སི་ཕིན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སི་ཕིན་གྲོང་ཁྱེར།
སི་ཕིན་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་གྱི་དམའ་རིམ་གྲོང་ཁྱེར་ཡིན་ལ་སུང་ལོའོ་བདེ་ཐང་གི་དཀྱིལ་སྙིང་དུ་གནས་ཤིང་། ལོའོ། ཅི། སོག་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཡོད། སི་ཕིན་ནི་ཅི་ལིན་དང་ཧེ་ལུང་ཅང་། ནང་སོག་གི་ཤར་རྒྱུད་འབྲི་ཆུའི་ཟུར་གསུམ་གླིང་དང་པེ་ཅིང་དང་ཐན་ཅིན་བཅས་ཀྱི་ངེས་བརྒྱུད་འགྲོ་ལམ་ཡིན། བྱང་ཤར་ས་ཁུལ་གྱི་འགྲིམ་འགྲུལ་འགག་རྩའི་ལྟེ་གནས་དང་དངོས་ཟོག་དབོར་འདྲེན་གྱི་གྲོང་ཁྱེར་གལ་ཆེན་ཡིན། སི་ཕིན་གྲོང་ཁྱེར་གྱི་མངའ་ཁོངས་ལ་སྤྱི་ལེ་གྲུ་བཞི་མ14323དང་། མི་གྲངས་ཁྲི320 གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1100དང་། མི་གྲངས་ཁྲི62ཡོད། སི་ཕིན་ཁོངས་གཏོགས་སུ་ཐེ་ཏུང་ཆུས། ཐེ་ཞེས་ཆུས། ཀུང་ཇོ་ལན་གྲོང་ཁྱེར། ཧྲོང་ལེན་གྲོང་ཁྱེར། ལེན་ཧྲོ་རྫོང་དང་ཡེ་ཐོང་རྫོང་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四平市
དབྱིན་ཡིག་གི་མིང་།
Siping
མི་གྲངས།
ཁྲི320.4
མངའ་ཁོངས་ས་ཁུལ།
ཅི་ལིན་ཞིང་ཆེན།
སྦྲག་སྲིད་ཨང་རྟགས།
136000
སྲིད་འཛིན་ཁུངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ས་ཁོངས་ཁ་པར་ཨང་རྟགས།
0434
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ14323
རླངས་འཁོར་ཚབ་ཨང་།
ཅིC
1 ​ལོ་རྒྱུས་འཕེལ་རིམ།

སི་ཕིན་གྱི་ལོ་རྒྱུས་རྒྱུན་རིང་ཞིང་།  གྲོང་ཁུལ་དང་སྤྱི་ལེ50ལྷག་གི་མཚམས་སུ་ཨར་ལོང་གཙང་བོའི་ཡན་རྒྱལ་ཁབ་ཀྱི་གནའ་ཤུལ་མཁར་ཡོད།   དེ་ནི་རྒྱ་མི་རིགས་ཀྱིས་ཤར་བྱང་ས་ཁུལ་ལ་ཐོག་མར་སླེབས་པའི་མཚོན་རྟགས་ཡིན།   ལོ་རྒྱུས་ཀྱིས་ལོའོ་རྒྱལ་རབས་སྐབས་ཀྱི་ཧན་ཀྲུའུ་དང་།  ཅིན་རྒྱལ་རབས་སྐབས་ཀྱི་ཞུན་ཀྲུའུ།  མིང་རྒྱལ་རབས་སྐབས་ཀྱི་ཡུ་ཧོ་ཚོ་བ་སོགས་ལྟ་བུ་རིག་གནས་གནའ་ཤུལ་མང་པོ་ཞིག་བསྐྱུར་ཡོད།   ད་སྐབས་ཡོད་པ་ནི་ཏ་ཆིན་ཧྲན་སྡེ་བའི་རིག་གནས་གནའ་ཤུལ་དང་།  ཡེ་ཧོ་གནའ་མཁར་ཤུལ་བཞགལོའོ་དང་ཅིན་དུས་སྐབས་ཀྱི་ཀྲོའོ་སོའོ་མཁར་གནས་ཤུལ་སོགས་ག་ས་གང་དུ་ཁྱབ་ཡོད།   ཡེ་ཧོ་མན་ཇུ་གྲོང་རྡལ་ནི་ཆིང་གི་དུས་སྐབས་སུ་རྒྱལ་ཡུམ་ཚི་ཞི་ཡི་འཁྲུངས་ཡུལ་ཡིན་ལ།   ཚི་ཞིས་དང་རོང་ཡེའེ་རྒྱལ་ཡུམ་གཉིས་ཀྱི་བང་སོའི་ས་གནས་ཀྱང་ཡིན།

