ཅིན་ཁྲེང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིན་ཁྲེང་གྲོང་ཁྱེར།
ཅིན་ཁྲེང་གྲོང་ཁྱེར་ནི་ཧྭ་ཞ་རིག་གནས་འབྱུང་གནས་ཀྱི་གྲས་ཤིག་ཡིན་པ་དང་། དེ་རུ་ཀའོ་ཏུའུ་གནའ་ཤུལ་དང་ཐ་ཧྲུའེ་གཙང་པོ། ཞ་ཁྲོན་སོགས་མིའི་རིགས་ཀྱི་གནའ་ཤུལ་བཞག་ཡོད། ཡུས་ཁྲུའུ་ཧྲི་མོན། ཧྲང་ཐང་ཆན་ཡུས་སོགས་ལྷ་སྒྲུང་གི་འབྱུང་གནས་དང་། བླ་མ་ཆེན་པོ་ཧུའེ་ཡོན། ཁྲེན་ཀོན་ཡན། ཝང་གོ་ཀོང་། ཁྲེན་ཐིན་ཅིན་སོགས་མི་གྲགས་ཅན་གྱི་ཕ་ཡུལ་ཡིན། གྲོང་ཁྱེར་ཡོངས་ཀྱི་རིག་དངོས་བསྡོམས་འབོར6767ཟིན་པ་དེའི་ནང་རྒྱལ་ཁབ་ཀྱི་གཙོ་གནད་རིག་གནས་སྲུང་སྐྱོང་ཚན་པ66ཡོད་པ་རེད། དེའི་ཁོངས་སུ་ཡེ་ཏི་ལྷ་ཁང་དང་ཆིན་ལེན་དགོན། ཁྲུང་ཧྲོའུ་དགོན། ཡུས་ཧོང་དགོན། དབྱང་ཨ་གནའ་གྲོང་། ཧའེ་ཧུའེ་དགོན། ཁའེ་ཧྭ་དགོན། ཁྲེང་ཅི་ཧྲུའུ་དགོན། ཁྲུང་ཨན་དགོན། ཡན་ཏི་ལིང་། ལིའུ་ཧྲི་སྡོད་གནས། དེ་བཞིན་ཞང་ཡུས་ཀུའུ་པའོ་དང་ཐེན་ཀོན་ཝང་ཧྥུ། ཧོང་ཁྲེང་ཞང་། ཁྲང་ཕིན་གཡུལ་འགྱེད་ཀྱི་རྗེས་ཤུལ། དབྱང་ཐོའུ་ཧྲན་གྱི་བྲག་ཕུག ཀྲུང་ཧྭའི་རི་བོ་གྲགས་ཅན་ཁྲེང་ཧྲན། ཐའེ་ཧང་ནས་ཙུན་ཝང་མཱང་ལིན་སོགས་གནའ་ཤུལ་གྲགས་ཅན་དང་རང་བྱུང་ཤུལ་བཞག་མང་པོ་ཚུད་ཡོད། ཅིན་ཁྲེང་གྲོང་ཁྱེར་ནི་གནའ་བོའི་བཙོ་སྦྱང་བྱ་ཡུལ་ཡིན་ཞིང་། དེར“བཟོ་པ་བཅོ་བརྒྱད”ཅེས་འབོད་སྲོལ་ཡོད། ཀྲན་གོའི་དབྱང་ཨ་ཀུའུ་རལ་གྲི་ཐོན་ཡུལ་ཡིན་པ་དང་མངའ་ཁོངས་སུ་ཙེ་ཀྲོའུ་ཡི་ལྕགས་ཆས་དང་ལན་ཧྭ་སོལ་བ་རྒྱ་མཚོའི་ནང་ཁྱབ་མྱོང་ཡོད། ལི་ཧོ་གཙང་པོ་དང་ལི་ཧྲན་རི་བོ་སོགས་སྲུང་སྐྱོང་ཁུལ་དུ་སྤྲེའུ་དང་ཏ་ལིང་སོགས་སྲོག་ཆགས་དཀོན་པོར་ཡོད་ཅིང་། ཧྲན་ཞི་ལ“སྐྱེ་དངོས་ཐོན་ཁུངས་ཀྱི་ནོར་མཛོད”ཅེས་བརྗོད་ཀྱི་ཡོད། ཅིན་ཁྲེང་གྲོང་ཁྱེར་ནི་ཧྲན་ཞི་ཞིང་ཆེན་གྱི་རིམ་པ་འབྲིང་བའི་གློག་ཤུགས་དང་ཕྱུགས་ལས་ཀྱི་རྟེན་གཞི་བཅས་ཡིན་ཞིང་། ཀོང་ཤིས་དང་ཅིན་ཧོའུ། ལིན་ཆིང་། གྲོང་སྐོར་མྱུར་བགྲོད་གཞུང་ལམ། རྒྱལ་ལམ207བཅས་བསྣོལ་ནས་དྲ་བ་བཟོས་པ་དང་ཐའེ་ཅའོ་དང་ཅ་ནན། ཧོའུ་ཡུའེ་བཅས་ཀྱི་ལྕགས་ལམ་ས་ཁོངས་ཧྲིལ་པོར་ཁྱབ་ནས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར་ཞེས་པའི་མཚན་སྙན་ཐོབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
晋城市
ཡུལ་ལྗོངས་གྲགས་ཅན།
ལིའུ་ཚང་གི་གཞིས་ཀ ཝང་མང་ལིན། ཅིའུ་མོ་ཞན་ཧུའུ། ཀྲ་ཁྲེང་ཧྲན། ཡན་ཏི་ལིན་སོགས་ཡོད།
དབྱིན་ཡིག་གི་མིང་།
Jincheng City
མིང་གཞན།
ཅན་ཞིན། ཅན་ཀྲོའུ། ཙི་ཀྲོའུ། ཙེ་ཀྲོའུ།
སྲིད་འཛིན་ས་ཁོངས་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧྭ་བྱང་། ཧྲན་ཞི་ཞིང་ཆེན།
མངའ་ཁོངས།
ཐད་གཏོགས་གྲོང་ཁྱེར1དང་རྫོང4ཡིན།
ས་ཁོངས་ཁ་པར་ཨང་རྟགས།
0356
སྦྲག་སྲིད་ཨང་རྟགས།
048000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ9490ཡོད།
མི་གྲངས།
ཁྲི233.30ཡོད།
ཡུལ་སྐད།
ཅིན་སྐད།
ནམ་ཟླ།
དྲོད་ཁུལ་བརླན་གཤེར་ཕྱེད་ཙམ་དང་སྐམ་སའི་དུས་རླུང་རང་བཞིན་གྱི་ནམ་ཟླ་ཡིན།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཅིན་ཁྲེང་། གནའ་བོའི་མིང་ལ་ཅན་ཞིན་དང་ཅན་ཀྲོའུ། ཙེ་ཀྲོའུ་དང་ཙི་ཀྲོའུ་བཅས་ཟེར་ཞིང་། པ་ལི་ཕིང་གནའ་ཤུལ་བཅས་ནས་ཐོན་པའི་རིག་དངོས་ཀྱིས་བདེན་དཔང་བྱས་པ་ལྟར། ད་ཆའི་ལོ་ཁྲི་གཉིས་ཀྱི་གོང་། ད་ཆའི་ཅིན་ཁྲེང་གྲོང་ཁྱེར་གྱི་ཏན་ཧོ་དང་ཆིན་ཧོ་རྒྱུག་ཁུལ་དུ་མིའི་རིགས་སྐྱེ་འཕེལ་འཚོ་གནས་ཀྱི་རྗེས་ཤུལ་ཡོད་པ་རེད། གནའ་སྔ་མོའི་དུས་སུ། ཀྲུང་ཧྭའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མེས་པོ་ཡའོ་དང་ཧྲུན་ཡུས་ཐང་། ཡུས་ཐང་བཅས་ཚང་མ་ད་ལྟའི་ཧྲན་ཞིའི་ལྷོ་རྒྱུད་དུ་ཡོད།

