ཅང་ཨན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་ཨན་ཆུས།
ཅང་ཨན་ཆུས་ནི་ཧུའུ་པེ་ཞིང་ཆེན་ཁོངས་ཀྱི་ཝུའུ་ཧན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། འབྲི་ཆུའི་བྱང་རྒྱུད་དང་ཝུའུ་ཧན་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད། ཤར་ངོས་ཧོང་པེ་ཆུས་དང་འབྲེལ་བ། ལྷོ་ཕྱོགས་སུ་འབྲི་ཆུ་དང་ཝུའུ་ཁྲང་ཆུས་དང་ཧུང་ཧྲན་ཆུས་དང་ཁ་སྤྲོད་དུ་གནས་ཡོད། ནུབ་ཀྱི་ཅང་ཧན་ལམ་དང་སན་ཀོན་ཟམ་པའི་ལམ་དེ་ཅང་ཧན་ཁུལ་དང་འབྲེལ་ཞིང་། བྱང་གི་ཏུང་ཞི་ཧུའུ་ཆུས་དང་འབྲེལ་ཡོད། དེ་ནི་ཝུའུ་ཧན་གྱི་ལྟེ་བའི་གྲོང་ཁུལ་བདུན་གྱི་གྲས་ཤིག་ཡིན་པ་དང་། ཀྲུང་གུང་ཝུའུ་ཧན་གྲོང་ཁྱེར་ཏང་ཨུ་དང་། ཝུའུ་ཧན་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཝུའུ་ཧན་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཝུའུ་ཧན་གྲོང་ཁྱེར་སྲིད་གྲོས་ཨུ་ཡོན་ལྷན་ཁང་བཅས་གནས་ཡུལ་ཡིན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ70.25ཡོད་པ་རེད། ཅང་ཨན་ཆུས་ནི་ཧན་ཁོའུ་ཡི་ལྟེ་བའི་གྲུབ་ཆ་ཞིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་ཆབ་སྲིད་ལྟེ་གནས་དང་ཕྱི་ཕྱོགས་འགྲོ་འོང་ལྟེ་གནས་ཡིན་ལ། ཀྲུང་གུང་ཀྲུང་དབྱང་ཝུའུ་ཧན་གྱི་གནས་རྙིང་དང་ཝུའུ་ཧན་རྒྱལ་དམངས་སྲིད་གཞུང་གི་གནས་རྙིང་གནས་ས་ཡིན། ཅང་ཨན་ཆུས་དུ་གནས་པའི་ཧན་ཁོའུ་ཡི་བཙན་གཡར་ས་ཆ་ནི་ཐེན་ཅིན་དང་ཧྲང་ཧའེ་ཕུད་པའི་བཙན་དབང་རྒྱལ་ཁབ་ཀྱིས་ཀྲུང་གོར་བཙན་གཡར་ས་ཆ་ཆེ་གྲས་གསུམ་པ་རེད། སྤྱི་ལོ1861ལོར་ཧན་ཁོའུ་ནས་འགོ་བརྩམས་ཏེ། སྔ་རྗེས་སུ་དབྱིན་ཇི་དང་ཨུ་རུ་སུ། ཧྥ་རན་སི། ཨ་རི། འཇར་མན། རི་པིན་སོགས་རྒྱལ་ཁབ20ཡིས་འདི་ནས་གཞུང་ཚབ་དོན་གཅོད་ཁང་བཙུགས། སྤྱི་ལོ2016ལོར་ཅང་ཨན་ཆུས་ཀྱི་ཐེམ་ཐོའི་མི་འབོར་ཁྲི71.11དང་རྒྱུན་སྡོད་མི་འབོར་ཁྲི100ཡོད། སྤྱི་ལོ2018ལོར་ཅང་ཨན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང16དང་སྡེ་ཁུལ1ཡོད་པ་རེད། སྤྱི་ལོ2017ལོར་ཅང་ཨན་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར1073.60མངོན་འགྱུར་བྱུང་བ་དང་ཐོན་ལས་གཉིས་པ་དང་གསུམ་པའི་འཕར་ཐང་གིསGDPཡི་བསྡུར་གྲངས་བཟུང་ཚད19.6%དང80.4%ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江岸区
སྦྲག་སྲིད་ཁུལ་ཨང་།
430000
ཕྱི་ཡིག་གི་མིང་།
Jiang'an District
ཁོངས་གཏོགས་ས་ཁུལ།
ཧུའུ་པེ་ཞིང་ཆེན་ཧུའུ་ཧན་གྲོང་ཁྱེར།
མི་གྲངས།
ཁྲི100
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ70.25
ཁ་པར་ཨང་རྟགས།
027
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཆིང་ཞན་ཧྥེང་གི་སྲིད་ལོ་བཅུ་གཅིག(སྤྱི་ལོ1861ལོ)སྔོན་ལ། ད་ལྟའི་ཅང་ཨན་ནི་ཧན་ཁོའུ་གྲོང་རྡལ་སྨད་རྒྱུད་ཀྱི་ས་སྟོང་ཞིག་ཡིན།

ཞན་ཧྥེང་སྲིད་ལོ་བཅུ་གཅིག(སྤྱི་ལོ1861ལོར)ཅང་ཨན་དུ་ཚོང་སྒོ་ཕྱེ་བ་དང་། དབྱིན་ཇི་དང་། འཇར་མན། ཨུ་རུ་སུ། ཧྥ་རན་སི། ལྗར་པན་སོགས་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མངའ་ཁོངས་སུ་བཙན་གཡར་ས་ཆ་གསར་དུ་བཏོད་པ་དང་། མངའ་ཁོངས་ཁུལ་དུ་ཅང་ཧན་ལམ་རྒྱུད་ཀྱི་ཀྲུང་ཧྲན་ལམ་ཆེན་དང་ཞ་ལིའུ་ཅ་ཆི་ལམ་བར། དེ་ནས་ཅང་ཧན་ཀོན་ནས་ལིའུ་ཅ་ཆི་ལམ་གྱི་ཅང་པེན་བར་དང་། གཙང་པོའི་རྒྱུད་ཀྱི་རིང་ཚད་ལ་སྨི3600ཡོད་པ་དང་། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2.2ཡོད་པའི་ཁྱབ་ཁོངས་དེ་བཙན་གཡར་ས་ཁུལ་དུ་གྱུར། དེའི་རྗེས་སུ། བཙན་གཡར་བྱས་པའི་ས་ཆ་སོ་སོར་ད་དུང་བསྟུད་མར་ས་མཚམས་རྒྱ་བསྐྱེད་པ་དང་མཚམས་ལས་བརྒལ་བ་དང་། བཙན་གཡར་བྱས་པའི་ས་ཆ་མུ་མཐུད་དུ་རྒྱ་བསྐྱེད་པ་རེད། སྔ་གཞུག་ཏུ་རྒྱལ་ཁབ་བཅུ་བདུན་གཙང་པོའི་འགྲམ་དུ་སོང་ནས་ཚོང་རྒྱག་པ་དང་། བཟོ་གྲྭ་འཛུགས་པ། ཆོས་སྤེལ་བ། སློབ་གཉེར་བཅས་བྱས་པ་དང་། ཕྱི་རྒྱལ་གྱི་དངུལ་ཁང་། བཟོ་གྲྭ། གྲུ་ཁ་བཅས་མང་པོ་བཙུགས་ཡོད་ལ། ཀྲུང་གོའི་དཔོན་ངན་མ་རྩའི་ཁེ་ཕན་མཚོན་པའི་དངུལ་ཁང་ཡང་བཙན་གཡར་ས་ཆའི་ཕྱི་ནང་དུ་བཙུགས་ཡོད། ཅང་ཨན་ནི་ཝུའུ་ཧན་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དངུལ་རྩ། ཆ་འཕྲིན་ལྟེ་གནས་དང་འགྲིམ་འགྲུལ་ལྟེ་གནས་སུ་གྱུར། བཙན་གཡར་ས་ཆའི་དུས་སྐབས་སུ། གློག་སྒྲོན་དང་གློག་འཕྲིན་སོགས་ཉེ་རབས་ཀྱི་སྤྱི་སྤྱོད་གྲོང་ཁྱེར་གྱི་སྒྲིག་བཀོད་ཐོག་མར་ཅང་ཨན་ནས་བྱུང་བ་དང་། ཅང་ཨན་ས་ཁུལ་དེ་ཝུའུ་ཧན་གྲོང་ཁྱེར་ཉེ་རབས་ཅན་དུ་འགྱུར་བའི་འགོ་ཚུགས་ས་ཞིག་ཏུ་གྱུར་ཡོད།