སྤྱི་ལོ2017ལོར།  སི་ཕིན་གྲོང་ཁྱེར་གྱི་ས་གནས་སྤྱིའི་ཐོན་འབོར་སྒོར་དུང་ཕྱུར939ལྷག་ཐོན་སྐྱེད་བྱས་ཤིང་།  དེའི་ཁྲོད་དུ་ཐོན་ལས་དང་པོས་སྒོར་དུང་ཕྱུར195མངོན་འགྱུར་བྱས་ཤིང་།  ཐོན་ལས་གཉིས་པས་སྒོར་དུང་ཕྱུར303ལྷག་མངོན་འགྱུར་བྱས།   ཐོན་ལས་གསུམ་པས་སྒོར་དུང་ཕྱུར441ལྷག་མངོན་འགྱུར་བྱས་ཡོད་ཅིང་།  མི་རེར་ཆ་སྙོམས་ཐོན་སྐྱེད་བསྡོམས་འབོར་སྒོར19187ཡོད།

སྤྱི་ལོ2017ལོའི་ཟླ7པའི་ཚེས5ཉིན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས2017ལོའི(རིམ་པ་དང་པོ)རྙོག་ཆུའི་ཆེད་གཉེར་ལྟ་ཞིབ་ལ་ཤུགས་སྣོན་བགྱིས་པའི་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་།  སི་ཕིན(ཆུ་རྙོག་བརྒྱ་ཆའི་བརྒྱད་ཆུ་ལས་ཉུང་བའི་གྲོང་ཁྱེར་གྱི་འོས་མིང་ནང་ཚུད)གཙང་བསྒྱུར་བྱས་པ་བརྒྱ་ཆའི་ཐིག་ཡིན།  སྤྱི་ལོ2019ལོའི་ཟླ10པའི་ཚེས23ཉིན།  ( རབས་གསུམ་པའི་རྙོག་ཆུའི་གཙང་བསྒྱུར་ལེགས་བཅོས་བྱས་པའི་དཔེ་སྟོན་གྲོང་ཁྱེར)ལ་གཏན་འཁེལ་བྱས།

ཡན་རྒྱལ་རབས་ཀྱི་གནའ་ཁུལ་གྱིས་རྒྱ་མི་ཁྲོན་ཆོའོ་གྲན་གོ་དུས་སྐབས་ནས་ཀྲུང་གོའི་བྱང་ཤར་ས་ཁུལ་ལ་སླེབས་ཡོད་པ་ཤེས་ཐུབ།

ཝེ་ཧན་ནས་ཅིན་གཉིས་རྒྱལ་ཕྲན་བཅུ་དྲུག་གི་དུས་སྐབས(སྤྱི་ལོ203ལོ་ནས་སྤྱི་ལོ420ལོ)ཧྥོ་ཡུས་རྒྱལ་ཁོངས་སུ་འདུ།རྒྱལ་རབས་ནུབ་བྱང་ནས་ཐང་གི་དུས་སྟོད་དུ་ཀོའོ་ཅི་ལེ་མངའ་ཁོངས་སུ་གཏོགས།