ཐའོ་ཐང་དུས་སྐབས་སུ། ཡའོ་ནི་ཀྲོའུ་དང་ཅིན་ཁྲེང་མངའ་ཁོངས་ཡོངས་ནི་ཅི་ཀྲོའུ་ཡི་ཁོངས་སུ་གཏོགས། 

ཁྲུན་ཆིའུ་དུས་སྐབས་སུ་ཅིན་གོ། ཁྲུན་ཆིའུ་ཡི་དུས་འགོར། མངའ་ཁོངས་སུ་ཏུའོ་ཏི་འདྲེས་སྡོད་བྱས་པ་དང་། ཅིན་རྒྱལ་རབས་རྗེས་མས་ཏུའོ་ཏི་རྩ་མེད་དུ་བཏང་ཞིང་། མངའ་ཁོངས་ནང་གི་རྒྱལ་ཁབ་ཁག་གིས་ཅིན་དྲག་འདུལ་བྱས་ཤིང་། ཅིན་རྒྱལ་རབས་ཀྱི་མངའ་འོག་ཏུ་གཏོགས། 

ཀྲན་གོའི་དུས་སྐབས་སུ། ཧན་ཝེ་ཀྲའོ་བཅས་ཀྲན་གོའི་དུས་འགོར་ཧན་ཧྲང་ཏང་གནས་ས་ཡིན་ཞིང་། ཀྲན་གོའི་དུས་མཇུག་ཏུ་མངའ་ཁོངས་ཤར་རྒྱུད་ཀྲའོ་ལ་གཏོགས་པ་དང་། ནུབ་རྒྱུད་ཀྱི་ཝེ་རྒྱལ་ཁབ་ཀྱི་རྒྱལ་ས་ཨན་དབྱི་ལ་འབྲེལ་བ་ཡོད། 

ཆིན་དང་ཧན་རྒྱལ་རབས་ཀྱི་དུས་སུ། ཧྲང་ཏང་དང་ཧོ་ཏུང་།      

ཆིན་ཧྲི་ཧོང་གིས་རྒྱལ་ཁབ་དྲུག་གཅིག་གྱུར(སྤྱི་ལོའི་སྔོན་གྱི221)བྱས་ནས་ཅུན་རྫོང་ལམ་ལུགས་བཙུགས་པ་དང་། རྒྱལ་ཡོངས་ཅུན36ལ་བགོས་ཡོད། ཅིན་ཁྲེང་ནུབ་རྒྱུད་ནི་ཧོ་ཏུང་ཅུན་དང་ཤར་རྒྱུད་ཀྱི་ཧྲང་ཏང་ཅུན་ལ་གཏོགས་པ་རེད།     

ཅིན་རྒྱལ་རབས་ཤར་མའི་ཐའེ་ཡོན་ཁྲི་ལོ་བརྒྱད་པར་ཞི་ཡན་མུའུ་རུང་ཡུང་གིས་གོང་མ་བྱས། ཕིན་དབྱང་དང་ཧྲང་ཏང་གཉིས་སུ་བགོས། 

རྒྱལ་རབས་བྱང་མའི་སྐབས་སུ་ཀྲོའུ་བཙུགས་པ་དང་། ཝེ་བྱང་མ་ཡུང་ཨན་ཁྲི་ལོ་གཉིས་པར་ཞིན་ཅུན་བསྐྱར་སྐྲུན་བྱས་པ་ནི་ཀྲོའུ་འཛུགས་སྐྲུན་བྱེད་ཆེད་ཀྲོའུ་ཀྲི་ཀའོ་ཏུའུ་དང་། ཁོངས་གཏོགས་ཀའོ་ཏུའུ་དང་ཁྲང་ཕིན་སོགས་བྱུང་།