ཆིང་ཐུང་ཀྲི་སྲིད་ལོ་གསུམ(སྤྱི་ལོ1864ལོར)པར། ད་ལྟའི་ཅང་ཨན་དུ་ཀྲི་ཧྥང་ཆེན་མོ་བཙུགས།

དུས་རབས20པའི་དུས་འགོར། ཅིན་ཧན་ལྕགས་ལམ་དང་། འབྲི་ཆུའི་ཆུ་ཐོག་སྐྱེལ་འདྲེན་གྱིས་བྱང་ངོགས་སུ་ཅང་ཨན་རླངས་འཁོར་ས་ཚིགས་དང་ཅང་ཨན་གྲུ་ཁ་བཙུགས་པ་དང་། ད་ལྟའི་ཅང་ཨན་ལ་ཅང་ཨན་ས་ཁུལ་ཞེས་འབོད།

སྤྱི་ལོ1911ལོའི་ཟླ10པའི་ཚེས10ཉིན་ལ། ཝུའུ་ཁྲང་འོས་ལངས་བྱུང་ཞིང་། ཆིང་སྲིད་གཞུང་གིས་མྱུར་དུ་པེ་དབྱང་དམག་ལ་ལྷོ་ཕྱོགས་སུ“ཇག་འདུལ”བྱེད་དགོས་པའི་བཀའ་ཕབ། ཐོག་མའི་གྲུབ་འབྲས་སྲུང་སྐྱོབ་བྱ་ཆེད། སྤྱི་ལོ1911ལོའི་ཟླ10པའི་ཚེས18ཉིན། ཅང་ཨན་ས་ཁུལ་གྱི་ལིའུ་ཅ་མིའོ་རླངས་འཁོར་ས་ཚིགས(ཅང་ཨན་རླངས་འཁོར་ས་ཚིགས)སུ་ཡ་ང་བའི་དབྱང་ཞ་དམག་འཁྲུག་བྱུང་། གཡུལ་འགྱེད་འདི་ཕམ་ཁའི་ངང་མཇུག་རྫོགས་མོད། འོན་ཀྱང་ཆིང་དམག་གི་གཙོ་ཤུགས་དེ་ཧུའུ་པེ་ནས་ཉིན་བཞི་བཅུ་ལྷག་ལ་འགོར་འགྱངས་བྱས་ཏེ། ཞིང་ཆེན་སོ་སོའི་རང་བཙན་གྱི་ཆེད་དུ་རིན་ཐང་བྲལ་བའི་དུས་ཚོད་བླངས་པ་དང་། འབྲི་ཆུའི་ལྷོ་ཕྱོགས་ཀྱི་ས་ཁུལ་ཚང་མ་གསར་བརྗེའི་དམག་གིས་བཟུང་བ་དང་། ཆིང་སྲིད་གཞུང་དང་ལྷོ་བྱང་ཁ་གཏད་དུ་ལངས་པའི་རྣམ་པ་ཆགས་ཤིང་། ཆིང་སྲིད་གཞུང་གིས་ཀྲུང་གོར་དབང་སྒྱུར་བྱེད་པར་ས་གས་རི་ཉིལ་གྱི་རྣམ་པ་མངོན།

མིན་གོའི་སྲིད་ལོ12པའི(སྤྱི་ལོ1923ལོ)ཟླ2པའི་ཚེས4ཉིན། ཅིན་ཧན་ལྕགས་ལམ་སྤྱིའི་བཟོ་ཚོགས་ཀྱིས་ལྕགས་ལམ་ཡོངས་ཀྱི་ལས་མཚམས་བཞག་པ་དང་། ཅིན་ཧན་ལྕགས་ལམ་གྱི་ལམ་ཐིག་ཡོངས་ཀྱི་བཟོ་བ་ཁྲི2ཀྱིས་སྔ་གཞུག་ཏུ་ལས་མཚམས་བཞག རྒྱལ་ཡོངས་ཀྱི་ཐེངས་དང་པོའི་བཟོ་བའི་ལས་འགུལ་གྱི་མཐོ་རླབས“གཉིས་བདུན”ལས་མཚམས་ཆེན་པོ་འཇོག་པའི་འགོ་བརྩམས། ལས་མཚམས་ཉིན་གསུམ་ལ་བཞག་པ་དང་། དམག་ཤེད་ཅན་ཝུའུ་ཕེ་ཧྥུས་དྲག་གནོན་བྱས་ཤིང་། བཟོ་བ35རྐྱེན་ལམ་དུ་ཤོར་བ་དང་། བཟོ་བ200ལྷག་རྨས་ནས“གཉིས་བདུན་སྐྱོ་གནས”གྲགས་ཅན་དུ་གྱུར།

མིན་གོའི་སྲིད་ལོ་བཅུ་དྲུག་པའི(སྤྱི་ལོ1927ལོའི)ཟླ8ཚེས7ཉིན་ཀྲུང་གུང་ཀྲུང་དབྱང་གིས་འབྲི་ཆུའི་ངོགས་སུ་ཀྲུང་གུང་ཏང་གི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་“བརྒྱད་བདུན་གྲོས་ཚོགས”འཚོགས། ཁྲེན་ཏུའུ་ཞིའུ་ཡི་གཡས་ལྷུང་སྐབས་འཚོལ་རིང་ལུགས་ཀྱི་ནོར་འཁྲུལ་ཡོ་བསྲང་དང་མཇུག་བསྒྲིལ། ས་ཞིང་གསར་བརྗེ་དང་དྲག་ཤུགས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པའི་སྤྱིའི་བྱེད་ཕྱོགས་གཏན་ལ་ཕབ་པ་དང་། ཀྲུང་གོའི་གསར་བརྗེ་དེ་རྒྱལ་ནང་གསར་བརྗེའི་དམག་འཁྲུག་ཐེངས་གཉིས་པའི་དུས་སྐབས་སུ་སླེབས་པ་རེད། ཐེངས་འདིའི་གྲོས་ཚོགས་ཐོག་མའོ་ཙེ་ཏུང་གིས“མེ་མདའི་ནང་ནས་སྲིད་དབང་ཐོན་པའི”བསམ་བློ་གྲགས་ཅན་བཏོན་ཏེ། བསམ་བློ་ཟང་ཟིང་དང་རྩ་འཛུགས་ཐར་ཐོར་དུ་འགྱུར་བཞིན་པའི་ཀྲུང་གོ་གུང་ཁྲན་ཏང་ལ་མདུན་ལམ་གསར་པ་བསྟན་ནས། ཏང་དང་གསར་བརྗེ་སྐྱོབ་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་པར་(སྤྱི་ལོ1945ལོ)འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་བཙན་གཡར་ས་ཆ་ཁག་ཚང་མ་ཚུར་བླངས་ནས་སྔ་ཕྱིར་དམིགས་བསལ་ས་ཁུལ་དུ་བསྒྱུར།

