རྒྱུ་སྐར་ལྷག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱུ་སྐར་ལྷག་པ།
ལྷག་པ་ནི་རྒྱུ་སྐར་ཆེན་མོ་བརྒྱད་ཀྱི་ཁྲོད་དུ་ཉི་མ་དང་བར་ཐག་ཆེས་ཉེ་བའི་སྐར་མ་ཞིག་ཡིན་ལ། ཀྲུང་གོའི་གནའ་རབས་དུས་སུ་དེར་ཐོ་རེངས་སྐར་ཆེན་དང་ནུབ་ཕྱོགས་པས་མའོ་ཆོའུ་ལིས་སུ་འབོད་པ་ཡིན། ལྷག་པ་དེ་ཉི་མ་དང་བར་ཐག་ཆེས་ཆེར་ཉེ་ཞིང་གཟུགས་པོ་ཡང་ཧ་ཅང་ཆུང་བས། སྤྱིར་བཏང་དུ་ཉི་འོད་ཀྱི་ཁྲོད་ནས་མཐོང་མི་ཐུབ་ཅིང་མི་རྣམས་ཀྱིས་ཀྱང་ནམ་རྒྱུན་ཧ་ཅང་མཐོང་དཀའ་བ་ཡིན། ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཆེན་མོ་བརྒྱད་ཁྲོད་ཀྱི་ལྷག་པས་ཆེས་ཆེ་བའི་ཟིན་ཐོ་བཀོད་ཡོད་ལ། མིག་སྔའི་བར་དུ་ལྷག་པ་ལས་ཉི་མ་དང་བར་ཐག་ཉེ་བའི་རྒྱུ་སྐར་གཞན་ཞིག་གསར་རྙེད་བྱུང་མེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
水星
ཕྱི་ཡིག་གི་མིང་།
Mercury
1 ​ངོ་སྤྲོད།

ལྷག་པ་ནི་རྒྱུ་སྐར་ཆེན་མོ་བརྒྱད་ཀྱི་ཁྲོད་དུ་ཉི་མ་དང་བར་ཐག་ཆེས་ཉེ་བའི་སྐར་མ་ཞིག་ཡིན་ལ། ཀྲུང་གོའི་གནའ་རབས་དུས་སུ་དེར་ཐོ་རེངས་སྐར་ཆེན་དང་ནུབ་ཕྱོགས་པས་མའོ་ཆོའུ་ལིས་སུ་འབོད་པ་ཡིན། ལྷག་པ་དེ་ཉི་མ་དང་བར་ཐག་ཆེས་ཆེར་ཉེ་ཞིང་གཟུགས་པོ་ཡང་ཧ་ཅང་ཆུང་བས། སྤྱིར་བཏང་དུ་ཉི་འོད་ཀྱི་ཁྲོད་ནས་མཐོང་མི་ཐུབ་ཅིང་མི་རྣམས་ཀྱིས་ཀྱང་ནམ་རྒྱུན་ཧ་ཅང་མཐོང་དཀའ་བ་ཡིན། ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཆེན་མོ་བརྒྱད་ཁྲོད་ཀྱི་ལྷག་པས་ཆེས་ཆེ་བའི་ཟིན་ཐོ་བཀོད་ཡོད་ལ། མིག་སྔའི་བར་དུ་ལྷག་པ་ལས་ཉི་མ་དང་བར་ཐག་ཉེ་བའི་རྒྱུ་སྐར་ཞིག་གསར་རྙེད་བྱུང་མེད།

ཉི་མ་དང་བར་ཐག་ཆེས་ཉེ་བའི་རྐྱེན་གྱིས་ལྷག་པའི་རྒྱུ་ལམ་གྱི་མྱུར་ཚད་དེ་རྒྱུ་སྐར་གཞན་ལས་ཆེས་ཆེར་མགྱོགས་པ་སྟེ། ལྷག་པའི་རྒྱུ་ལམ་གྱི་མྱུར་ཚད་དེ་སྐར་ཆ་རེར་སྤྱི་ལེ48ཡིན་ལ། དེ་ཉིད་སའི་གོ་ལའི་རྒྱུ་ལམ་ལས་སྤྱི་ལེ18ཀྱིས་མགྱོགས་པ་དང་། འདི་འདྲའི་མྱུར་ཚད་ཀྱིས་དུས་ཚོད་སྐར་མ15རེའི་ནང་དུ་སའི་གོ་ལར་སྐོར་བ་ཐེངས་གཅིག་རྒྱག་ཐུབ་པ་རེད།