སུའེ་ཐང་རྒྱལ་རབས་སུ་ཀྲོའུ་དེ་ཙེ་ཀྲོའུ་རུ་བསྐྱར་སྐྲུན་བྱས་པ་དང་། ཧོ་ཙེ་གཙང་པོ་ཞེས་པའི་མིང་ལྟར་ཞིང་ཆེན་ཀའོ་ཕིང་ཅུན་དང་ཨན་ཕིང་ཅུན་ཙེ་ཀྲོའུ་རུ་བསྐྱོད། ཙེ་ཀྲོའུ་ཐད་གཏོགས་རྫོང་ལྔ་སྟེ། ཀའོ་ཏུའུ་། ཀའོ་ཕིང་། ཧོ་ཙེ་ཏོན། ཡུང་ཉིང་། ཀྲོའུ་ཀྲི་ཀའོ་ཏུའུ་བཅས་བྱུང་།

ཡོན་རྒྱལ་རབས་ཀྱི་སྐབས་སུ། ཙེ་ཀྲོའུ་སི་ཧོའུ་སི་ཡི་ཁོངས་སུ་གཏོགས་པའི་རྫོང་དྲུག་སྟེ་ཅིན་ཁྲེང་དང་ཀའོ་ཕིན། དབྱང་ཁྲེང་། ལིན་ཁྲོན། ཏོན་ཧྲི། ཆིན་ཧྲུའེ་བཅས་ཡིན། 

སྤྱི་ལོ1948ལོའི་ཟླ9པར་ཧྭ་བྱང་མི་དམངས་སྲིད་གཞུང་བཙུགས། 

སྤྱི་ལོ1948ལོའི་ཟླ10པར་ཅིན་ཁྲེང་ཁྲེང་ཁྲེང་ཀོན་ཆུས་སུ་དབྱེ་ནས་ཅིན་ཁྲེང་གྲོང་ཁྱེར་དུ་བཀོད་སྒྲིག་བྱས་པ་དང་། ཆིན་དང་ཀའོ་དབྱང་། ལིན་བཅས་རྫོང་ཁག་དང་མཉམ་དུ་ཧྭ་བྱང་མི་དམངས་སྲིད་གཞུང་གི་ཐའེ་ཡུའེ་དང་ཐའེ་ཧང་ཆུས་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་བགོས། 

སྤྱི་ལོ1949ལོའི་ཟླ4པར། ཧྲན་ཞི་ཞིང་ཆེན་ཡོངས་བཅིངས་འགྲོལ་བྱས། ཟླ9བར། ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་བཙུགས་པ་དང་། ཅིན་ཁྲེང་ཧྲན་ཞི་ཞིང་ཆེན་གྱི་མངའ་འོག་ཏུ་བཞག

སྤྱི་ལོ1958ལོའི་ཟླ5པར། ད་ལྟའི་ཅིན་ཁྲེང་གི་ས་ཆ་སོ་སོ་ཧྲན་ཞི་ཞིང་ཆེན་ཧྲན་ཞིའི་ཤར་ལྷོའི་ས་ཁུལ་གྱི་ཁོངས་སུ་གཏོགས། 

སྤྱི་ལོ1983ལོའི་ཟླ7པར། ཧྲན་ཞི་ཞིང་ཆེན་ཁོངས་ཀྱི་ཅིན་ཁྲེང་གྲོང་ཁྱེར་བསྐྱར་དུ་བཙུགས་པ་དང་། གྲོང་ཁྱེར་དང་གྲོང་འདབས་ཁུལ་གཉིས་སུ་བགོས་ཤིང་། ཧྲན་ཞིའི་ཤར་ལྷོའི་ས་ཁུལ་གྱིས་ཚབ་བྱས་ནས་དོ་དམ་བྱས། 

སྤྱི་ལོ1985ལོའི་ཟླ4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧྲན་ཞིའི་ཤར་ལྷོའི་ས་ཁུལ་ནས་ཕྱིར་འཐེན་བྱས་ཏེ། ས་ཁུལ་རིམ་པའི་ཅིན་གྲོང་ཁྱེར་དང་ཐད་གཏོགས་ཧྲན་ཞི་ཞིང་ཆེན། དེ་སྔའི་ཧྲན་ཞིའི་ཤར་ལྷོའི་ས་ཁུལ་གྱི་ཁོངས་སུ་གཏོགས་པའི་དབྱང་ཁྲེང་དང་ཀའོ་ཕིན། ལིན་ཁྲོན། ཆིན་ཧྲུའེ་བཅས་རྫོང་བཞི་ཅིན་ཁྲེང་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱི་ཁོངས་སུ་གཏོགས་པ་དང་། དེའི་ཁོངས་སུ་གཏོགས་པའི་སྲིད་འཛིན་ས་ཁུལ་ཡིན་ཞིང་། དེའི་བདག་སྐྱོང་བྱེད་ཁོངས་ནི་ཀུའུ་ཅན་ཞིན་དང་ཅན་ཀྲོའུ། ཙེ་ཀྲོའུ་བཅས་དང་དེ་བཞིན་ཙེ་ཀྲོའུ་སྲིད་གཞུང་གི་མངའ་ཁོངས་གཅིག་མཚུངས་ཡིན། 

2 ཅིན་ཁྲེང་ས་མིང་གི་འབྱུང་ཁུངས།     

ཅིན་ཁྲིན་ཞེས་པའི་ཡི་གེ་གཉིས་ནི་ས་མིང་གི་ངོས་ནས་ལོ་ངོ་ཉིས་སྟོང་ཙམ་གྱི་ལོ་རྒྱུས་ཡོད་པ་དང་། ཀྲུང་ཧྭའི་ས་མིང་རིག་གནས་ཀྱི་དམིགས་བསལ་དཔེ་མཚོན་ཞིག་ཡིན། དེའི་ཐོག་མའི་བཀོལ་སྤྱོད་ནི་ཐང་ཝུའུ་ཏེ་ཁྲི་ལོ་གསུམ་པ། སུང་ཐའེ་ཕིན་ཞིན་གོ་ནས་འགོ་བརྩམས་ཤིང་ལེ་ཧྲི་ཡིས་བརྩམས་པའི《ཐའེ་ཕིན་འཇིག་རྟེན་གྱི་ཟིན་ཐོ》ཞེས་པའི་ནང་དུ། ཀྲའོ་ཝེ་ཧན་སན་ཅིན་དང་ཅིན་ཅིན་ཀུང་དུ་སྤོས་ཞེས་གསལ་ལོ༎ 

