང་། ལྷོ་ནས་ཆིན་ཧྲུའུ་ལ་ཐོན། བྱང་ནས་ཡའོ་ལ་འབྱོར་ཞེས་པ་ལྟར། ས་ཁམས་གནས་བབ་གལ་ཆེན་ཡིན་ལ། གནའ་བོའི་དུས་སུ་དམག་མིས་ངེས་པར་དུ་བརྩོན་ལེན་བྱེད་དགོས་པའི་གནས་གལ་ཆེན་ཞིག་ཡིན།

3_2 ས་དབྱིབས།      

ལིན་ཧྥུན་གྲོང་ཁྱེར་གྱི་ས་དབྱིབས་རགས་དབྱིབས་ནི་ཕལ་ཆེར“ཀོང”དབྱིབས་ཀྱི་ཁྱབ་ཚུལ་ཡིན་ཞིང་། ཕྱོགས་བཞི་རི་བོ་བསྐོར་བ་དང་དཀྱིལ་གྱི་བདེ་ཐང་ཡིན། ས་ཁོངས་ཡོངས་ལ་རི་ཁུལ་དང་རི་མ་ཐང་། གཤོང་ས་བཅས་ས་དབྱིབས་ཀྱི་སྡེ་ཚན་ཆེན་པོ་གསུམ་ཡོད། དེའི་ནང་ཕིང་ཁྲོན་གྱི་རྒྱ་ཁྱོན་ལ9.4%དང་། རི་མ་ཐང་གི་རྒྱ་ཁྱོན51.4% རི་ཁུལ་གྱི29.2%བཅས་བཟུང་ཡོད། ལིན་ཧྥུན་གཤོང་ས་ནི་ལིན་ཧྥུན་གྲོང་ཁྱེར་གྱི་དཀྱིལ་དུ་ཆགས་ཡོད་པ་དང་། ཁྱོན་ཡོངས་ནས་འབུར་བས་མཐོ་སྒང་ཤར་ནུབ་གཉིས་སུ་དབྱེ་ཡོད། ཤར་རྒྱུད་ནི་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་ཐའེ་ཡུའེ་རི་བོ་དང་ཀྲུང་ཐིའོ་རི་བོ་ཡིན་པ་དང་། ནུབ་རྒྱུད་ནི་ལུའི་ལེང་རི་རྒྱུད་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1000ཡན་ཡོད། ས་བབ་མཐོ་ཚད་སྨི2346.8ཟིན་པ་དང་ཤང་ཉིང་རྫོང་གི་ཧྲི་ཅ་ཐན་དམའ་ཤོས་ཡིན་པ། ས་བབ་མཐོ་ཚད་སྨི385.1ཟིན། མངའ་ཁོངས་སུ་རྨ་ཆུ་དང་ཧྥུན་ཧོ་ཆུ་བོ། ཞིན་ཧྲུའེ་ཆུ་བོ། ཆིན་ཧོ་ཆུ་བོ། ཨོ་ཧོ་ཆུ་བོ། ཆིན་ཧྲུའེ་ཆུ་བོ་བཅས་ཆུ་བོ7ཡོད།

3_3 ནམ་ཟླ།     

ལིན་ཧྥུན་གྲོང་ཁྱེར་ནི་ཐན་སྐམ་ཕྱེད་ཙམ་དང་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གནས་པ་དང་། དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དུས་བཞིར་གསལ་བ་དང་ཆར་ཆུ་དང་ཚ་བ་ཆེ་བའི་དུས་གཅིག་ཡིན། དྲོད་ཚད་ཀྱི་ཁྱད་ཆོས་ནི་དགུན་གྲང་དབྱར་དྲོད། གྲོང་ཁྱེར་ཡོངས་ཀྱི་གནམ་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ནི། དགུན་དུས་གྲང་ངར་དང་སྐམ་ཤས་ཆེ་བ་དང་ཁ་བ་ཉུང་བ་དང་། དཔྱིད་དུས་ཐན་པ་ཆེ་ཞིང་རླུང་བུ་ལྡང་བ། སྟོན་དུས་ཆར་པ་ཟིམ་ཟིམ་འབབ་པ་དང་དབྱར་དུས་ཚ་བ་ཆེ་བ། ཆར་བ་འབབ་དུས་ཆར་ཞོད་ཆེ་ཞིང་། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་པའི་དུས་ཚོད་ནི1748.4ནས2512.6བར་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད9.0ནས12.9℃བར་དང་། ཆར་ཆུ་འབབ་ཚད་ཧའོ་སྨི420.1ནས550.6བར་ཡིན། སད་མེད་དུས་ཡུན་ཉིན127ནས280བར་ཡིན། གྲོང་ཁྱེར་ཡོངས་ཀྱི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི756.0ཟིན།