སྤྱི་ལོ1949ལོར་ཝུའུ་ཧན་བཅིངས་འགྲོལ་བཏང་རྗེས། དེ་སྔའི་ཀྲུང་ཧྲན་དང་ཏ་ཀྲི། ཧན་ཅིན། ཞི་བདེ་བཅས་ས་ཁུལ་བཞིའི་མངའ་ཁོངས་ཆ་ཤས་ཀྱི་རྨང་གཞིའི་སྟེང་ཅང་ཨན་སྲིད་འཛིན་ས་ཁུལ་བཙུགས།

སྤྱི་ལོ1953ལོར་ཅང་ཨན་ཆུས་མི་དམངས་ཨུ་ཡོན་ལྷན་ཁང་བཙུགས། ཧོང་པིའི་ས་ཁོངས་ཁ་ཤས་ཁོངས་སུ་བཅུག

སྤྱི་ལོ1968ལོར་ཅང་ཨན་གཉིས་བདུན་ཆུས་སུ་བསྒྱུར།

སྤྱི་ལོ1980ལོར་ཅང་ཨན་ཆུས་བསྐྱར་འཛུགས་བྱས་པ་དེ་ཝུའུ་ཧན་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས།

སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོ་བར་ཅང་ཨན་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང16དང་སྡེ་ཁུལ1ཡོད་པ་རེད། ཅང་ཨན་ཆུས་མི་དམངས་སྲིད་གཞུང་ལིའུ་ཧུ་ལམ་གྱི་སྒོ་རྟགས1པོར་བཅའ་སྡོད་བྱས།

2 ས་ཁམས་ཁོར་ཡུག
2_1 གནས་སའི་ཡུལ་ཁོངས།

ཅང་ཨན་ཆུས་ནི་འབྲི་ཆུའི་བྱང་ངོགས་དང་། ཧུའུ་པེ་ཝུའུ་ཧན་གྲོང་རྡལ་གསུམ་གྱི་ཧན་ཁོའུ་ཡི་ཤར་ཕྱོགས་སུ་གནས་པ་དང་། ཤར་ངོས་ཧོང་པེ་ཆུས་ཝུའུ་ཧུའུ་ཁྲོམ་གཞུང་དང་འབྲེལ་བ། ནུབ་ངོས་ཅང་ཧན་ལམ་དང་སན་ཀྲི་ཟམ་པའི་ལམ་རྒྱུད་དེ་ཅང་ཧན་ཁུལ་དང་ས་མཚམས་འབྲེལ་བ། ལྷོ་རྒྱུད་འབྲི་ཆུ་དེ་ཝུའུ་ཁྲང་ཆུས་དང་། ཆིང་ཧྲན་རི་ཁུལ། ཧུང་ཧྲན་ཆུས་བཅས་ཐེན་ཞིན་ཤང་དང་གཙང་པོས་ཆོད་ཅིང་། བྱང་ཤར་ནུབ་མཚེའུ་ཁུལ་དང་འབྲེལ་ཡོད། ཤར་ནུབ་ཀྱི་ཆེས་རིང་བའི་བར་ཐག་སྟོང་སྨི13.3དང་། ལྷོ་བྱང་གི་ཆེས་རིང་བའི་བར་ཐག་སྟོང་སྨི7.4ཡིན། མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ70.25ཡོད་པ་དང་། ལྟེ་བའི་གནས་ས་ནི་འཕྲེད་ཐིག་བྱང་མ30°36′8.05″ཡིན། ཤར་གྱི་གཞུང་ཐིག114°18′14.98″ཡིན།

2_2 ས་དབྱིབས།

ཅང་ཨན་ཆུས་ནི་འབྲི་ཆུའི་བར་རྒྱུད་ཀྱི་རྒྱུག་གསོག་བདེ་ཐང་ཁུལ་དུ་གནས་པ་དང་། ས་བབ་ཁོད་སྙོམས་པ་དང་། ཅུང་དམའ་བ། རི་བོ་དང་མཐོ་ས་མངོན་གསལ་དོད་པ། ས་ཁོངས་ཧྲིལ་པོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི22.9ཡོད་པ་བཅས་རེད།

2_3 ནམ་ཟླ།

ཅང་ཨན་ཆུས་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་ཡིན་པ་དང་། དུས་བཞི་མངོན་གསལ་དང་། ཉི་འོད་འབེལ་ལ་ཆུ་འབེལ་བ། དགུན་དུས་གྲང་ངར་ཆེ་བ་དང་། དབྱར་དུས་ཚ་བ་ཆེ་བ། བ་མོ་མེད་པའི་དུས་ཡུན་རིང་བ། ལོ་རེའི་ཆ་སྙོམས་དྲོད་ཚད་ཀྱི་འགུལ་རྣམ་འགྱུར་ལྡོག་མི་ཆེ་བ། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1224.2དང་། ལོ་རེའི་ཆ་སྙོམས་དྲོད་ཚད16.3℃ཡིན།

3 རང་བྱུང་ཐོན་ཁུངས།
3_1 ཆུའི་ཐོན་ཁུངས།

ཅང་ཨན་ཆུས་ས་ཁོངས་ཀྱི་ས་ངོས་ཆུའི་ཐོན་ཁུངས་འབེལ་པོ་ཡོད་པ་དང་། ཆུ་བོ་གཙོ་བོ་འབྲི་ཆུ་དང་། ཧྥུ་ཧོ་ཆུ་བོ། ཀྲུའུ་ཅ་ཧོ་ཆུ་བོ། ཧོང་ཞའོ་ཧོ་ཆུ་བོ། མཚེའུ་ལ་ཧོའུ་མཚེའུ་དང་། ཧུའེ་ཙེ་མཚེའུ། ཐ་ཙི་མཚེའུ་སོགས་ཡོད།

3_2 ས་ཞིང་གི་ཐོན་ཁུངས།

སྤྱི་ལོ2015ལོར་ཅང་ཨན་ཆུས་གྱི་རྨོ་ཞིང་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་སྟོང0.50ཟིན་པའི་ནང་ཆུ་ཞིང་སྤྱི་ཆིང་སྟོང0.02དང་སྐམ་ཞིང་སྤྱི་ཆིང་སྟོང0.35ཟིན་ཡོད།

རྩི་ཤིང་གི་ཐོན་ཁུངས།

ཅང་ཨན་ཆུས་ཁོངས་ཀྱི་རྩི་ཤིང་ཁུལ་ནི་ཚ་ཁུལ་དབུས་མའི་རྒྱུན་ལྗང་དང་ལོ་མ་ཆེ་བའི་ནགས་ཚལ་ཁུལ་གྱི་ཅང་ཧན་བདེ་ཐང་གི་སྔོ་ཁེབས་ལ་གཏོགས་པ་དང་རྩི་ཤིང་གི་རིགས་ཅུང་མང་། དུས་རབས20པའི་ལོ་རབས80པའི་རྗེས་སུ་ཁོར་ཡུག་བཀོད་སྒྲིག་དང་གྲོང་ཁྱེར་མཛེས་སུ་གཏོང་བའི་དགོས་མཁོའི་དབང་གིས་རྩི་ཤིང་གི་རིགས་གསར་པ་འབོར་ཆེན་ནང་འདྲེན་བྱས་ཡོད།