3 ས་ཁམས་ཁོར་ཡུག    
3_1 གནས་ཡུལ།      

ཅིན་ཁྲེང་གྲོང་ཁྱེར་གྱི་ཀུའུ་ཁྲེང་ཙེ་ཀྲོའུ་སྲིད་གཞུང་ནི་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། ཏན་ཧོ་དང་ཆིན་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་དབུས་རྒྱུད་དང་སྨད་རྒྱུད་དུ་གནས་ཤིང་། ཅིན་ཁྲེང་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ9490ཟིན། ཤར་ནུབ་ཀྱི་ཞེང་ཚད་སྤྱི་ལེ160ཟིན། ལྷོ་བྱང་གི་རིང་ཚད་སྤྱི་ལེ100ཟིན། ས་ཁམས་གནས་ཚད་ནི་འཕྲེད་ཐིག་བྱང་མའི་ཏུའུ35-11-36ཏུའུ04ཡིན་པ། ཤར་གྱི་གཞུང་ཐིག111°55'-113°7'ཡིན་པ། གྲོང་ཁྱེར་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ149.6ཟིན་པ་བཅས་རེད།

3_2 ས་དབྱིབས།  

ཏན་ཧོ་གཙང་པོ་དང་ཆིན་ཧོ་ཆུ་བོའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་གཞོང་ས་ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་ངོས་སྙོམས་དབྱིབས་ནི་སྒོང་དབྱིབས་དང་ས་ཁུལ་ཡོངས་ཀྱི་ས་བབ་བྱང་མཐོ་ཞིང་། མངའ་ཁོངས་ནང་གི་བདེ་ཐང་དང་རི་མ་ཐང་། རི་ཁུལ་བཅས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན12.9%དང་། 28.5%58.6%བཅས་སོ་སོར་བཟུང་ཡོད། དེའི་ནང་བདེ་ཐང་ལ་སྤྱི་ལེ་གྲུ་བཞི་མ1221.6དང་། རི་མ་ཐང་ལ་སྤྱི་ལེ་གྲུ་བཞི་མ2704 རི་ཁུལ་ལ་སྤྱི་ལེ་གྲུ་བཞི་མ5564.4བཅས་ཡོད། ཅིན་ཁྲེང་གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་པོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི600ནས700བར་ཟིན་པ་དང་མཐོ་ཤོས་ནི་ས་བབ་མཐོ་ཚད་སྨི2322ཟིན་པའི་ཀྲུང་ཐིའོ་རི་བོའི་ཧྲུན་ཝང་ཕིང་ཡིན་པ་དང་། དམའ་ཤོས་ནི་ཏན་ཧོ་དང་ཆིན་ཧོ་གཙང་པོའི་སྨད་རྒྱུད་ཀྱི་ལུང་གཞུང་ཡིན་ཞིང་ས་བབ་མཐོ་ཚད་སྨི300ཙམ་ཡོད།     

3_3 ནམ་ཟླ།      

ཅིན་གྲོང་ཁྱེར་ནི་དྲོད་ཁུལ་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས་ཤིང་། སྐམ་སའི་རང་བཞིན་གྱི་དུས་རླུང་གི་ཤུགས་རྐྱེན་ཐེབས་ནས་དུས་བཞིའི་དབྱེ་བ་གསལ་པོ་ཡོད་ཅིང་། སྤྱིར་བཏང་དུ་དཔྱིད་དུས་དྲོ་ཞིང་རླུང་བུ་མང་བ་དང་དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་མང་བ། སྟོན་དུས་དྲོད་ཚད་མཐོ་ཞིང་དགུན་དུས་གྲང་ངར་དང་སྐམ་ཤས་ཆེ་བ་བཅས་ཡིན། “ཉི་འོད་འཕྲོ་བའི་ས་ཁུལ”ཁོངས་སུ་གཏོགས། ལོ་རེའི་ཉི་འོད་ཕོག་ཡུན་ནི་ཆུ་ཚོད2393~2630བར་ཡིན་ལ། ཆ་སྙོམས་སུ་ཆུ་ཚོད2563ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད10.2~12℃ཡིན་པ་དང་། དབྱར་ཟླ་བདུན་པའི་ཆ་སྙོམས་དྲོད་ཚད27℃དང་། ཆེས་ཐལ་དྲགས་པའི་དྲོད་ཚད38℃ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི626-750ཡིན་པ་དང་། ཆར་ཆུ་འབབ་ཚད་གཙོ་བོ་དབྱར་དུས་སུ་ཁྱབ་ཡོད་པ་དེས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི56.4%ཟིན་པ་དང་། ལོ་རེའི་ཆར་ཆུ་འབབ་ཚད་ཆེ་ཤོས་ནི་ཧའོ་སྨི1010.4ཟིན་ཡོད། ལོ་རེའི་ཆར་ཆུ་འབབ་ཚད་ཉིན90-98ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་གནམ་གཤིས་དྲོ་འཇམ་ལྡན་པ་དང་། ཡུལ་སྐོར་དུས་ཚིགས་ཡག་ཤོས་ནི་ཟླ4-10བར་ཡིན།