4 རང་བྱུང་ཐོན་ཁུངས།      
4_1 ས་ཞིང་ཐོན་ཁུངས།      

ལིན་ཧྥུན་གྲོང་ཁྱེར་གྱི་ས་ཆའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ20275ཡོད་པ་དང་། ས་དབྱིབས་སྤྱིའི་ཆ་ནས“ཀོང”ཞེས་པའི་ཡི་གེ་ལྟར་ཁྱབ་ཡོད་ཅིང་། ཕྱོགས་བཞི་རི་བོས་བསྐོར་ཡོད་པ་དང་དཀྱིལ་བདེ་ཐང་ཡིན་ལ། མངའ་ཁོངས་ཡོངས་ལ་རི་ཁུལ་དང་རི་མ་ཐང་། གཤོང་ས་བཅས་ས་དབྱིབས་སྡེ་ཚན་ཆེན་པོ་གསུམ་ཡོད་པ་དང་། ལིན་ཧྥུན་གཤོང་ས་དེ་ལིན་ཧྥུན་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཆགས་ཡོད་པས་ཁྱོན་ཡོངས་འབུར་པའི་མཐོ་སྒང་ཤར་ནུབ་གཉིས་སུ་ཕྱེ་ཡོད། ཤར་རྒྱུད་ནི་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་ཐའེ་ཡུའེ་རི་བོ་དང་ཀྲུང་ཐིའོ་རི་བོ་ཡིན་པ་དང་། ནུབ་རྒྱུད་ནི་ལུའི་ལིའང་རི་རྒྱུད་ཡིན། དེའི་ནང་ཕིང་ཁྲོན་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ3933.4ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི19.4%བཟུང། རི་མ་ཐང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ10421.4ཟིན། སྤྱིའི་རྒྱ་ཁྱོན་གྱི51.4%བཟུང། རི་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ5920.2ཟིན། སྤྱིའི་རྒྱ་ཁྱོན་གྱི29.2%བཟུང། ཆུ་དང་ཚ་བའི་ཆ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པས་ལིན་ཧྥེན་གྲོང་ཁྱེར་གྱི་ས་རྒྱུ་སྐྱེ་འཚར་ཅུང་ཆ་ཚང་བ་དང་། ལྗིད་ཚད་ཆེ་བའི་འབྱར་འགྱུར་རིམ་པ་ཆགས་པ། འཚོ་བཅུད་འདུས་ཚད་ཅུང་ཕུན་སུམ་ཚོགས་པ། ས་རྒྱུད་རང་བཞིན་གྱི་ས་རྒྱུའི་རིགས་ནི་ས་སེར་ཡིན་པ་གཞན་ད་དུང་རྩྭ་ཐང་གི་སྤང་ལྗོངས་སོགས་རིགས་འགའ་ཡོད། གྲོང་ཁྱེར་ཡོངས་ཀྱི་ཐོན་འབབ་བརྟན་ལ་ཐོན་ཚད་མཐོ་ལ་ས་རྒྱུ་གཤིན་པའི་རྨོ་ཞིང་ཁྱབ་ཚུལ་གཅིག་སྡུད་ཡིན་ཞིང་།    