4 མི་འབོར།

སྤྱི་ལོ2018ལོར(སྤྱི་ལོ2017ལོའི་ཟླ10པའི་ཚེས1ཉིན་ནས་སྤྱི་ལོ2018ལོའི་ཟླ9པའི་ཚེས30ཉིན་བར)ཅང་ཨན་ཆུས་སུ་མི8844སྐྱེས། དེའི་ནང་བུ་ཕྲུག4624སྐྱེས་པ་དང་། བུ་མོ4220སྐྱེས། སྐྱེས་པའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད་ནི109.57(གྲོང་ཁྱེར་གྱི་ཚད་གཞི110ནང་ཚུན་དུ་ཚོད་འཛིན་ཐུབ་པ)སྐྱེས་པ་རེད། གཙང་འགྲམ་ཁུལ་གྱི་མི་འབོར་ཆ་སྙོམས་ཚེ་ཚད་ལོ79.38དང་། སྐྱེས་པ་ལོ76.64བུད་མེད་ལོ82.28བཅས་རེད། ལོ་ཧྲིལ་པོར་མི5955ཤི་བའི་ནང་ཕོ3381དང་མོ2574ཡོད། ཤི་ཚད་སྟོང་ཆའི8.03ཟིན་པ་དང་། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི3.5ཟིན་ཡོད། ལྗོངས་ཡོངས་ཀྱི་མི་འབོར་རྒན་རྒོན་གྱི་བཏགས་གྲངས14.38%ཟིན་པ། སྨྱོ་ནད་ཚབས་ཆེན་ཕོག་པའི་ནད་པ་ཁྱོན3060ལ་དོ་དམ་བྱས་པ་དང་དོ་དམ་བྱེད་ཚད80.76%ཟིན་ཡོད་པ་རེད།

5 ཆབ་སྲིད།

ཀྲང་ཀྲུང་ཅུན། ཅང་ཨན་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་།

ཆི་ལིན་གྱི་དྲི་བ། ཅང་ཨན་ཆུས་ཨུད་ཀྱི་རྒྱུན་ཨུ་དང་ཆུས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཆུས་ཀྲང་གཞོན་པ།

ཡེ་ཞའོ་ཧྥེ། ཅང་ཨན་ཁུལ་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ།

སི་ཐུའུ་དབྱི། ཅང་ཨན་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ།

ཞུང་ཅུན། ཅང་ཨན་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ།

ཀྲུའུ་ཀུང་ཝེ། ཅང་ཨན་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ།

ཅང་ཀྲི་ཀེང་། ཅང་ཨན་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ།

6 དཔལ་འབྱོར།

སྤྱི་ལོ2017ལོར་ལྗོངས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1073.60ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་འཕར་ཚད་7.6%ཟིན་པ་དང་བསྡོམས་འབོར་ལོ་གཉིས་བསྟུད་མར་ལྟེ་བའི་གྲོང་ཁུལ་གྱི་ཨང་གསུམ་པ་རྒྱུན་འཁྱོངས་ཐུབ་ཡོད། ལྗོངས་ཡོངས་སུ་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར862.79ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང7.8%འཕར་ཡོད། ཐོན་ལས་གཉིས་པ་དང་་གསུམ་པའི་འཕར་ཐང་གིསGDPཡི་བསྡུར་ཚད་སོ་སོར19.6%དང80.4%ཟིན་པ་དང་། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་81.43མངོན་འགྱུར་བྱུང་། བསྡུར་རུང་བའི་རིན་གོང་འཕར་ཚད8.4%ཟིན་པ་དེ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་ལས་བརྒྱ་ཆའི་གྲངས0.8མཐོ་བ་ཡོད། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་གིས་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་གི་བསྡུར་ཚད་ཟིན་གྲངས67.4%ཟིན་ཡོད།   

6_1 གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ།

སྤྱི་ལོ2017ལོར་ལྗོངས་ཡོངས་སུ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར556.04བཏང་བ་དེ་དུས་མཚུངས་ལས10.0%འཕར་བ་དང་། དེ་སྤྱི་ལོ2016ལོ་ལས་བརྒྱ་ཆའི་གྲངས14འཕར་བ་དང་བསྡོམས་འབོར་དང་འཕར་ཚད་ལྟེ་བའི་གྲོང་ཁུལ་གྱི་ཨང་དང་པོ་དང་ཨང་དྲུག་པར་སླེབས་ཡོད། མ་འཇོག་གཞི་ཁྱོན་ནས་བལྟས་ན། མ་འཇོག་རྣམ་གྲངས་གལ་ཆེན་གྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཡོད་པ་དང་། སྒོར་ཁྲི5000ཡན་གྱིས་མཛོད་འཇུག་དང་། སྐྲུན་བཞིན་པ། འཚོང་བཞིན་ཡོད་པ་བཅས་ཀྱི་མ་འཇོག་རྣམ་གྲངས178(དེའི་ནང་ས་ཁང་ཐོན་ལས་གསར་སྤེལ་གཉེར་སྐྱོང་ཚུད)ཡོད། མ་འཇོག་སྒོར་དུང་ཕྱུར499.24ལེགས་གྲུབ་ཟིན་པ། སྤྱི་ཚོགས་ཡོངས་ཀྱི་མ་འཇོག་བསྡུར་གྲངས་བཟུང་ཚད89.8%ཟིན་ཡོད་པ་རེད། མ་འཇོག་གྲུབ་ཆ་ནས་བལྟས་ན། སྒོར་ཁྲི500ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་ལ་མ་དངུལ་སྒོར་དུང་ཕྱུར226.66བཏང་ནས82.2%འཕར་བ་དེ་སྤྱི་ལོ2016ལོ་དང་བསྡུར་ན་བརྒྱ་ཆའི་གྲངས16.2འཕར་བ་དང་། ས་ཁང་བདག་ཁོངས་གསར་སྤེལ་གཉེར་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར329.38བཏང་ནས་13.5%ཆག་པ་དེ་སྤྱི་ལོ2016ལོའི་བརྒྱ་ཆའི་གྲངས16.2ལས་དམའ་བ་ཡོད།

6_2 ནོར་ཁྲལ་གཏོང་ཡོང་།

སྤྱི་ལོ2017ལོར་ལྗོངས་ཡོངས་སུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར187.54ཟིན་པ་དེ་དུས་མཚུངས་ལས11.3%འཕར་བ་དང་། སྤྱི་ལོ2016ལོ་ལས་བརྒྱ་ཆའི་གྲངས2.1ཆག་ནས་བསྡོམས་འབོར་དང་འཕར་ཚད་ཚང་མ་ལྟེ་བའི་གྲོང་ཁུལ་གྱི་ཨང་གསུམ་པར་སླེབས་ཡོད་པ་རེད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར111.15ཟིན་པ་དེ་དུས་མཚུངས་ལས9.8%འཕར་བ་དང་། སྤྱི་ལོ2016ལོ་ལས་བརྒྱ་ཆའི་གྲངས4.8ཆག་པ་དང་། བསྡོམས་འབོར་ལྟེ་བའི་གྲོང་ཁུལ་གྱི་ཨང་གསུམ་པར་སླེབས། འཕར་ཚད་ལྟེ་བའི་གྲོང་ཁུལ་གྱི་ཨང་ལྔ་པར་སླེབས་ཡོད་པ་རེད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར99.88དང11.6%འཕར་ཡོད་པ་རེད། སྤྱི་ལོ2016ལོ་ལས་བརྒྱ་ཆའི་གཞི་གྲངས3.3ཆག་ཡོད།