ཐང་དཀྱིལ་ལ་སླེབས་པའི་རྗེས་སུ་པོ་ཧེ་རྒྱལ་ཁབ་ཀྱི་ཧྥོ་ཀྲོའུ་ཁོངས་སུ་འདུ།   ལོའོ་རྒྱལ་རབས་ཏུང་ཅིན་ལམ་གྱི་ཐོང་ཀྲུའུ་ལ་གཏོགས་ཤིང་། ཅིན་ནི་ཞིན་ཕན་ལམ་གྱི་ཧན་ཀྲུའུ་ལ་འདུ།   ཡོན་ནི་ཁེ་ཡོན་ལམ་ལ་འདུ།

མིང་ལོའོ་ཏུང་ལྟ་སྐུལ་ཁང་གི་བྱང་རྒྱུད་དུ་འདུ་ཞིང་།ཆིང་ནང་སོག་གི་ཀྲུ་ལེ་མོ་མིང་ལ་གཏོགས།ཕྱིས་སུ་ཁྲང་ཐོའོ་ཁང་ལ་གཏོགས་པར་གཏན་འཁེལ་བྱས།

མིན་གོ་ལོ་ལྔ་པའི(སྤྱི་ལོ1916ལོའི)ཟླ3པར།   འགྲིམ་འགྲུལ་སྡེ་ཁག་གིས་བྱང་ཤར་འགྲིམ་འགྲུལ་ཨུ་ཡོན་ལྷན་ཚོགས་ཀྱི་ཟི་ཀྲིན་ལྕགས་ལམ་སྡེ་དག་གིས་ཟི་ཕིན་ལམ་ནས་བྱང་གི་འབབ་ཚུགས་བཙུགས་ཤིང་།   ཐད་ཀར་བྱང་གི་འབབ་ཚུགས་ས་ཁུལ་གྱི་མི་ཁྱིམ་དང་།  དམངས་དོན།  འཛུགས་སྐྲུན།   སྤྱི་བདེ་ལས་དོན་ལ་དབྱེ་བ་མེད་པར་ཁོངས་གཏོགས་སྒོས་ལེ་ཧྲོ་རྫོང་ཐད་གཏོགས་ཁུལ་གྱི་ཚོད་འཛིན་ཐེབས་མེད།

མིན་གོ་ལོ་བཅུ་གཅིག་པ(སྤྱི་ལོ1911ལོ)ལ།  ས་འདིར་སི་ཕིན་སྡེ་བ་བཙུགས(ནོ་ཧྲོ་ལེ་ཧྲོ་ཁུལ་གཉིས་པ)

མིན་གོའི་ལོ་ཉི་ཤུ(སྤྱི་ལོ1931ལོ) (དགུ་གཅིག་བརྒྱད)དུས་འགྱུར་བྱུང་རྗེས།   བྱང་གི་ས་ཚུགས་ཀྱི་ས་གནས་སྲིད་དབང (མན་ཇུ་ཟི་ཕིན་ལམ་གྱི་ས་ཁུལ་གྱི་ལས་དོན་ལ་བདག་དོམ་བྱེད་པར་འགན་གཉེར་བྱ)

མིན་གོ་ལོ་བཅུ་དྲུག་པ(1941ཟླ7པའི་ཚེས1ཉིན།   མན་ཀྲུའུ་ཅེའི་ཏོའོ་སྲང་ལམ་གྱི་ཤར་ཕྱོགས།   སྲིད་དོན་གཅིག་སྒྲིལ་བྱས་པ།   ཞེན་མན་ཀྲུའུ་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་བསྒོས་ལྟར(སི་ཕིན་ཁྲོམ་ལམ)བཙུགས།   ཉི་ཧོང་བའི་གོ་གོན་ཧྲང་གིས་ཟི་ཕིན་ཁྲོམ་ལམ་གྱི་ཧྲི་ཀྲང་གི་འགན་བཞེས།   སི་ཕིན་སྲང་ལམ་གྱི་དེ་ནས་བཟུང་ལེ་ཧྲོ་རྫོང་དང་བྲན་གཡོག་གི་འབྲེལ་བ་མེད་པར་གྱུར་ཅིང་།  ཧྥན་ཐན་ཞིང་ཆེན་གྱི་མངའ་ཁོངས་སུ་འཛུལ།