4_2 ཆུའི་ཐོན་ཁུངས།     

ལིན་ཧྥུན་གྲོང་ཁྱེར་དུ་ཆུ་བོ་ཆེ་ཆུང200ལྷག་ཡོད་པ་ཚང་མ་རྨ་ཆུའི་ཆུ་ལག་ཏུ་གཏོགས། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1000ཡན་ཡོད་པའི་རྨ་ཆུའི་གཞུང་རྒྱུན་དང་། ཧྥུན་ཧོ་གཙང་པོ། ཆིན་ཧོ་ཆུ་བོ་བཅས་ཡོད། རྨ་ཆུའི་གཞུང་རྒྱུན་ནི་ལིན་ཧྥུན་གྲོང་ཁྱེར་གྱི་ནུབ་ངོས་སུ་གནས་པ་དང་། ཅིན་དང་ཆིན་གྱི་རང་བྱུང་དབྱེ་མཚམས་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ174ཡོད་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7738ཡོད། ཧྥུན་ཧོ་ཆུ་བོ་ནི་མངའ་ཁོངས་ཡོངས་ཀྱི་དབུས་ཁུལ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ10310ཡོད་པ་དང་ལིན་ཧྥུན་གྱི་ཆུ་བོ་ཆེ་ཤོས་ཡིན། ཆིན་ཧོ་ཆུ་བོ་ནི་ལིན་ཧྥུན་གྱི་བྱེ་ཚད་ཆེས་ཆུང་བའི་ཆུ་བོའི་མ་ལག་ཡིན་པ་དང་། དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ95དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1955ཡོད། བཞུར་རྒྱུན་ནི་དུས་ཚིགས་རང་བཞིན་གྱི་བཞུར་རྒྱུན་གཙོ་བོ་ཡིན་ལ། བཞུར་ཚད་མང་ཆེ་བ་ནི་ཆུ་བྲུག་པའི་དུས་ཀྱི་ཟླ6-9བར་ཡིན། དེའི་ཕྱིར་ཆར་དུས་སུ་ཆུ་ལོག་ཕྱིར་འབུད་དང་ཐན་དུས་སུ་ཆུ་ཆད་པ་ཡིན། ས་ཁོངས་ཁྱབ་ཚུལ་ཐད་རི་ཁུལ་དེ་ཕིན་ཁྲོན་ལས་ཆེ་བ་དང་ཤར་རི་ཞི་ཧྲན་ལས་ཆེ་བ་ཡོད། ལིན་ཧྥེན་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར15.2ཟིན་པ་དེའི་ནང་ཆུ་བོའི་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར13.2ཟིན་པ་དང་ས་འོག་ཆུའི་ཐོན་ཁུངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར10.26ཟིན་ཡོད།

4_3 གཏེར་རྫས་ཐོན་ཁུངས།   

ལིན་ཧྥུན་གྲོང་ཁྱེར་གྱི་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ཅིང་། རྩད་ཆོད་ཐུབ་པའི་གཏེར་རིགས38ལྷག་ཙམ་ཡོད་པའི་ནང་འབུད་རྫས་གཏེར་ཁ་རིགས2དང་། ལྕགས་རིགས་གཏེར་ཁ་རིགས12ལྕགས་རིགས་མིན་པའི་གཏེར་རྫས་རིགས24བཅས་ཡོད་པ་དང་། རྡོ་སོལ་དང་ལྕགས། རྡོ་ཅུ་གང་། རྡོ་ཐལ་བྲག་རྡོ། བྲག་དཀར། རྡོ་ཀ་མ་རུ། རྡོ་ཀ་མ་རུའི་བྲག་རྡོ་སོགས་ཞིང་ཆེན་ནང་ཁུལ་དང་རྒྱལ་ཡོངས་སུ་གནས་བབ་གལ་ཆེན་བཟུང་ཡོད། གཏེར་ཁའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་ལེགས་ཆ0.73ཟིན་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར11ཁྲོད་ཨང་གཉིས་པར་སླེབས་ཡོད། རྡོ་སོལ་ནི་གྲོང་ཁྱེར་ཡོངས་ཀྱི་གཏེར་ཁའི་ཐོན་ཁུངས་ཆེ་ཤོས་དང་པོ་དེ་ཡིན་པ་དང་རྩད་ཆོད་གསོག་ཚད་ཏུན་དུང་ཕྱུར398ཟིན་ནས་ཞིང་ཆེན་ཡོངས་ཀྱི14%བཟུང་ཡོད། རྡོ་སོལ་གཙོ་བོ་སྲེག་སོལ་གཙོ་བོ་དང་སོལ་རླངས་རྡོ་སོལ་ཡིན་ཞིང་། གཏེར་ཁའི་ཐོན་ཁུངས་ཆེ་གྲས་གཉིས་པ་དེ་ཡིན་པ་དང་སྤྱིའི་གསོག་ཚད་ཏུན་དུང་ཕྱུར4.2ཟིན་པའི་ནང་ལྕགས་ཁབ་ལེན་གཏེར་ཁའི་གསོག་ཚད་ཏུན་དུང་ཕྱུར1.8ཟིན་ནས་གཏེར་རྡོ་སྤུས་ལེགས་ཀྱི་བསྡུར་ཚད་མཐོ་བ་དེས་ཞིང་ཆེན་ཡོངས་ཀྱི་གཏེར་རྡོ་སྤུས་ལེགས་ཀྱི70%ཡན་བཟུང་ཡོད། རྡོ་ཀ་མ་རུའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1.5ཟིན་པ་དང་། རྡོ་དཀར་གོང་གསོག་ཚད་ཏུན་ཁྲི2000ཟིན། རྡོ་ཅུ་གང་གི་གསོག་ཚད་ཏུན་དུང་ཕྱུར234ཟིན་པ་བཅས་དེར“སྤྱོད་མཁོ་ཆེ་བའི་རིགས་ཆིག་སྟོང་ཡོད་པའི”ས་སོབ་སོབ་དེ་གྲོང་ཁྱེར་དེ་གའི་ཡུང་ཧོ་རྫོང་དང་ཏ་ཉིང་རྫོང་། ཅི་རྫོང་བཅས་སུ་ཁྱབ་ཡོད། སྤྱི་ལོ2011ལོར་གྲོང་ཁྱེར་ཡོངས་ཀྱི་མ་བཅོས་རྡོ་སོལ་ཐོན་ཚད་ཏུན་ཁྲི4813ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི5%བཟུང་བ་དང་། རྡོ་སོལ་བསྲེགས་མ་ཐོན་ཚད་ཏུན་ཁྲི1920ཟིན་ནས་ཞིང་ཆེན་ཡོངས་ཀྱི21.2%བཟུང། ཁྲོ་ལྕགས་ཐོན་ཚད་ཏུན་ཁྲི1053.7ཟིན་པ་དེས་ཞིང་ཆེན་དེ་ཡོངས་ཀྱི27.96%བཟུང་། ངར་ལྕགས་ཐོན་ཚད་ཏུན་ཁྲི864.4ཟིན་ནས་ཞིང་ཆེན་ཡོངས་ཀྱི24.77%བཟུང་ཡོད།