3_4 ཆུ་རྒྱུན།      

ཅིན་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཆུ་བོ་འཕྲེད་གཞུང་དུ་འབབ་ཅིང་གཙོ་བོ་ཏན་ཧོ་དང་ཆིན་ཧོ་ཆུ་བོའི་འབབ་རྒྱུད་ཆེན་པོ་གཉིས་དང་། དེ་བཞིན་ཝེ་ཧོ་ཆུ་བོའི་ཡན་ལག་ཆུ་བོ་བཅས་ཡིན། ཆིན་ཧོ་གཙང་པོའི་ཡན་ལག་ཆུ་བོ་གཙོ་བོ་ནི་ཁྲང་ཧོ་གཙང་པོ་དང་པའེ་ཧྲུའེ་ཆུ་བོ། སུང་ཁྲོན་ཆུ་བོ། ལུང་ཝན་ཆུ་བོ། ཧྥན་ཧོ་ཆུ་བོ། ཏོན་ཧྲི་ཆུ་བོ། ཧོ་ཙེ་ཆུ་བོ་བཅས་ཡིན་པ་དང་། ཏན་ཆུའི་ཡན་ལག་ཆུ་བོ་གཙོ་བོ་ནི་ཏུང་ཏན་གཙང་པོ་དང་ཏུང་ཏ་ཧོ་ཆུ་བོ། པ་ཀུང་ཆུ་བོ། ཧྲི་ཕན་ཆུ་བོ། ཡུང་ལུའུ་ཆུ་བོ་སོགས་ཡིན་པ་དང་། ཝེ་ཧོ་ཆུ་བོའི་ཡན་ལག་ཆུ་བོ་གཙོ་བོ་ནི་ལུའུ་ཧོ་གཙང་པོ་དང་ཞང་མོ་གཙང་པོ། ཝུའུ་ཅ་ཝན་ཆུ་བོ་སོགས་ཡིན། གཞུང་རྒྱུན་མང་ཆེ་བ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་བཞུར་བ་དང་ཆུ་ལག་མང་ཆེ་བ་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་བཞུར་བ་རེད། ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར21.49ཟིན་པ་དེའི་ནང་ཆུ་བོའི་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར19.6དང་ས་འོག་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར9.69ཟིན་པ་དང་བསྐྱར་ཟློས་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར7.8ཟིན་ཡོད། 

4 རང་བྱུང་ཐོན་ཁུངས།

ཅིན་གྲོང་ཁྱེར་དུ་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ160ཡོད་པ་དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ100ཡོད་པའི་ས་འོག་ཏུ་རྡོ་སོལ་དང་རྡོ་སོལ་ཆགས་རིམ་གྱི་སོལ་རླངས། ལྕགས་རྡོ། ཧ་ཡང་གི་ས་གཏེར། ཟངས། མཱན། ཏི་ཚ། གསེར། དངུལ། རྡོ་ཀ་མ་རུའི་ས་རྡོ། ཆུ་ཤེལ་རྡོ། རྡོ་དཀར་སོགས་གཏེར་རྫས་ཐོན་ཁུངས་རིགས་བཅུ་ཕྲག་ཁ་ཤས་ཡོད་པ་དང་། ལྷག་པར་དུ་རྡོ་སོལ་དང་ལྕགས་ཀྱི་ཕ་ཡུལ་ཞེས་པའི་མཚན་སྙན་ཆེན་པོ་ཡོད།

རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཡག་པོ་ཡོད་ཅིང་། ཅིན་ཁྲེང་གྲོང་ཁྱེར་ལ“སྐྱེ་དངོས་ཐོན་ཁུངས་ནོར་མཛོད”ཅེས་པའི་མཚན་སྙན་ཡོད། ཅིན་ཁྲེང་གི་གཙང་པོ་དང་ཆིན་ཆུའི་ནང་དུ་རང་བྱུང་སྲུང་སྐྱོབ་ཁུལ་གཉིས་བཙུགས་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་མངའ་ཁོངས་ནང་གོག་འགྲོའི་རིགས27དང་འདབ་ཆགས་རིགས175དང་། རི་དྭགས་རིགས48ཡོད། སྟག་གཟིག་དང་། ཚལ་ཁྲའི་སྦྲུལ་སོགས་གྲོང་ཁྱེར་རིམ་པའི་དམིགས་བསལ་སྲོག་ཆགས་ཡོད། རྒྱལ་ཁབ་ཀྱི་རྩ་ཆེའི་སྲུང་སྐྱོང་སྲོག་ཆགས་ཀྱི་ཁོངས་སུ་ཁྲུང་ཁྲུང་ནག་པོ་དང་སྤྲེལ་བ། གླ་བ། གཟིག་ཁྲ་སེར་པོ། ངང་ངུར་དཀར་པོ་སོགས་ཡོད།

གྲོང་ཁྱེར་ཡོངས་ཀྱི་རི་སྐྱེས་རྩི་ཤིང་གི་ཐོན་ཁུངས་ལ་རིགས560ལྷག་ཙམ་དང་། སྨན་སྤྱོད་རྩི་ཤིང་རིགས200ལྷག་ཙམ། མཉེ་ཚན་རྩི་ཤིང་རིགས50ལྷག་ཙམ། སྣུམ་ཚིལ་རྩི་ཤིང་རིགས70ལྷག དྲི་ཞིམ་རྩི་ཤིང་རིགས40ལྷག་ཙམ། སིང་ཕྱེ་མངར་ཆའི་རིགས་ཀྱི་རྩི་ཤིང་རིགས60ལྷག དཔལ་འབྱོར་རིགས་ཀྱི་རྩི་ཤིང་རིགས30ལྷག་ཙམ་བཅས་ཡོད། བདག་ཏུ་མ་བཟུང་བའི་སྤྱན་གཟིགས་རྩི་ཤིང་རིགས60ལྷག་ཙམ་ཡོད་པ་དང་། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རྩི་ཤིང་ལ་ལན་ཤང་ལྗོན་ཤིང་དང་ཧྲན་པའེ་ཤིང་། ཏུའུ་ཀྲུང་། སྣུམ་ཤིང་། ཁྲུན་ཤིང་། ཙན་དན་སྔོན་པོ། རི་སྐྱེས་སྲན་ཆེན། སྟར་ཀ་སོགས་ཡོད། ད་དུང་སྦྲང་རྩིའི་འབྱུང་ཁུངས་ཀྱི་རྩི་ཤིང་དང་ཞིང་སྨན་རྩི་ཤིང་། ཚོས་རྒྱུའི་རྩི་ཤིང་། ཤ་མོ་སོགས་འབུ་ཕྲའི་རིགས་ཀྱི་སྐྱེ་དངོས་ཕྲ་རབ་ཡོད།