7 འགྲིམ་འགྲུལ།

2016ལོར་ཅང་ཨན་ཆུས་ཀྱི་ཡང་བའི་ལྕགས་ལམ་ལམ་ཐིག་དང་པོའི་སྣུར་སྲིང་ལམ་ཐིག་དང་། ས་འོག་ལྕགས་ལམ་ལམ་ཐིག་གཉིས་པ། ས་འོག་ལྕགས་ལམ་ལམ་ཐིག་གསུམ་པ། ཝུའུ་ཤའོ་གྲོང་ཁྱེར་དབར་གྱི་ལྕགས་ལམ་བཅས་ཤར་གཏོང་བྱས་པ་དང་། ས་འོག་ལྕགས་ལམ་ལམ་ཐིག་དྲུག་པར་མེ་འཁོར་ཤར་གཏོང་བྱས། ལྗོངས་ནང་ཁུལ་དུ་ས་ཚིགས24བཙུགས་ཡོད་པ་རེད། འཁོར་རྒྱུག་ཆུང་བའི་འགྲོ་ལམ80བསྐྲུན་ནས་སྤྱིའི་ལམ་ཚད་སྤྱི་ལེ33ཟིན་ཡོད།

ཅང་ཨན་ཁུལ་གྱི་ཆུ་སྐམ་མཁའ་གསུམ་གྱི་སྐྱེལ་འདྲེན་སྟབས་བདེ་བ་དང་། འབྲི་ཆུ་དང་ཐག་ཉེ་པོ་ཡོད། འབྲི་ཆུའི་ཟམ་ཆེན་གཉིས་པ་དང་། གཉིས་བདུན་འབྲི་ཆུའི་ཟམ་ཆེན། ཐེན་ཤིན་ཀྲོའུ་འབྲི་ཆུའི་ཟམ་ཆེན། འབྲི་ཆུའི་ཕུག་ལམ་སོགས“ཟམ་གསུམ་དང་ཕུག་ལམ་གཅིག”གཙང་ཆེན་ངོགས་གཉིས་དང་འབྲེལ་མཐུད་ཐུབ་པ། ཨེ་ཤེ་ཡའི་ནང་ལོགས་གཙང་པོ་ཆེ་གྲས་དང་པོ་ཝུའུ་ཧན་འགྲུལ་སྐྱེལ་གྲུ་ཁ་དང་། ཧན་ཁོའུ་མེ་འཁོར་འབབ་ཚུགས། ཝུའུ་ཧན་རྒྱལ་སྤྱིའི་གནམ་ཐང་། དབྱང་ལུའོ་ཧྲེན་ཧྲུའེ་གྲུ་ཁ། ཅིང་ཀྲུའུ་ཧུའུ་རུང་མྱུར་བགྲོད་གཞུང་ལམ་འབྲེལ་མཚམས་བཅས་མཐའ་འཁོར་དུ་འབྲེལ་བ། ཐེན་ཤིང་ཀྲོའུ་ཡི་འབྲི་ཆུའི་ཟམ་པ་བཞི་པ་དང་། ཝུའུ་ཧན་གྱི་སྐོར་ལམ་འབྲིང་བ། ཅིན་ཆའོ་བཅས་ཀྱི་ལམ་ཆེན་དེ་ཉིན་བཞིན་དར་རྒྱས་བྱུང་ཡོད། གཙང་རྒྱུད་དང་། ཀྲུང་ཧྲན། བཅིངས་འགྲོལ། འཛུགས་སྐྲུན། འཕེལ་རྒྱས་སོགས་མ་ལམ་གཙོ་བོ་ལྔ་དང་གཙང་རྒྱུད་མཉམ་འགྲོ་བྱེད་པ། ཅང་ཧན་རྐང་ཐང་ཁྲོམ་གཞུང་དང་། ནན་ཅིང་ལམ། ཏ་ཀྲི་ལམ། སྒོར་གཅིག་ལམ། སན་དབྱང་ལམ། ཧོང་ཕུའུ་ཁྲོམ་གཞུང་དང་གཙང་པོའི་རྒྱུད་ཀྱི་ཁྲོམ་གཞུང་། ཝུའུ་ཧན་གྱི་མགྲོན་བསུའི་ལམ་ཆེན་ཏེ་ཐེན་ལིའི་ལམ་ཤར་བགྲོད་ཐུབ་པ་དང་། ཤིན་རུང་འགྲུལ་སྐྱེལ་ལྟེ་གནས་དེ་ཝུའུ་ཧན་འབྲི་ཆུའི་བྱང་ངོགས་ཀྱི་འགྲིམ་འགྲུལ་ལྟེ་གནས་ཆེ་ཤོས་སུ་བསྐྲུན་རྒྱུ་ཡིན་པ་རེད།

8 སྤྱི་ཚོགས་ལས་དོན།
8_1 ཚན་རིག་ལག་རྩལ།

སྤྱི་ལོ2018ལོར་ཅང་ཨན་ཆུས་སུ་མཐོ་གསར་ལག་རྩལ་ཁེ་ལས44མང་དུ་བཏང་བ་དང་། རིམ་རྩིས་བྱས་ན154ཡོད། “ཚན་རྩལ་མི་ཆེན་ཆུང་བའི”ཁེ་ལས40སྐྱེད་སྲིང་བྱས་པས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར242ཟིན་པ་དང་འཕར་ཚད21.4%ཟིན་ཡོད་པ་རེད། ལག་རྩལ་གན་རྒྱ་ཐོ་འགོད་བྱས་གྲངས་སྒོར་དུང་ཕྱུར7.69ཟིན་ཡོད། ལོ་ཧྲིལ་པོར་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རྣམ་གྲངས157ལ་གན་རྒྱ་བཞག་པ་དང་གན་འཇོག་དངུལ་འབོར་སྒོར་དུང་ཕྱུར་4.63ཟིན་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཟླ་རེའི་ཞིབ་དཔྱད་ཁྲོད་ཅང་ཨན་ཆུས་གྲོང་ཁྱེར་དེ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། ལྗོངས་ཡོངས་སུ་རིགས་ཁག་གི“གཉིས་གཏོད”ལས་སྟེགས10(རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་སྐྱེད་སྲིང་བྱ་ཡུལ2དང་། ཞིང་ཆེན་རིམ་པའི་ཚན་རྩལ་ཁེ་ལས་སྐྱེད་སྲིང་བྱ་ཡུལ1 གྲོང་ཁྱེར་རིམ་པའི་ཚན་རྩལ་ཁེ་ལས་སྐྱེད་སྲིང་བྱ་ཡུལ1 རྒྱལ་ཁབ་རིམ་པའི་ཀུན་གཏོད་བར་སྟོང2 ཞིང་ཆེན་རིམ་པའི་ཀུན་གཏོད་བར་སྟོང3 གྲོང་ཁྱེར་རིམ་པའི་ཀུན་གཏོད་བར་སྟོང1)བཅས་ཡོད་པ་རེད། ཝུའུ་ཧན་གྲོང་ཁྱེར་གྱི་ཧོང་ཧོ་ཤེས་ལྡན་པ་དང་། འབྲི་ཆུའི་ངོགས་ཀྱི་ནུས་རྩལ་ཅན། སློབ་ཆེན་སློབ་མའི་ལས་གཏོད་གདོང་ལེན་པ། ཝུའུ་ཧན་གྲོང་ཁྱེར་གྱི་ལས་གཏོད་ཤེས་ལྡན་པ་ཕུལ་བྱུང་སོགས་རིམ་པ་མཐོ་བའི་ཚན་རྩལ་ཤེས་ལྡན་པ་སྣ་ཚོགས་མི100ལྷག་ཙམ་གསོ་སྐྱོང་བྱས་ཡོད།