4_4 སྐྱེ་དངོས་ཐོན་ཁུངས།

ལིན་ཧྥེན་གྲོང་ཁྱེར་གྱི་རྩི་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཞིང་ལས་སྐྱེ་དངོས་ཕུད་ད་ཆ་བརྟག་དཔྱད་ཐུབ་པའི་ས་བོན་རྩི་ཤིང་རིགས606ཡོད་པ་དེ་དག་ཚན97དང་རིགས386ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི་རྩི་ཤིང་ཁུལ་ཚན་ཁག་གི་སྤྱིའི་གྲངས་ཚད་ཀྱི62.1%བཟུང་བ་དང་། སྤྱི་ཁྱབ་གྲངས་ཀྱི81.7%དང་ཁོངས་གཏོགས་གྲངས་ཀྱི79.3%བཟུང་ཡོད། རྩི་ཤིང་གི་ཁྱབ་སྟངས་སྟེང་ཤར་ལྷོའི་རི་ཁུལ་གྱི་རི་མ་ཐང་དུ་ཕེད་རིགས་ཀྱིས་གནས་བབ་ཡག་པོ་བཟུང་ཡོད་པ་དང་། ཤར་རྒྱུད་རི་ཁུལ་དུ་ཐང་ཤིང་གཙོ་བོར་བྱེད་པ། ཐའེ་ཡུའེ་རི་ཁུལ་དུ་ཐང་ཤིང་དང་བེ་ཤིང་རིགས་གཙོ་བོར་འཛིན་པ། ནུབ་རྒྱུད་ཀྱི་ས་སེར་རི་མ་ཐང་གི་སྔོ་ཁེབས་ཁུལ་དུ་ཤུག་པ་དང་ཚོས་སེར་གཙོ་བོ་ཡིན། ལིན་ཧྥུན་ནགས་ཚལ་གྱི་རྒྱ་ཁྱོན་ཅུང་ཞན་པ་དང་གྲོང་ཁྱེར་ཡོངས་སུ་ནགས་ཚལ་ཁྱབ་ཚད28.9%ཟིན་ཡོད། དེའི་ནང་རང་བྱུང་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི34.44དང་། མིས་བཟོས་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི20.03 ཤིང་ཆ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི1675.14བཅས་ཡོད་པ་རེད།