མིན་གོ་ལོ་སུམ་ཅུ་བ(སྤྱི་ལོ1942ལོའི)ཟླ7པའི་ཚེས1ཉིན།   མན་ཀྲུའུ་རྒྱལ་ཁབ་གྱིས་ཞིང་ཆེན19རུ་དབྱེ་ཞིང་།  དེའི་ཁྲོད་དུ།  ཧྥན་ཐན་ཞིང་ཆེན་གྱི་རྫོང་ཁག་དག་ཕྱིར་འཕྲལ་ནས་ཟི་ཕིན་ཞིང་ཆེན་བཙུགས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པ(སྤྱི་ལོ1948ལོའི)ཟླ3ཚེས13ཉིན།  ཀྲུང་གུང་གིས་སི་ཕིན་བཅིངས་འགྲོལ་བཏང་བ་དང་། གོ་མིན་ཏང་ལིའོ་པེ་ཞིང་ཆེན་གྱི་སྲིད་གཞུང་སྲིད་སྟེགས་ནས་ལྷུང་།

སྤྱི་ལོ1949ལོའི་ཟླ5པར།   ཀྲུང་གུང་ལིའོ་པེ་ཞིང་ཆེན་ཕྱིར་འཐེན་བྱས་ཤིང་།  སི་ཕིན་ནི་ལིའོ་ཞི་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས།

སྤྱི་ལོ1954ལོའི་ཟླ7པའི་ཚེས7ཉིན།  བྱང་ཤར་སྲིད་འཛིན་ཨུ་ཡོན་ཚོགས་པས་ལིའོ་ཞི་ཞིང་ཆེན་མེད་པར་བཟོས།  ཟླ8པར།   སི་ཕིན་གྲོང་ཁྱེར་ཅི་ལིན་ཞིང་ཆེན་གྱི་མངའ་འོག་ཏུ་བཅུག

སྤྱི་ལོ1958ལོའི་ཟླ10པ་ནས་བཟུང་།  ཅི་ལིན་ཞིང་ཆེན་དུ་སི་ཕིན་ཆེད་ཁུལ(ས་ཁུལ)བཙུགས་པ་དང་།  སི་ཕིན་གྲོང་ཁྱེར་སི་ཕིན་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས། སྤྱི་ལོ1983ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སི་ཕིན་ས་ཁུལ་མེད་པར་བཟོས་ཏེ་སི་ཕིན་གྲོང་ཁྱེར(ས་ཁུལ་རིམ་པའི་གྲོང་ཁྱེར)གསར་པ་འཛུགས་པར་ཆོག་མཆན་བཀོད་པ་དང་།  གྲོང་ཁྱེར་གྱིས་རྫོང་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་གསར་པ་ལག་བསྟར་བྱས།  སི་ཕིན་གྲོང་ཁྱེར་དུ་ཐའེ་ཞི་ཆུས་དང་།  ཐེ་ཏུང་ཆུས་བཙུགས་ཡོད་ལ།  དེའི་ཁོངས་སུ་ཧོའེ་ཏེ་རྫོང་དང་།  ལི་ཧྲུའུ་རྫོང་།  དབྱི་ཐུང་རྫོང་།  ཧྲོང་ལིའོ་རྫོང་བཅས་ཡོད།