5 སྲིད་འཛིན་ས་ཁོངས།

ཅིན་ཁྲེང་ཁྱེར་ཁོངས་གཏོགས་སུ་ཆུས1དང་། རྫོང4 གྲོང་ཁྱེར1བཅས་ཡོད། གྲོང་ཁུལ་དང་ཙེ་ཀྲོའུ་རྫོང་། དབྱང་ཁྲེང་རྫོང་། ཆིན་ཧྲུའེ་རྫོང་། ལིན་ཁྲོན་རྫོང་། ཀའོ་ཕིང་གྲོང་ཁྱེར་བཅས་དང་དེ་བཞིན་ཞིང་ཆེན་རིམ་པའི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་ཏེ་ཅིན་ཁྲེང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ9490ཟིན་པ་དེས་ཧྲན་ཤིས་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི6%བཟུང་ཡོད། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི283.38ཟིན་ནས་མི་རེའི་ཆ་སྙོམས་རྨོ་ཞིང་མུའུ1.42ཟིན་ཡོད། 

6 འགྲིམ་འགྲུལ་གནས་ཚུལ།

ཅིན་ཁྲེང་གྲོང་ཁྱེར་ནི་ཧྲན་ཞི་ཀྲུང་ཡོན་ས་ཁུལ་དུ་སྐྱོད་པའི་སྒོ་མོ་གལ་ཆེན་ཞིག་ཡིན་ཞིང་། གྲོང་ཁྱེར་ཡོངས་སུ་རྒྱལ་ལམ་མ་ལམ་དང་རིམ་པ་མཐོ་བའི་གཞུང་ལམ་སྒྲོམ་གཞིར་བྱེད་པ་དང་། གྲོང་ཁྱེར་ལྟེ་བར་བྱེད་པའི“སྐོར་གསུམ་དང་ལམ་ཐིག་བཅུ”དང་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་གཞུང་ལམ་འགྲིམ་འགྲུལ་གྱི་དྲ་བ་ཞིག་ཆགས་ཡོད། སྤྱི་ལོ2014ལོའི་ལོ་མཇུག་ཏུ་སླེབས་སྐབས་གྲོང་ཁྱེར་ཡོངས་སུ་ལྕགས་ལམ་གྱི་ཆེད་སྤྱོད་ལམ་ཐིག41ཡོད་པ་དང་། གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ8960.5དང་མྱུར་བགྲོད་གཞུང་ལམ་སྤྱི་ལེ318.6ཟིན་ཡོད།  

ཀོང་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཕིང་ཀྲོའུ་དང་། ཅིན་ཀྲང་ལམ་ཐིག རྒྱལ་ལམ207དང་། དབྱང་ཅི། ལིན་ཤིའུ། ལིང་ཧུའེ་སོགས་གཞུང་ལམ་ལྷོ་བྱང་དུ་འབྲེལ་ཞིང་། དབྱང་ཅི་དང་ལིན་ཆིན། ཀའོ་ཤིན་མྱུར་བགྲོད་གཞུང་ལམ། ཅིན་ཧན་དང་ཆིན་ཧུའེ་སོགས་གཞུང་ལམ་ཤར་ནུབ་འཕྲེད་བརྒལ་བྱས་ཡོད། ཐའེ་ཅའོ་དང་ཧོའུ་ཡུའེ་ལྕགས་ལམ། ཅ་ནན་ལྕགས་ལམ་བཅས་ས་ཁོངས་ཡོངས་སུ་ཁྱབ་ཡོད་ཅིང་། ཧྲན་ཞི་ཞིང་ཆེན་གྱི་ཀྲུང་གོ་དང་ཕྱི་རྒྱལ་གྱིས་མ་དངུལ་མཉམ་བཞག་གིས་འཛུགས་སྐྲུན་བྱས་པའི་ཞིང་ཆེན་ལས་བརྒལ་བའི་མྱུར་བགྲོད་གཞུང་ལམ་དང་པོ་སྟེ་ཅིན་ཅའོ་ཀྲེན་མྱུར་བགྲོད་གཞུང་ལམ་འགྲུབ་ཡོད། རྗེས་སུ་ཡང་ཅིན་ཁྲེང་ནས་ཅི་ཡོན་བར་གྱི་མྱུར་བགྲོད་གཞུང་ལམ་དང་སྤྱི་ལོ2010ལོར་དབྱང་དབྱི་མྱུར་བགྲོད་གཞུང་ལམ་ལས་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། 

རྒྱལ་ནང་གི་ཚོང་ལམ་གྱི་འབྱུང་ཁུངས་ཅུང་སྔ་བ་དང་ཁྱད་པར་ཅན་གྱི་ས་ཁམས་གནས་ཡུལ་གྱི་དབང་གིས་མུ་ཟི་དང་དཀར་ཡོལ། སྲིང་བལ་འབྲུ་རིགས། ལྕགས་རིགས་བཅས་སྐྱེལ་འདྲེན་བྱ་ཆེད། རྒྱལ་ཁབ་གསུམ་གྱི་སྐབས་སུ། ཆིན་ཧོ་གཙང་པོའི་འགྲམ་རྒྱུད་འགྲིམ་འགྲུལ་ལེ་ལེགས་སུ་བཏང་།

ཅིན་ཁྲེང་གྲོང་སྐོར་མྱུར་བགྲོད་གཞུང་ལམ་སྤྱི་ལོ2010ལོའི་ཟླ10ཚེས25ཉིན་ཤར་གཏོང་ཐུབ་ཡོད། ཅིན་ཁྲེང་གྲོང་སྐོར་མྱུར་བགྲོད་གཞུང་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་དེས་ཅིན་ཁྲེང་ཧྲན་ཞི་ཞིང་ཆེན་གྱི་གྲོང་སྐོར་མྱུར་བགྲོད་གཞུང་ལམ་གྱི་གྲོང་ཁྱེར་ཨང་བཞི་པར་གྱུར་པ་ཁྱབ་བསྒྲགས་བྱས་པ་དང་། མྱུར་བགྲོད་གཞུང་ལམ་དེས་ནང་ཁུལ་དུ་ཅིན་ཁྲེང་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་གསར་པའི་ནང་གི་ས་ཁུལ་ཁག་ཕན་ཚུན་སྦྲེལ་མཐུད་བྱས་པ་དང་། ཕྱི་ཕྱོགས་སུ་ཅིན་ཅའོ་དང་ཅིན་ཅི། ཁྲང་ཅིན། ཅིན་ཧོ(དབྱང་དབྱི)སོགས་ཕྱིར་གཏོང་མྱུར་བགྲོད་གཞུང་ལམ་བཞི་སྦྲེལ་ནས་སྔར་ལས་ཆ་ཚང་བའི་དྲ་རྒྱའི་རྣམ་པ་ཅན་གྱི་གཞུང་ལམ་ཞིག་ཆགས་ཡོད།