5 མི་འབོར། 

སྤྱི་ལོ2017ལོའི་ལོ་མཇུག་བར་ལིན་ཧྥེན་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི448.15ཟིན་པ་དེ2016ལོའི་ལོ་མཇུག་ལས་མི་ཁྲི2.35འཕར་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་གསར་སྐྱེས་མི་འབོར་ཁྲི4.77ཟིན་པ་དང་མི་འབོར་སྐྱེ་ཚད10.68%ཟིན་པ། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི2.42དང་ཚེ་ལས་འདས་ཚད5.42%ཟིན། རང་བྱུང་འཕར་ཚད་བརྒྱ་ཆ5.26ཡིན། མི་འབོར་གྱི་ཕོ་མོའི་བསྡུར་ཚད་ནི་103.18ཡིན།

6 མི་རིགས།

ལིན་ཧྥུན་གྲོང་ཁྱེར་དུ་གྲངས་ཉུང་མི་རིགས28དང་མི་གྲངས་ཆིག་ཁྲི་ལྷག་ཡོད་ཅིང་། དེ་དག་ནི་ཧུའེ་རིགས་དང་མན་ཇུ་རིགས། ཐུའུ་ཅ་རིགས། སོག་རིགས། མིའོ་རིགས། ཀྲོང་རིགས། ཁྲའོ་ཞན་རིགས། དབྱིས་རིགས། པུའུ་དབྱི་རིགས། པའེ་རིགས། ཡུ་གུར་རིགས། མུའུ་ལའོ་རིགས། ཧྲེ་རིགས། བོད་རིགས། ལི་རིགས། ཏུང་རིགས། ཡའོ་རིགས། ཐ་ཅི་ཁེ་རིགས། ཀེ་ལའོ་རིགས། ཏ་ཝོར་རིགས། ལ་ཧུའུ་རིགས། དབའ་རིགས། ཧ་ཉི་རིགས། ཧོར་རིགས། ཞི་པོ་རིགས། ལི་སུའུ་རིགས། ཆའང་རིགས། ཅིན་ཕོ་རིགས་ཆོགས་ཡོད།

7 དཔལ་འབྱོར།

སྤྱི་ལོ2017ལོར་ལིན་ཧྥུན་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1320.1ཟིན་པ་དེ་སྤྱི་ལོ2016ལོ་ལས5.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར94.7ཟིན་ནས3.1%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི7.2%བཟུང། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར611.2ཟིན་ནས3.0%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད46.3%བཟུང། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར614.2ཟིན་ནས8.6%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད46.5%ཟིན་ཡོད། ཐོན་ལས་གསུམ་པའི་ནང་ས་ཁང་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར66.6ཟིན་ནས5.2%འཕར། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར81.0ཟིན་ནས4.8%འཕར། འགྲིམ་འགྲུལ་སྐྱེལ་འདྲེན་དང་མཛོད་ཉར། སྦྲག་ལས་བཅས་ཀྱི་འཕར་ཐང་སྒོར་དུང་ཕྱུར97.5ཡིན་པས11.2%འཕར། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར29534ཟིན་པ་དེ་སྤྱི་ལོ2017ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར4372ཟིན་ཡོད། 

སྤྱི་ལོ2017ལོར་ལིན་ཧྥེན་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི5.31གསར་དུ་ལས་ཞུགས་ཐུབ་ཡོད་ཅིང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཁྲི5.75སྤོ་སྒྱུར་བྱས་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.93%ཟིན་ནས4.2%ཀྱི་དམིགས་ཚད་ཁྱབ་ཁོངས་ནང་ཚོད་འཛིན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང2016ལོ་ལས0.4%འཕར་བ་དེའི་ནང་བཟའ་བཅའི་རིན་གོང2.8%མར་ཆག་ཡོད། བཟོ་ལས་ཐོན་སྐྱེད་བྱེད་མཁན་བཟོ་གྲྭ་ནས་ཐོན་པའི་རིན་གོང་བརྒྱ་ཆ28.3འཕར་བ་དེའི་ནང་ཐོན་སྐྱེད་རྒྱུ་ཆས་ཀྱི་རིན་གོང་བརྒྱ་ཆ28.9འཕར་བ་དང་། འཚོ་བའི་རྒྱུ་ཆས་ཀྱི་རིན་གོང་བརྒྱ་ཆ0.8མར་ཆག་ཡོད། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་རིན་གོང22.4%འཕར་ཡོད།