སྤྱི་ལོ1985ལོའི་ཟླ3པར།  ཧོའེ་ཏེ་རྫོང་མེད་པར་བཟོས་ཏེ་ཀུང་ཀྲུའུ་ལིན་གྲོང་ཁྱེར(ཞིང་ཆེན་གྱི་ཐད་སྐྱོང་ས་ཁུལ་རིམ་པ)བཙུགས་པ་དང་།  དབྱི་ཐུང་རྫོང་དེ་ཀུང་ཀྲུའུ་ལིན་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག   གྲོང་ཁྱེར་བཞིའི་ཁོངས་སུ་ལིའི་ཤིང་དང་ཧྲོང་ལིའོ་ཡི་རྫོང2ཡོད། སྤྱི་ལོ1986ལོའི་ཟླ1པོར།  ཀུང་ཀྲུའུ་ལིང་གྲོང་ཁྱེར་རྫོང་རིམ་པའི་གྲོང་ཁྱེར་དུ་བསྒྱུར་ཞིང་། སི་ཕིན་གྲོང་ཁྱེར་གྱིས་ཚབ་གཉེར་བྱས་ཤིང་།   དབྱི་ཐུང་རྫོང་དེ་སི་ཕིན་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག

སྤྱི་ལོ1996ལོའི་ཟླ5པར། ཧྲོང་ལིའོ་རྫོང་གིས་ཧྲོང་ལིའོ་གྲོང་ཁྱེར་བཙུགས།

སྤྱི་ལོ2000ལོའི་ཟླ6པར།  ཅི་ལིན་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ལིའོ་ཧོ་ས་རྒོད་གསར་སྦོལ་དོ་དམ་ཁུལ་གསར་དུ་བཙུགས།

སྤྱི་ལོ2013ལོའི་ཟླ9ཚེས18ཉིན།  ཀུང་ཀྲུའུ་ལིང་གྲོང་ཁྱེར་ཅི་ལིན་ཞིང་ཆེན་གྱིས་དོ་དམ་བྱེད་པའི་རྫོང་གི་ཚོད་ལྟའི་གྲོང་ཁྱེར་དུ་དངོས་སུ་གྱུར་ནས་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་དོ་དམ་དབང་ཆ་སྤྲད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2016ལོའི་ལོ་མཇུག་ཏུ།  སི་ཕིང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཀུང་ཀྲུའུ་ལིན(ཞིང་ཆེན་གྱི་ཐད་གཏོགས་དོ་དམ)དང་། ལིའི་ཤིང་། ཧྲོང་ལུའོ། དབྱི་ཐུང་བཅས་རྫོང(གྲོང་ཁྱེར)བཞི། ཐེ་ཏུང་དང་ཐེ་ཤིས་ཆུས་གཉིས་བཅས་ཡོད། ཤང48དང་། གྲོང་རྡལ59  སྲང་ལམ་དོན་གཅོད་ཁང24   སྡོད་དམངས་ཨུ་ཡོན་ལྷན་ཁང618    གྲོང་མིའི་ཨུ་ཡོན་ལྷན་ཁང1216བཅས་ཡོད།

2_1 ས་ཁམས་ཁོར་ཡུག

སི་ཕིན་གྲོང་ཁྱེར་ནི་ ཅི་ལིན་ཞིང་ཆེན་གྱི“ལྷོ་སྒོ་ཆེ་མོར”ཡིན་པ་རེད། བྱང་ཤར་གྱི་དབུས་རྒྱུད་དང་།  ཅི་ལིན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད། ཤར་ལེའོ་ཧོ་གཙང་པོའི་སྨད་རྒྱུད་དུ་གནས་པ་དང་། ལེའོ་ཉིང་ཞིང་ཆེན་དང་ཅི་ལིན་ཞིང་ཆེན་གྱི་འབྲེལ་མཚམས་སུ་གནས་ཤིང་། དེ་ཅི་ཏུང་གི་རི་མ་ཐང་དམའ་གྲས་དང་ལེའོ་ཧོ་བདེ་ཐང་གི་བར་བརྒལ་གྱི་རྒྱུད་དུ་གནས། ཤར་དུ་ཏ་ཧའེ་ཧྲན་རི་བོ་དང་འབྲེལ། ནུབ་ཏུ་ལེའོ་ཧོ་བདེ་ཐང་དང་འབྲེལ། བྱང་དུ་ཁྲང་ཁྲུན་དང་འབྲེལ། ལྷོ་རུ་ཧྲེན་དབྱང་གྲོང་ཁྱེར་ཡོངས་ཀྱི་མངའ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི1.47ཟིན་པ་བཅས་གྲོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1480ཟིན་ཡོད།