སྤྱི་ལོ2018ལོའི་ཟླ་དང་པོ་ནས་དགུ་པའི་བར་ཅང་ཨན་ཆུས་ཀྱི་ཁེ་བེད་བདག་ཐོབ་ཀྱི་རེ་ཞུ1831(དེའི་ནང་གསར་གཏོད་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད694ཚུད་པ)ཟིན་པ་དེ་དུས་མཚུངས་ལས32.59%མང་དུ་ཕྱིན་ཡོད་པ་རེད། ཁེ་བེད་བདག་ཐོབ1086སྤྲད་པ་དེ་དུས་མཚུངས་ལས44.22%མང་དུ་ཕྱིན་པ་རེད།

8_2 སློབ་གསོ།

སྤྱི་ལོ2018ལོ་བར་ཅང་ཨན་ཆུས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁྱོན179ཡོད་པའི་ནང་གཞུང་བཙུགས་སློབ་གྲྭ104དང་དམངས་གཉེར་སློབ་གྲྭ75ཡོད་པའི་ནང་བུ་བཅོལ་ཁང103(དེའི་ནང་གཞུང་བཙུགས་སློབ་གྲྭ35དང་དམངས་གཉེར་སློབ་གྲྭ68)དང་། སློབ་ཆུང39(དེའི་ནང་གཞུང་བཙུགས་སློབ་གྲྭ38དང་དམངས་གཉེར་སློབ་གྲྭ1)དམའ་རིམ་སློབ་འབྲིང22(དེའི་ནང་གཞུང་བཙུགས་སློབ་གྲྭ19དང་དམངས་གཉེར་སློབ་གྲྭ3བཅས་ཡོད་པ་དང་། ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ4ཚུད)དང་། མཐོ་རིམ་སློབ་འབྲིང9(དེའི་ནང་གཞུང་གཉེར་སློབ་གྲྭ8དང་དམངས་གཉེར་སློབ་གྲྭ1)འབྲིང་རིམ་ལས་རིགས་སློབ་གྲྭ5(དེའི་ནང་གཞུང་གཉེར་སློབ་གྲྭ3དང་། དམངས་གཉེར་སློབ་གྲྭ2)དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད། ལྗོངས་ཡོངས་སུ་སློབ་གྲྭར་ཡོད་པའི་སློབ་མ་ཁྱོན117345ཡོད་པའི་ནང་གཞུང་བཙུགས་སློབ་མ94641ཡོད་པ་དང་དམངས་བཙུགས་སློབ་མ22704ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་དགེ་རྒན་དང་ལས་བཟོ11671སོ་སོར་བུ་བཅོལ་ཁང་དུ་མི3857དང་། སློབ་ཆུང་དུ་མི3400དམའ་རིམ་སློབ་འབྲིང་དུ་མི2212མཐོ་རིམ་སློབ་འབྲིང་དུ་མི1423འབྲིང་རིམ་ལས་རིགས་པ757དམིགས་བསལ་སློབ་གསོ་བ22བཅས་ཡོད། མཐོ་རྒྱུགས་ཀྱི་ལྗོངས་ཡོངས་ཀྱི་མི་བཞི་གྲོང་ཁྱེར་ཡོངས་ཀྱི་མདུན་གྲས་སུ་སླེབས་པ་དང་ཝུའུ་ཧན་སློབ་འབྲིང་དྲུག་པའི་སློབ་མ་ཕེང་ཝེ་ཧྥང་གིས་སྐར་མ709ཡི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་རྩིས་ཚན་ཁག་གི་ཨང་དང་པོ་བླངས་པ་དང་། ལྗོངས་ཡོངས་སུ་ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་གྱི་མི་གྲངས22ཟིན་ཡོད། སྐར་མ600ཅན་གྱི་རིག་ཚན་དང་རྩིས་ཚན་གྱིས་ལྗོངས་ཡོངས་ཀྱི་རྒྱུགས་སྤྲོད་སློབ་མའི་བཞི་ཆའི་གཅིག་བཟུང་བ་དང་ལྗོངས་ཡོངས་ཀྱི་སློབ་མ་ཕྱེད་ཀ་ཡན་དངོས་གཞི་དང་པོའི་སློབ་གྲྭར་འགྲོ་ཐུབ་ཡོད། སྤྱི་ལོ2018ལོའི་འབྲིང་རྒྱུགས་ལ་ལོ་རྒྱུས་ཀྱི་ཚད་བརྒལ་བྱུང་ཡོད། སློབ་མ་28གྲོང་ཁྱེར་ཡོངས་ཀྱི“བཀག་ཡོལ”མིང་ཐོའི་ནང་ཚུད་པ་དེ་གྲོང་ཁྱེར་ཡོངས་ཀྱི“བཀག་སྒྲིལ”མི་གྲངས་ཀྱི་བཞི་ཆ་གཅིག་ལས་བརྒལ་ཡོད།

8_3 རིག་གནས།
8_3_1 རིག་གནས་ཁང་།

1.རིག་གནས་ཁང་། ཅང་ཨན་ཆུས་རིག་གནས་ཁང་དེ་ནན་ཅིང་ལམ་གྱི་སྒོ་རྟགས63དུ་གནས་པ་དང་། འགྲེམས་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ3120ཡོད། སྦྱོང་བརྡར་ཁང་དང་། ཡིག་རིས་སློབ་ཁང་། རོལ་དབྱངས་སློབ་ཁང་། པར་ལེན་སློབ་ཁང་། ཟློས་གར་སློབ་ཁང་སོགས་རིག་གནས་བྱེད་སྒོའི་ཚོམས་ཆེན20ཡོད་པ་དེ་དག་ད་ལྟ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་གནས་ཁང་ཡིན།

2.ཝུའུ་ཧན་གྲོང་ཁྱེར་ཅང་ཨན་ཆུས་དཔེ་མཛོད་ཁང(ཝུའུ་ཧན་གྲོང་ཁྱེར་ཅང་ཨན་ཆུས་ཀྱི་ལོ་ཆུང་བྱིས་པའི་དཔེ་མཛོད་ཁང)དེ་ནན་ཅིང་ལམ་གྱི་སྒོ་རྟགས63པ་དང་རྒྱ་ཁྱོན་སྨི་ གྲུ་བཞི་མ4567ཡོད་པ་དང་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི35ལྷག་ཙམ་ཡོད་པའི་ནང་སྐུད་བཅུག་དཔེ་རྙིང3700ལྷག་ཙམ་ཡོད། སྐུད་འཇུག་དེབ24ཡི་དེབ820གྲོང་ཁྱེར་ཡོངས་ཀྱི་གྲོང་ཁུལ་ཁག་གི་ཨང་དང་པོར་སླེབས་ཡོད། ལོ་རེར་ཆ་སྙོམས་གཡར་ཐེངས་ཁྲི23ལྷག་ཙམ་ཟིན་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དཔེ་མཛོད་ཁང་ཡིན་པ་རེད།

8_3_2 རླུང་འཕྲིན་གློག་བརྙན།

གྲོང་ཁྱེར་ཁོངས་གཏོགས་ཀྱི་གློག་བརྙན་ཟློས་གར་ཁང12ཡོད་པ་དང་ལྗོངས་ཁོངས་གློག་བརྙན་ཁང1ཡོད།