སྤྱི་ལོ2017ལོར་ལིན་ཧྥེན་གྲོང་ཁྱེར་གྱི་སྒུལ་ནུས་གསར་པ་མཚོན་པའི་བཟོ་ལས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས། ལག་རྩལ་མཐོ་བའི་ཐོན་ལས་བཅས་ཀྱི་རིན་ཐང་འཕར་མ་སོ་སོར55.1%དང་། 63.9%46.3%བཅས་འཕར་ནས་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་ཚད་བརྒྱ་ཆའི་གྲངས1.8དང་། 2.10.3བཅས་ཡིན་པ་རེད། གྲོང་ཁྱེར་ཡོངས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར263.8བཏང་ནས13.1%འཕར་ཡོད། དེའི་ནང་ནུས་རྒྱུ་གསར་པའི་ཐོན་ལས་ལྡབ1.2འཕར་བ་དང་། རྒྱུ་ཆ་གསར་པའི་ཐོན་ལས78.7%འཕར། ནུས་ཁུངས་གསར་པའི་རླངས་འཁོར་ལྡབ2.4འཕར། ལག་རྩལ་མཐོ་བའི་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར33.9བཏང་ནས་བརྒྱ་ཆ38.4འཕར་ཡོད། དེའི་ནང་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ལ་མ་དངུལ་འཇོག་གྲངས་བརྒྱ་ཆ53.4འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་བཅད་གྲངས་ཡན་གྱི་སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱིས་དྲ་སྦྲེལ་ལ་བརྟེན་ནས་ཚོང་ཟོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར1.3ཟིན་ནས51.9%འཕར་ཡོད། 

སྤྱི་ལོ2017ལོར་ལིན་ཧྥེན་གྲོང་ཁྱེར་གྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར97.1ཟིན་པ་དེ་སྤྱི་ལོ2016ལོ་ལས12.9%འཕར་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར71.8ཟིན་ནས43.0%འཕར་བ་དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ནང་བཟུང་བའི་བསྡུར་ཚད74.0%ཟིན་ནས་སྤྱི་ལོ2016ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས15.6མཐོ་རུ་ཕྱིན་ཡོད་པ་རེད། སྤྱི་ལོ2017ལོར་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར1545.8བྱུང་ནས23.4%འཕར། ཁེ་སྤོགས་སྒོར་དུང་ཕྱུར107.9བྱུང་ནས་སྒོར་དུང་ཕྱུར111མང་དུ་སོང་ནས་སྤྱི་ལོ2011ལོ་ཚུན་གྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད། 

སྤྱི་ལོ2017ལོར་ལིན་ཧྥེན་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར335ཟིན་ནས7.2%འཕར་ཡོད། དེའི་ནང་ཚན་རིག་ལག་རྩལ་གྱི་གཏོང་སྒོ་བརྒྱ་ཆ76.6འཕར་བ་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཏོང་སྒོ་བརྒྱ་ཆ19.0འཕར། ཞིང་ནགས་ཆུ་གསུམ་གྱི་ལས་དོན་གཏོང་སྒོ་བརྒྱ་ཆ18.7འཕར། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏོང་སྒོ་བརྒྱ་ཆ8.5འཕར། སྤྱི་ཚོགས་འགན་སྲུང་གི་ལས་ཞུགས་གཏོང་སྒོ་བརྒྱ་ཆ7.5འཕར། སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་བརྒྱ་ཆ5.7འཕར་ཡོད།

སྤྱི་ལོ2017ལོར་ལིན་ཧྥེན་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར578.9ཟིན་ནས6.9%འཕར་ཡོད། ཐོན་ལས་གསུམ་པ་ནས་བལྟས་ན་ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར44.8བཏང་ནས10.5%མར་ཆག་པ་དང་། ཐོན་ལས་གཉིས་པའི་མ་འཇོག་སྒོར་དུང་ཕྱུར230.4ཟིན་ནས11.0%འཕར། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར303.7བཏང་ནས2.5%འཕར་ཡོད། བཟོ་ལས་ཐད་མ་དངུལ་སྒོར་དུང་ཕྱུར230.6བཏང་ནས9.7%འཕར། བཟོ་ལས་ལག་རྩལ་བསྒྱུར་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར103.6བཏང་ནས་ལྡབ1.7འཕར་ཡོད། 