2_2 ས་དབྱིབས་ས་བབ།

སི་ཕིན་གྲོང་ཁྱེར་གྱི་ས་བབ་ནི་ཤར་ལྷོ་མཐོ་ཞིང་། ནུབ་བྱང་དམའ། ཤར་ལྷོའི་ཉེ་འདབས་ནི་རི་དམའ་བའི་རི་མ་ཐང་ཡིན་ལ། མཚོ་ངོས་ལས་སྨི230-448ཡོད། ནུབ་བྱང་རྒྱུད་ཀྱི་གྲོང་ཁྱེར་ཉེ་འདབས་ཀྱི་རླབས་དབྱིབས་བདེ་ཐང་ཁུལ་དུ་མཚོ་ངོས་ལས་མཐོ་ཚད་སྨི140-230ཡོད།

རི་ཁུལ། རི་མ་ཐང་བཅས་ནི་སི་ཕིན་གྲོང་ཁྱེར་ཆུས་ཀྱི་ས་དབྱིབས་རྣམ་པའི་གྲུབ་ཆ་གཙོ་བོ་ཡིན་པ་དང་། རིམ་བཞིན་རྒྱ་ཁྱོན་ཅུང་ཆུང་བའི་ས་སྟེགས་དང་བྱེ་ཐང་ཡིན།

2_3 ནམ་ཟླ།

སི་ཕིན་གྲོང་ཁྱེར་ནི་དྲོད་འབྲིང་རྒྱུད་ཀྱི་བརླན་བཤེར་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས་ལ།  ཁྱད་ཆོས་གཙོ་བོ་ནི་དུས་བཞིར་སྐམ་སའི་རང་བཞིན་མངོན་གསལ་དོད་པོ་ལྡན་པ། དུས་རིམ་ཆ་མི་སྙོམས་ཤིང་། 

དཔྱིད་དུས་སྐམ་ཤས་ཆེ་ལ་རླུང་ཆེ། དབྱར་དུས་བརླན་ཚད་ཆེ་ལ་ཆར་ཆུ་མང་བ། སྟོན་དུས་བསིལ་ཞིང་འཇམ་པ། དགུན་དུས་གྲང་ངར་ཆེ་བ། ཆར་ཆུ་འབབ་ཚད་ཉུང་བ་བཅས་སོ།།

2_4 ཆུ་དཔྱད།

སི་ཕིན་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཆུ་བོ་ཆེན་པོ་མེད་ཅིང་ཆུ་ཕྲན6ཡོད་པ་ནི་ལིའོ་ཧོ་ཆུ་བོའི་ཆུ་རྒྱུད་དུ་གཏོགས། སུའུ་ཐའེ་ཆུ་བོའི་འབབ་རྒྱུད་དུ་འདྲེས་པ་ཡིན། ཆུ་བོ་སོ་སོ་བཞུར་ཚད་ཐུང་བ། བཞུར་ཚད་ཆུང་བ། ཆུ་ལམ་དོག་པ། ཆུ་གནས་སྲབ་པ། ཐན་པ་ཆེ་དུས་སྐམ་ལ་ཉེ་བའི་འདྲ་བའི་ཆ་ཡོད།

3 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ།  སི་ཕིན་གྲོང་ཁྱེར་གྱི་སྤྱིའི་མི་གྲངས་ཁྲི320.4ཡོད་ལ།  གྲོང་ཁུལ་གྱི་མི་གྲངས་ཁྲི68.1ཡོད་པ་དང་སྤྱིའི་མི་གྲངས་ཀྱི21.3%ཟིན།   ལོ་ཧྲིལ་བོར་མི་གྲངས་སྐྱེས་ཚད་ཁྲི2.2ཡོད།  མི་གྲངས་སྐྱེས་ཚད6.8%ཡོད།  ལོ་ཧྲིལ་བོར་ཤི་ཚད་མི་གྲངས་ཁྲི5.3ཟིན།  ཤི་ཚད་མི་གྲངས16.7%ཟིན།  རང་བྱུང་གིས་འཕར་ཚད་མི་གྲངས–9.9%ཡིན།