8_3_3 རིག་རྩལ་ཚོགས་པ།

1.སྤྱི་ཚོགས་ཀྱི་རིག་རྩལ་ཚོགས་པ15ཡོད་པ་སྟེ། ཅང་ཨན་ཁུལ་གྱི་རྒན་རྒོན་སྒྱུ་རྩལ་ཚོགས་པ་དང་། ཅང་ཨན་ཁུལ་གྱི་ཡིག་རིས་མཐུན་ཚོགས། ནོར་སྔོན་གྱི་སྒྱུ་རྩལ་ཚོགས་པ། བར་སྟོང་ཞབས་བྲོའི་རུ་ཁག ཅི་ཆིང་ཡིག་རིས་གླིང་། ཝུའུ་ཧན་ཅུན་ཡུའེ་ཟློས་གར་ཚོགས་པ། ཙེ་ཡོན་གླུ་གར་ཚོགས་པ། ཝུའུ་ཧན་ཐེན་ཡིའུ་ཐེན་དམངས་ཁྲོད་ཞབས་བྲོ་ཚོགས་པ། ཞབས་བྲོའི་ཕུགས་འདུན་སྒྱུ་རྩལ་ཚོགས་པ། ཝུའུ་ཧན་གྲོང་ཁྱེར་ཧུང་ཧྲན་ཧུའུ་གྱོན་ཆས་གླུ་གར་སྒྱུ་རྩལ་ཚོགས་པ། ཞིན་ཞིན་སྒྱུ་རྩལ་ཚོགས་པ། ཅང་ཨན་ཆུས་རིག་གནས་ཁང་གི་ན་ཆུང་བྱིས་པའི་སྒྱུ་རྩལ་ཚོགས་པ། ལིང་ཙི་ཞབས་བྲོ་སྒྱུ་རྩལ་ཚོགས་པ། དབྱིན་ཙེ་སྒྱུ་རྩལ་ཚོགས་པ། “དར་རྒྱས་རྔ་སྒྲ”རུ་ཁག་བཅས་ཡོད།

2མཐུན་ཚོགས་ཀྱི་སློབ་ཚོགས་40ཡོད་པ་སྟེ། གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། སྒྲ་དང་། ཞབས་བྲོ། མཛེས་རྩལ། པར་ལེན། དཔེ་དེབ། ཟློས་གར། དབྱངས། རྩལ་རྩེད་སོགས་མཐུན་ཚོགས9 ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། རྩོམ་དང་། སྒྲ། ཞབས་བྲོ། མཛེས་པ། པར་ལེན། དཔེ་ཆ། ཟློས་གར། དབྱངས། རྩལ་རྩེད་སོགས་མཐུན་ཚོགས9 ཝུའུ་ཧན་ཀོང་ཅའོ་པར་ལེན་སློབ་ཚོགས། ལྗོངས་མང་ཚོགས་རྩོམ་རིག་ཚོགས་པ། ལྗོངས་ཡིག་རིས་སློབ་ཚོགས། ལྗོངས་མིག་མངས་མཐུན་ཚོགས། ལྗོངས་དྲག་རྩལ་མཐུན་ཚོགས། ལྗོངས་རྒན་རྒོན་ལུས་རྩལ་མཐུན་ཚོགས་དང་དེར་ཁོངས་གཏོགས་ཀྱི་ཡན་ལག་ཚོགས་པ16བཅས22ཡོད།

8_4 ལུས་རྩལ།

སྤྱི་ལོ2018ལོར་ཅང་ཨན་ཆུས་སུ་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭ12དང་གྲོང་ཁྱེར་རིམ་པའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་བཀོད་སྒྲིག་སློབ་གྲྭ་26ཡོད་པ་དང་སློབ་གྲྭ་རིམ་པའི་རྐང་རྩེད་སྤོ་ལོའི་དཔུང་ཁག80ལྷག་ཙམ་ཐོ་འགོད་བྱས་པ་དང་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་ཆིག་སྟོང་ཙམ་ཟིན་ཡོད་པ་རེད། སློབ་གསོ་པུའུ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་གཙོ་གཉེར་བྱས་པའི“སྤོ་ལོའི་རྒྱལ་པོ་སུ་ཡིན་ནམ”ཞེས་པའི་འགྲན་ཁུལ་བདུན་པའི་སྤྱིའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཝུའུ་ཧན་སློབ་འབྲིང་དྲུག་པར་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་གྲགས་ཅན་རིམ་མཚུངས་མཉམ་འགྲན་གྱི་དམའ་རིམ་སློབ་འབྲིང་གི་ཨང་དང་པོ་ཐོབ།

8_5 འཕྲོད་བསྟེན།

སྤྱི་ལོ2018ལོར་ཅང་ཨན་ཆུས་སུ་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི576ཡོད་པའི་ནང་ཞིང་ཆེན་དང་གྲོང་ཁྱེར་དོ་དམ་གྱི་རིམ་གཉིས་ཡན་གྱི་སྨན་ཁང(ཆེད་ཚན་སྨན་ཁང་ཚུད་པ)19ཡོད་པའི་ནང་ཀ་པ་རིམ་པ་གསུམ་པའི་སྨན་ཁང6(ཝུའུ་ཧན་གྲོང་ཁྱེར་བུད་མེད་དང་བྱིས་པའི་འཕྲོད་སྦྱོར་ལྟེ་གནས་དང་། ཝུའུ་ཧན་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་སྨན་ཁང་། ཝུའུ་ཧན་གྲོང་ཁྱེར་ལྟེ་བའི་སྨན་ཁང་། ཁྲང་ཧང་སྤྱི་ཁྱབ་སྨན་ཁང་། 457དཔུང་སྡེའི་སྨན་ཁང་། 161དཔུང་སྡེའི་སྨན་ཁང་བཅས)ཡོད་པ་རེད། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི46ཡོད་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་སྒྲིག་གཞིར་འཕྲོད་བསྟེན་ལག་རྩལ་མི་སྣ16944ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ6887དང་། ཐོ་འགོད་ནད་གཡོག་པ10057ཡོད། ཉལ་ཁྲི11567བཙུགས་པའི་ནང་སྨན་ཁང་གི་ཉལ་ཁྲི10337དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་གཞན་དག་གི་ཉལ་ཁྲི1230ཡོད་པ་རེད། སྤྱི་ལོ2017ལོ་ནས་བཟུང་ལོ་གསུམ་གྱི་དུས་ཚོད་ནང་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར9བཏང་ནས་གྲོང་ཁྱེར་གྱི་སྨན་ཁང་བརྒྱད་པའི་གནས་སྤོས་འཛུགས་སྐྲུན་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱོད་རྒྱུ་ཡིན་པ་རེད།