ཉི་མའི་ཁྱིམ་རྒྱུད་ཀྱི་ཁྲོད་དུ་འཁོར་སྐར་མང་པོ་གསར་རྙེད་བྱུང་དང་འབྱུང་བཞིན་མཆིས་ཤིང་། དེ་དག་གི་གྲངས་འབོར་ནི100ལྷག་ཡིན། ཡིན་ན་ཡང་ལྷག་པ་དང་པ་སངས་གཉིས་ནི་འཁོར་སྐར་མེད་པའི་རྒྱུ་སྐར་ཡིན་པའི་རྐྱེན་གྱིས། དེ་རུ་མཚན་མོར་ཟླ་བ་མེད་པར་ལྷག་པ་གཅིག་པུ་ཁེར་རྐྱང་དུ་གནས་ཡོད་པ་ཡིན། ལྷག་པའི་ལོ་ནི་ཉི་མའི་ཁྱིམ་རྒྱུད་ཁྲོད་ཀྱི་ལོ་ཡུན་ཆེས་ཐུང་བ་ཡིན་ཞིང་། དེས་ཉི་མར་སྤྱི་སྐོར་ཐེངས་གཅིག་རྒྱག་པར་ཉིན88ལས་མ་གཏོགས་མི་དགོས་པ་དང་། དེ་ནི་སའི་གོ་ལའི་ཟླ་གསུམ་ཙམ་གྱི་དུས་ཡུན་ཀྱང་མེད་པ་རེད། དེ་ཡང་ལྷག་པའི་ཕྱི་དབྱིབས་ནི་ཟླ་བ་དང་ནང་རོལ་ནི་སའི་གོ་ལ་དང་འདྲ་ཞིང་། ལྷག་པའི་མཐུག་ཚད་ནི་རྒྱུ་སྐར་ཆེན་པོ་བརྒྱད་ནང་གི་སའི་གོ་ལའི་རྗེས་ཀྱི་ཆེས་མཐུག་པོ་ཡིན་ལ། དེའི་རྐྱེན་གྱིས་གནམ་དཔྱད་རིག་པ་བ་དག་གིས་ལྷག་པའི་ཕྱི་ཤུན་ནི་ཀེའུ་སྐྱུར་ཚྭ་ཡིས་གྲུབ་པར་འདོད་ཀྱིན་ཡོད་པ་དང་། གལ་ཏེ་དེ་ཉིད་དངོས་ནས་ཀེའུ་སྐྱུར་ཚྭ་ཡིས་གྲུབ་པ་ཡིན་ཚེ་ལྷག་པའི་ནང་གི་ལྕགས་ཀྱི་འདུས་ཚད་ནི་ཏུན་དུང་ཕྱུར20000ཡིན་སྲིད་ཅིང་། མིག་སྔར་འཛམ་གླིང་གི་རྣོ་ལྕགས་ཀྱི་ལོ་རེའི་ཐོན་ཚད་ཏུན་དུང་ཕྱུར2400རེ་གསར་འདོན་བྱས་ཆོག་པས། ལྕགས་གཏེར་གྱི་ཐོན་ཁུངས་ཆེས་ཆེར་ཕུན་སུམ་ཚོགས་པའི་ལྷག་པ་འདི་ནི་དངོས་ནས་ངོ་མཚར་བ་ཞིག་རེད།


བརྡ་འགྲེལ་གདོང་འཛར།

ལྷག་པ། རྒྱུ་སྐར། ཉི་མ། མྱུར་ཚད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-09

གསར་སྤེལ་མཁན། :མིང་གསང་UBGv93881

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།