སི་ཕིན་གྲོང་ཁྱེར་ནི་མི་རིགས་མང་པོ་འདུས་སྡོད་བྱེད་སའི་ས་གནས་ཤིག་ཡིན་ལ།  མི་རིགས36ཡོད་པ་དང་།  རྒྱ་རིགས་ཀྱིས་ཕལ་ཆེར91.6ཟིན།   གྲངས་ཉུང་མི་རིགས35འི་ཁྲོད།  མན་ཇུ།  སོག་རིགས།   ཧའེ་རིགས།   ཁྲའོ་ཞན་རིགས་ཀྱི་མི་གྲངས་ཅུང་མང་བ་ཡིན།  གྲོང་ཁྱེར་ཡོངས་ལ་མི་རིགས་རང་སྐྱོང་རྫོང1དང་།  མི་རིགས་ཤང་གྲོང4བཅས་ཡོད། 

4 ལོ་རྒྱུས་རིག་གནས།

སི་ཕིན་ས་གནས་ཀྱི་ཡུལ་སྐད་ནི་བྱང་ཤར་གྱི་གཞུང་སྐད་ཡིན།  བྱང་ཤར་གྱི་གཞུང་སྐད་ནི་ལེའོ་ཉིང་ཞིང་ཆེན་དང་།  ཅི་ལིན་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན་བཅས་ཀྱི་ས་ཁུལ་མང་ཆེ་བར་ཁྱབ་ཡོད་ཅིང་། ནང་སོག་རང་སྐྱོང་ལྗོངས་ཀྱི་ཤར་རྒྱུད་དང་ཧོ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུའང་ཁྱབ་ཡོད། བྱང་ཤར་གྱི་གཞུང་སྐད་ལ་ཡུལ་སྐད་གཞན་དང་མི་འདྲ་བའི་རང་གི་ཁྱད་ཆོས་ལྡན་པའི་ཐ་སྙད་མང་པོ་ཡོད་ཅིང་། དེའི་ནང་གི་ཐ་སྙད་ཁ་ཤས་ནི་མན་ཇུའི་སྐད་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་ལས་བྱུང་བ་དང་། ཐ་སྙད་ཁ་ཤས་ཀྱི་སྒྲ་གདངས་དང་སྤྱི་སྐད་ཀྱི་སྒྲ་གདངས་མི་འདྲ།

5 ཆོས་ལུགས།

ས་མན་ཆོས་ལུགས(མན་ཇུ་རིགས་ཀྱི་གདོད་མའི་ཁྱིམ་ཚང་སློབ་གསོ)ཀྱི་མཛད་སྒོ་དང་གཉེན་སྟོན་ལ་མཚོན་བྱེད་རང་བཞིན་ལྡན་ཡོད་ལ། ལྷ་མཆོད་དང་གཤིན་པོ་དུར་སྐྱེལ། གདོན་སེལ་ནད་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་ཐེངས་རེར། ས་མན་གདན་འདྲེན་ཞུས་ནས་རྒྱུན་གོས་གྱོན་པ་དང་། ལྷ་ཞྭ་གྱོན་པ། སྐེད་པར་དྲིལ་བུ་ཐོགས་པ། ལག་ཏུ་འཁར་རྔ་དང་རྔ་ལྕགས་བཟུང་སྟེ། ཕྱོགས་གཅིག་ནས་ཁ་གདངས་ནས་ཞབས་བྲོ་འཁྲབ་པ། ཕར་མཆོང་ཚུར་མཆོང་། གུས་བསྟོད་བྱེད་པ། རོལ་རྩེད་བྱེད་པ་སོགས་ཆོས་ལུགས་ཀྱི་ཆོ་ག་སྤེལ་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-13

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།