7 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཅིན་ཁྲེང་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི233.30ཟིན་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་མི་ཁྲི1.22འཕར་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་གསར་སྐྱེས་མི་འབོར་ཁྲི2.39ཟིན་པ་དང་མི་འབོར་སྐྱེ་ཚད10.26%ཟིན། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི1.17དང་ཚེ་ལས་འདས་ཚད5.03‰ཟིན། རང་ཤུགས་སུ་འཕར་ཚད་སྟོང་ཆ5.23ཡིན་ཞིང་། གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད102.33(བུད་མེད་ཀྱི་མི་འབོར100ཡིན)བཅས་ཡིན།

གྲོང་ཁྱེར་ཡོངས་ཀྱི་མི་འབོར་ཁྲོད་ཧུའེ་རིགས་དང་མན་ཇུ་རིགས། མིའོ་རིགས། བོད་རིགས། པའེ་རིགས། ཆའང་རིགས་སོགས་གྲངས་ཉུང་མི་རིགས33ཡོད་པ་དང་ཁྱོན་མི་གྲངས7060ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་འབོར0.3%བཟུང་ཡོད། གྲངས་ཉུང་མི་རིགས་ཁྲོད་ཧུའེ་རིགས་མི་གྲངས་མང་ཤོས་ཡིན་པ་དང་གྲོང་ཁུལ་དང་། དབྱང་ཁྲེང(རུན་ཁྲེང)དུ་ཁྱབ་ཚུལ་ཅུང་མང་ངོ་༎

8 དཔལ་འབྱོར་གནས་ཚུལ།

ཐོན་ལས་དང་པོ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་སྔོན་མ་ལས6.1%འཕར་ཡོད་ཅིང་། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར50.7ཟིན་ནས1.3%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད4.4%བཟུང་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར618.9ཟིན་ནས5.1%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད53.7%བཟུང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར481.9ཟིན་ནས8.0%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད41.9%ཟིན་ཡོད། ཐོན་ལས་གསུམ་པའི་ནང་དངུལ་རྩའི་འགན་བཅོལ་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར75.2ཟིན་ནས8.0%འཕར་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་ལས་བཅས་ཀྱི་འཕར་ཐང་སྒོར་དུང་ཕྱུར85.4ཟིན་ནས12.0%འཕར། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར65.0ཟིན་ནས3.0%འཕར། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར32.9ཟིན་ནས6.4%འཕར། ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར50.0ཟིན་ནས9.6%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར49487ཟིན་པ་དེ་སྤྱི་ལོ2017ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར7326ཟིན་ཡོད། 

སྤྱི་ལོ2017ལོར་ཅིན་ཁྲེང་གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་216.0ཟིན་ནས་བརྒྱ་ཆ27.8འཕར་ཡོད་ཅིང་། དེའི་ནང་གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར98.8ཟིན་ནས71.7%འཕར་བ་དང་། ཁེ་ལས་ཀྱི་འབབ་ཁྲལ་སྒོར་དུང་ཕྱུར30.2ཟིན་ནས་18.3%འཕར། སྒེར་འབབ་དཔྱ་ཁྲལ་སྒོར་དུང་ཕྱུར6.9ཡིན་པས21.0%འཕར། ཐོན་ཁུངས་ཀྱི་དཔྱ་ཁྲལ་སྒོར་དུང་ཕྱུར33.8ཟིན་པ་དེ78.5%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར101.4ཡིན་པས13.5%འཕར་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར75.0ཟིན་ནས35.7%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར178.7ཡིན་པས3.4%འཕར་ཡོད། དེའི་ནང་ཚན་རིག་ལག་རྩལ་གྱི་གཏོང་སྒོ་བརྒྱ་ཆ34.0འཕར་བ་དང་། སློབ་གསོའི་གཏོང་སྒོ་བརྒྱ་ཆ0.4འཕར། ཞིང་ནགས་ཆུ་གསུམ་གྱི་ལས་དོན་གཏོང་སྒོ་བརྒྱ་ཆ0.6འཕར། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་གཏོང་སྒོ་བརྒྱ་ཆ5.5འཕར། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་བརྒྱ་ཆ8.1མར་ཆག་པ། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་གཏོང་སྒོ་བརྒྱ་ཆ5.1འཕར། ནུས་ཁུངས་གྲོན་ཆུང་དང་སྲུང་སྐྱོང་གི་གཏོང་སྒོ་བརྒྱ་ཆ19.0འཕར་ཡོད། 