སྤྱི་ལོ2017ལོར་ལིན་ཧྥེན་གྲོང་ཁྱེར་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18764ཟིན་པ་དེ་སྤྱི་ལོ2016ལོ་ལས7.6%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར28873ཟིན་ནས6.6%འཕར་བ་དང་། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར10742ཟིན་ནས7.4%འཕར་ཡོད། གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར10827ཟིན་པ་དེ་སྤྱི་ལོ2016ལོ་ལས7.9%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར14665ཟིན་ནས9.5%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར8157ཟིན་ནས6.4%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་གྲོང་མིའི་ཡོང་འབབ་རིམ་པ་ལྔ་ལྟར་ཚོགས་ཆུང་ཁག་བགོས་བྱས་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཚོགས་ཆུང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13203ཟིན་ནས9.1%འཕར། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་ཆུང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར3996ཟིན་ནས15.5%འཕར་ཡོད།

8 སྤྱི་ཚོགས་ལས་རིགས།
8_1 ལག་རྩལ།

སྤྱི་ལོ2017ལོར་ལིན་ཧྥེན་གྲོང་ཁྱེར་གྱི་གསར་གཏོད་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད821ཟིན་པ་དེ་སྤྱི་ལོ2016ལོ་ལས30.9%འཕར་ཡོད། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ500ཡོད་པ་དང་མི་ཁྲི་རེར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་དབང་ཚད1.12ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ཁེ་ལས187གྱི་ཐོན་རྫས་དང་ཚོང་ཟོག14ལ་ལྟ་སྐུལ་བྱས་པ་རེད། གྲོང་ཁྱེར་ཡོངས་སུ་ཁྱོན་ཁྲིམས་བཀོད་ཚད་འཇལ་ལག་རྩལ་སྒྲིག་གཞི22ཡོད་པ་དང་ལོ་ཧྲིལ་པོར་བཙན་ཤེད་ཀྱིས་དཔྱད་ཞིབ་གཏན་འཁེལ་བྱས་པའི་ཚད་འཇལ་ཡོ་བྱད་ཁྲི27.57ཡོད་པ་རེད། སྤྱི་ལོ2017ལོའི་ལོ་མཇུག་བར་ལིན་ཧྥེན་གྲོང་ཁྱེར་དུ་གནམ་གཤིས་ལས་ཁུངས(ས་ཚིགས)17ཡོད་པ་དང་། གནམ་གཤིས་མ་ལག་གིས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་གཏོང་བའི་ལས་སྒོ་གཉེར་མཁན་ཚན་པ17ཡོད་པ་དང་སེར་བ་འགོག་པ་དང་ཆར་པ་མང་དུ་བཏང་བར་ཕན་པ་ཐོབ་པར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི2ཟིན་ཡོད།

8_2 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་བར་ལིན་ཧྥེན་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི4856ཡོད་པའི་ནང་མ་བུ་བདེ་སྲུང་ཁང18ཡོད། གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་སྒྲིག་གཞིར་ཉལ་ཁྲི་ཁྲི2.07ཡོད་པ་དེའི་ནང་སྨན་ཁང་གི་ཉལ་ཁྲི་ཁྲི1.61ཟིན་པ་དང་འཕྲོད་བསྟེན་ཁང་གི་ཉལ་ཁྲི3972ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ་ཁྲི2.49ཡོད། 

8_3 ལུས་རྩལ་བྱ་གཞག

སྤྱི་ལོ2017ལོར་ཧྲན་ཞི་ཞིང་ཆེན་གྱི་སྐབས་བཅོ་ལྔ་པའི་ལུས་རྩལ་འགྲན་ཚོགས་ཁྲོད་སྤྱི་ལོ2017ལོའི་ཐོབ་ཐང་འགྲན་བསྡུར་ཐོག་ལིན་ཧྥེན་གྲོང་ཁྱེར་གྱི་ལུས་རྩལ་འཐུས་མི་ཚོགས་པས་རྣམ་གྲངས15ལ་ཞུགས་ནས་གསེར་གྱི་རྟགས་མ26དང་། དངུལ་གྱི་རྟགས་མ38 ཟངས་ཀྱི་རྟགས་མ48བཅས་ཐོབ་པ་དང་སྤྱིའི་སྐར་གྲངས1367.5ཟིན་ཡོད་པ་རེད། ལོ་ཧྲིལ་པོར་ལུས་རྩལ་རྒྱན་ཤོག་སྒོར་དུང་ཕྱུར3.13བཙོངས་པ་དེ་སྤྱི་ལོ2016ལོ་ལས49.8%འཕར། 