8_6 སྤྱི་ཚོགས་འགན་སྲུང།

སྤྱི་ལོ2018ལོར་ཅང་ཨན་ཆུས་ཀྱི་དམངས་འཚོའི་གཏོང་སྒོའི་བསྡུར་ཚད79.4%ཟིན་ཡོད། ཤེས་ལྡན་མི་སྣའི་སྡོད་ཁང་གྲབས་གསོག་དང་དབང་པོ་སྐྱོན་ཅན་གྱི་ཐུགས་ཁུར་སོགས་དམངས་འཚོའི་དོན་དངོས་ཁག་བཅུ་ཚང་མ་ལེགས་གྲུབ་བྱུང་ཡོད། གསར་དུ་ལས་ཞུགས་བྱེད་མཁན་མི་ཐེངས་ཁྲི2.6ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཀ་ཤོར་ཚད3%ལས་དམའ་བ་ཡོད་པ། སྤྱི་ཚོགས་འགན་བཅོལ་བྱེད་ཁྱོན་མི་ཐེངས་ཁྲི7.83མང་དུ་བཏང་ཡོད། འགན་སྲུང་རང་བཞིན་གྱི་སྡོད་ཁང7327ལས་འགོ་གསར་དུ་བཙུགས་པ་དང་། སྡོད་ཁང6210བསྐྲུན་པ། བོགས་གཏོང་ཁ་གསབ་དུད་ཚང1775སྤྲད་པ། ཁུལ་ཆུང་རྙིང་པ10ལ་གློག་སྐས16སྒྲིག་སྦྱོར་བྱས་ཡོད། མ་མཐའི་འཚོ་རྟེན་འགན་སྲུང་བྱེད་དངུལ་སྒོར་ཁྲི5742དང་། གནས་སྐབས་ཀྱི་སྐྱོབ་རོགས་གྲོན་དངུལ་སྒོར་ཁྲི1389སྤྲད་པ་རེད། “མཉམ་སྦྲེལ་དྲ་རྒྱ+ཁྱིམ་སྡོད་རྒན་གསོའི”བྱེད་སྟངས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་རྒན་རྒོན་གྱི་སྡོད་རྒྱུར་འཚམ་པའི་སྡེ་ཁུལ39དང་རྒན་རྒོན་གྱི་བདེ་ཐང་ཞབས་ཞུའི་ས་ཚིགས77བསྐྲུན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དོན་འཁྱོལ་བྱས་ཏེ་གྲོང་ཚོ19ཡི་དུད་ཚང803ཚང་མ་དབུལ་སྒྲོལ་ཐུབ་པར་རོགས་སྐྱོར་བྱས་ཡོད། ལོ70ཡན་གྱི་དམིགས་བསལ་རོགས་སྐྱོར་མི་སྣ147ལ་རྒན་གསོའི་ཁ་གསབ་སྒོར་ཁྲི་34.84སྤྲད་དེ་རྒན་གསོའི་ཐད་བརྟེན་ས་ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱིས་འཆར་ལྡན་བུ་བཙའི་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཁོངས་མིའི་ནང་རང་ཚུགས་མི་ཐུབ་པའི་མི་སྣར་ཟླ་རེར་སྒོར་00ཡི་རོགས་སྐྱོར་སྤྲད་པ་དང་། རང་ཚུགས་མི་ཐུབ་པའི་འཆར་ལྡན་བུ་བཙའི་ནུས་པ་ཤོར་བའི་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མི་སྣ20ལ་རོགས་སྐྱོབ་དངུལ་སྒོར་ཁྲི10.8སྤྲད་པ་རེད།  

8_7 རྨང་གཞིའི་འཛུགས་སྐྲུན།

སྤྱི་ལོ2016ལོར་ཅང་ཨན་ཆུས་ཀྱིས་སྒོར་དུང་ཕྱུར1.92བཏང་ནས་ཧན་ཁོའུ་ཡི་ལོ་རྒྱུས་ཉམས་འགྱུར་ཁུལ་འཛུགས་སྐྲུན་དང་ཀྲུང་ཧྲན་ལམ་ཆེན(ཅང་ཧན་ལམ་ནས་སྒོར་གཅིག་བར་གྱི་ལམ་བུ)རིམ་སྤོར་སྒྱུར་བཀོད་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར2.5བཏང་ནས་ལམ་དྲའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་ནུས་པ་ཆེ་རུ་བཏང་། སྒོར་དུང་ཕྱུར2བཏང་ནསDརིམ་པའི་ཉེན་ཡོད་ཁང་པ་ཕྱིར་སྤྲོད་དང་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ། མ་དངུལ་སྒོར་དུང་ཕྱུར4.5385བཏང་ནས་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་། གྲོང་ཁྱེར་དོ་དམ་གྱི་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་བ། གྲོང་ཁྱེར་དོ་དམ་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ། མ་དངུལ་སྒོར་ཁྲི6100བཏང་ནས་ཆུ་འབུད་ལས་གྲྭའི་སྒྱུར་བཀོད་ལ་སྐུལ་འདེད་བཏང་བ་རེད། ཆུ་འབུད་ནུས་པ་ཆེ་རུ་ཕྱིན་པ་དང་། གཞུང་ལམ་གྱི་ཆུ་འབུད་མདོང་ལམ་གསར་པ་སྤྱི་ལེ70བཅོས་སྐྲུན་བྱས། ཧོང་ཕུའུ་ལམ་གྱི་ཆུ་འཐེན་འཕྲུལ་འཁོར་ས་ཚིགས་ཀྱི་དུས་ཐེངས་དང་པོ་དང་། རྒྱབ་མཚོའི་ཆུ་འཐེན་འཕྲུལ་འཁོར་ས་ཚིགས་ཀྱི་དུས་ཐེངས་གསུམ་པ། གཉིས་བདུན་འཕྲེད་ལམ། ཐའེ་པེ་ལམ་གྱི་ཆུ་འབུད་འཛུགས་སྐྲུན་སྒྱུར་བཀོད་ལས་གྲྭ་བཅས་ལེགས་གྲུབ་ཟིན་ནས་གྲོང་ཁུལ་གྱི་ཆུ་འབུད་ཀྱིས་སྤྱི་ལོ2016ལོའི་དྲག་ཆར་གྱི་ཚོད་བགམ་ཐེག་ཐུབ་པ་བྱུང་ཡོད། ཀྲང་ཀུང་ཆུ་རགས་གྲོང་ཁྱེར་ནགས་ཚལ་སྤྱི་གླིང་དང་། ཅིན་ཐན་ཕུའུ་གཙང་པོའི་གྲོང་འདབས་ཀྱི་བྱེས་བགྲོད་སྤྱི་གླིང་། གཙང་ཆུའི་རིག་གནས་སྤྱི་གླིང་གི་དུས་ཐེངས་དང་པོ། ཧོའུ་མཚོའི་སྤྱི་གླིང་གི་དུས་ཐེངས་དང་པོ། རགས་ཟུར་སྤྱི་གླིང་། པའོ་ཏའོ་སྤྱི་གླིང་སོགས་འཛུགས་སྐྲུན་སྒྱུར་བཀོད་ལེགས་གྲུབ་ཟིན་ནས་རིམ་རྩིས་བྱས་ན་གྲོང་ཁྱེར་གྱི་སྔོ་ལམ་སྟོང་སྨི68.4བསྐྲུན་པ་དང་མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ10ཟིན་ཡོད་པ་རེད། རིམ་རྩིས་བྱས་ན་ཁང་པ་བསྡུ་ལེན་དང་བཤིག་སྤོ་སྨི་གྲུ་བཞི་མ་ཁྲི1200ལྷག་ཙམ་ལེགས་གྲུབ་ཟིན་པ་དང་། སྐོར་ལམ་གཉིས་པའི་ནང་ཚུན་གྱི་གྲོང་ཁྱེར་ནང་གི་གྲོང་ཚོ་སྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད། ཆུའི་ཁོར་ཡུག་སྦགས་བཙོག་བཅོས་སྒྲིག་བྱས་ནས་རྐང་འཛིན་བཙོག་ཆུ་གཙང་བཟོའི་ཆུ་འཐེན་ས་ཚིགས2བསྐྲུན་ཡོད།

9 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ9པར《སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེའི་ཁུལ་བརྒྱའི་འཕེལ་རྒྱས་ཀྱི་རྒྱབ་ཤ་དཀར་པོའི་དེབ》པེ་ཅིང་དུ་ཁྱབ་བསྒྲགས་བྱས་ནས་སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེའི་ཁུལ་བརྒྱའི་ནང་བདམས་ཐོན་བྱུང་བ་རེད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཆུས། སྲིད་འཛིན་ས་ཁུལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-13

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།