9 སྤྱི་ཚོགས་ལས་རིགས།  

སྤྱི་ལོ2017ལོར་ཅིན་ཁྲེང་གྲོང་ཁྱེར་གྱི་ཚན་རྩལ་རྣམ་གྲངས72(ཞིང་ཆེན་རིམ་པའི་རྣམ་གྲངས30དང་གྲོང་ཁྱེར་རིམ་པའི་རྣམ་གྲངས42)ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱས་པ་རེད། ཞིང་ཆེན་རིམ་པའི་རྣམ་གྲངས་ཁྲོད་གཙོ་གནད་ཞིབ་འཇུག་གསར་སྤེལ་གྱི་སྤྱིར་བཏང་རྣམ་གྲངས3དང་། གཙོ་གནད་ཞིབ་འཇུག་གསར་སྤེལ་གྱི་གཙོ་གནད་རྣམ་གྲངས1 གྲུབ་འབྲས་གཞན་སྒྱུར་གྱི་རྣམ་གྲངས3 གྲོང་གསེབ་ཀྱི་ལག་རྩལ་འགན་གཙང་ལེན་གྱི་རྣམ་གྲངས22 ལས་སྟེགས་རྟེན་གཞིའི་ཆེད་དོན་རྣམ་གྲངས1བཅས་ཡོད་པ་རེད། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་ལག་རྩལ་ཁྲོམ་རའི་ཉོ་ཚོང་ཁག333ཟིན་པ་དང་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར10.12ཟིན་པ་དང་། ནུས་ལྡན་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ414ཡོད་པ། ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་གསལ་འབྱེད་ཁག2དང་། རྒྱལ་ཁབ་རིམ་པའི་གསར་གཏོད་ལས་གཞི1གསར་དུ་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས10གསར་དུ་གཏན་འཁེལ་བྱས་ཤིང་། ཞིང་ཆེན་གྱི་དམངས་གཉེར་ཚན་རྩལ་ཁེ་ལས8གསར་དུ་གཏན་འཁེལ་བྱས།   

9_1 སློབ་གསོ།     

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཅིན་ཁྲེང་གྲོང་ཁྱེར་ཡོངས་ཀྱི་མཐོ་རིམ་སློབ་གྲྭ1དང་རང་ཚུགས་སུ་བཙུགས་པའི་དར་མའི་མཐོ་རིམ་སློབ་གྲྭ1ཡོད། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ95.88ཟིན་པ།

9_2 རིག་གནས།      

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཅིན་གྲོང་ཁྱེར་དུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ10ཡོད་པ་དང་ཐོག་མར་འཁྲབ་སྟོན་བྱས་པའི་འཁྲབ་ཚན2གསར་རྩོམ་བྱས། འཁྲབ་སྟོན་ཐེངས3270བྱས་པ་དང་འཁྲབ་སྟོན་ཡོང་འབབ་སྒོར་ཁྲི1892ཟིན། གྲོང་ཁྱེར་ཡོངས་སུ་སྒྱུ་རྩལ་འཁྲབ་སྟོན་ཁང4དང་། མང་ཚོགས་སྒྱུ་རྩལ་ཁང1 རིག་གནས་ཁང6 མཛེས་རྩལ་ཁང2 སྤྱི་པའི་དཔེ་མཛོད་ཁང7 སྤྱི་པའི་དཔེ་དེབ་ཁྲི130བཅས་ཡོད་པ་རེད།      

9_3 འཕྲོད་བསྟེན།     

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཅིན་གྲོང་ཁྱེར་དུ་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི3128ཡོད་པའི་ནང་མ་བུ་འཕྲོད་བསྟེན་ཁང(སོའོ་དང་ས་ཚིགས)7ཡོད་པ་རེད། སྨན་ཁང་དང་འཕྲོད་བསྟེན་ཁང་གི་ཉལ་ཁྲི11.3དང་། འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ་ཁྲི1.29མི་སྟོང་རེར་ནད་ཁྲི5.1བཅས་ཡོད་པ་དང་། མི་སྟོང་རེར་སྨན་པ2.3རེ་ཡོད། གྲོང་ཚོའི་འཕྲོད་བསྟེན་ཁང་ཁྱབ་ཚད100%དང་རྫོང་དང་ཡུལ་ཚོ། གྲོང་ཚོ་བཅས་རིམ་གསུམ་སྨན་བཅོས་སྒྲིག་གཞི་ཁྱབ་ཚད100%ཟིན་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ལྟ་སྐུལ་ས་ཚིགས་ཁྱབ་ཚད100%ཟིན་ཡོད།     

9_4 ལུས་རྩལ།    

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཅིན་གྲོང་ཁྱེར་དུ་རིམ་པ་ཁག་གི་ལུས་རྩལ་པ6215ཡོད་པ་དང་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་སྦྱོང་བརྡར་གྱི་ཚད་གཞི་ལོན་པའི་མི་གྲངས223623ཟིན་ཡོད་པ་རེད། ལོ་ཧྲིལ་པོར་རང་རེའི་གྲོང་ཁྱེར་གྱི་ལུས་རྩལ་པར་ཞིང་ཆེན་རིམ་པ་ཡན་གྱི་གལ་ཆེའི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ་བཅས65བཅས་ཐོབ་མྱོང་།    

9_5 སྤྱི་ཚོགས་འགན་སྲུང།      

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཅིན་ཁྲེང་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་ཁྲི44.8ཟིན་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་མི་ཁྲི2.6འཕར་བ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པར་མི་ཁྲི110.5ཞུགས་ནས་མི་ཁྲི0.1ཉུང་དུ་ཕྱིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་ཤིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི166.0ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི22.4དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི143.6ཡོད་པ་དང་། ལས་ཤོར་འགན་བཅོལ་ལ་མི་ཁྲི30.6ཞུགས་པ་དང་མི་ཁྲི0.3མང་དུ་ཕྱིན། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི48.3ཟིན་ནས་མི་ཁྲི0.3མང་དུ་ཕྱིན་པ་དེའི་ནང་ཞིང་པ་ལས་མི་ཁྲི18.0ཟིན་ནས་མི་ཁྲི1.1ཉུང་དུ་ཕྱིན་པ་དང་། བུ་བཙའི་འགན་བཅོལ་ལ་མི་ཁྲི33.0ཞུགས་པ་དང་མི་ཁྲི1.6འཕར་ཡོད།      

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཅིན་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་མི་གྲངས11273ཟིན་ནས་མི་གྲངས1857ཉུང་དུ་ཕྱིན། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱེད་པའི་མི་གྲངས42473ཟིན་ནས་མི་གྲངས935མང་དུ་ཕྱིན། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ6896ལ་རོགས་སྐྱོབ་བསྙེན་བཀུར་བྱས་པ་དང་དམངས་སྲིད་སྡེ་ཁག་གིས་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི57021ལ་རོགས་སྐྱོར་བྱས་སོ༎

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-18

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།