8_4 སྤྱི་ཚོགས་འགན་སྲུང་། 

སྤྱི་ལོ2017ལོའི་ལོ་མཇུག་བར་ལིན་ཧྥེན་གྲོང་ཁྱེར་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི255.68ཟིན་པ་དེ་སྤྱི་ལོ2016ལོའི་ལོ་མཇུག་ལས་མི་ཁྲི3.58འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི195.60ཟིན་ནས་མི་ཁྲི1.14མང་དུ་ཕྱིན། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི395.55ཟིན། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི34.7ཟིན་ནས་མི428མང་དུ་ཕྱིན། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི51.05ཟིན་ནས་མི་ཁྲི0.22མང་དུ་ཕྱིན་པ་དེའི་ནང་ཞིང་པ་ལས་མི་ཁྲི23.72ཡོད་པ་དང་མི་ཁྲི0.21མང་དུ་ཕྱིན། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི39.70ཟིན་ནས་མི532ཉུང་དུ་ཕྱིན་ཡོད་པ་རེད།      སྤྱི་ལོ2017ལོར་ལིན་ཧྥེན་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་པའི་གྲོང་མི་ཁྲི4.74ལ་སླེབས་ཤིང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་པའི་གྲོང་མི་ཁྲི7.85ལ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི25799.4སྤྲད་པ་དེ་སྤྱི་ལོ2016ལོ་ལས་སྒོར་ཁྲི2374.9མང་དུ་ཕྱིན་ཡོད་པ་རེད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་རྒན་གསོ་རང་བཞིན་གྱི་ཚན་པ་ཁག་གི་ཉལ་ཁྲི5796ཡོད་པ་དང་རྒན་གསོ་མི་གྲངས2445ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་སྡེ་ཁུལ་གྱི་ཞབས་ཞུའི་ལས་ཁུངས་སྣ་ཚོགས406བཙུགས་ཡོད་ཅིང་། ལོ་ཧྲིལ་པོར་སྤྱི་ཚོགས་ཕན་བདེའི་རྒྱན་ཤོག་སྒོར་དུང་ཕྱུར4.32བཏང་ནས་སྤྱི་ཚོགས་ཀྱི་ཞལ་འདེབས་དངུལ་སྒོར་ཁྲི75.6བཏང་ཡོད། 

9 འགྲིམ་འགྲུལ།      

སྤྱི་ལོ2017ལོའི་ལོ་མཇུག་བར་ལིན་ཧྥེན་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ18787ཟིན་པའི་ནང་མྱུར་བགྲོད་གཞུང་ལམ་སྤྱི་ལེ518ཟིན་པ་དེ་སྤྱི་ལོ2016ལོའི་ལོ་མཇུག་དང་མཉམ་པ་རེད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་དམངས་སྤྱོད་རླངས་འཁོར་ཁྲི59.2ཟིན་པ་དེ་སྤྱི་ལོ2016ལོའི་ལོ་མཇུག་ལས15.6%འཕར་བའི་ནང་སྒེར་གྱི་རླངས་འཁོར་ཁྲི53.7ཟིན་ནས14.7%འཕར། ད་ལོར་གསར་དུ་ཐོ་འགོད་བྱས་པའི་རླངས་འཁོར་ཁྲི8.0ཡོད་པ་དེ་ལོ་སྔོན་མ་དང19.4%འཕར་ཡོད། ལོ་མཇུག་ཏུ་མི་བཞུགས་རླངས་འཁོར་ཁྲི38.2ཟིན་པ་དེ་སྤྱི་ལོ2016ལོའི་ལོ་མཇུག་ལས14.0%འཕར་བའི་ནང་སྒེར་གྱི་མི་བཞུགས་རླངས་འཁོར་ཁྲི36.6ཟིན་ནས14.6%འཕར་ཡོད་པ་རེད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-19

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།