ཡང་ཆོན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡང་ཆོན་གྲོང་ཁྱེར།
ཡང་ཆོན་གྲོང་ཁྱེར་ནི་ཧྲན་ཞི་ཞིང་ཆེན་ཁོངས་གཏོགས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན་ཞིང་། གནའ་དུས་སུ་མིང་ལ“ཆུ་མིག”ཅེས་འབོད། ཧྲན་ཞི་ཞིང་ཆེན་གྱི་དབུས་ཤར་རྒྱུད་དུ་གནས་ཤིང་བྱང་དུ་ཞིན་ཀྲོའུ་གྲོང་ཁྱེར་དང་ཐག་ཉེ། ཤར་དུ་རི་བོ་ཐའེ་ཧང་ཧྲན་དང་ཧྲི་ཅ་ཀྲོང་གྲོང་ཁྱེར་དང་ཁ་གཏད་དུ་གནས་ཡོད་པ་དང་། ནུབ་ཏུ་ཐའེ་ཡོན་གྲོང་ཁྱེར་དང་འབྲེལ་ཞིང་ལྷོ་རུ་ཅིན་ཀྲུང་གྲོང་ཁྱེར་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4559ཡོད་པ་དང་དེ་ནི་གསར་དར་བཟོ་ལས་གྲོང་ཁྱེར་ཞིག་ཡིན། ཡང་ཆོན་ནི་ས་སེར་མཐོ་སྒང་གི་ཤར་ཕྱོགས་སུ་གནས་པ་དང་ཧྲན་ཞིའི་ཤར་ཕྱོགས་ཀྱི་རི་ཁུལ་དུ་གཏོགས་ཤིང་། མངའ་ཁོངས་ཀྱི་ས་དབྱིབས་ནི་རི་ཁུལ་གཙོ་བོ་ཡིན་པ་དང་དེ་ལས་གཞན་རི་མ་ཐང་དང་བདེ་ཐང་ཡིན་ཞིང་། དྲོད་ཁུལ་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་དང་དུས་རླུང་ནམ་ཟླ་གཙོ་བོ་ཡིན། སྤྱི་ལོ2018ལོའི་བར་ཡང་ཆོན་གྲོང་ཁྱེར་གྱི་ཁོངས་གཏོགས་ཁུལ་གསུམ་དང་རྫོང་གཉིས་ཀྱི་མི་འབོར་བསྡོམས་ཁྲི141.44ཡོད། ཡང་ཆོན་ནི་ཅིན་གསུམ་གྱི་ལྟེ་བ(ཀྲའོ་གོ་དང་ཝེ་གོ། ཧན་གོ)ཡིན་ཞིང་། ཅིན་ཅི་ནི་ཐའེ་ཡོན་དང་ཧྲི་ཅ་ཀྲོང་གི་ལྟེ་གནས་གྲོང་ཁྱེར་གཉིས་ཀྱི་དཀྱིལ་དུ་གནས་ཤིང་། བར་ཐག་ལ་སྤྱི་ལེ100ལྷག་ཡོད། ཡང་ཆོན་ནི་ཤར་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་དང་དབུས་རྒྱུད་ཀྱི་འདྲེས་མཚམས་སུ་གནས་ཡོད་པ་མ་ཟད། ད་དུང་པོ་ཧའེ་རྒྱ་མཚོའི་མཐའ་འཁོར་དང་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དཔལ་འབྱོར་ཁུལ་ཆེན་པོ་གཉིས་ཀྱི་སྐྱེལ་འདྲེན་ཁུལ་དུ་གནས་ཡོད་ཅིང་། ཐེན་ཅིན་དང་ཆིན་ཏའོ། ཧོང་དབྱི་གྲུ་ཁ་བཅས་བརྒྱུད་དེ་ཤར་དུ་པོ་ཧའེ་རྒྱ་མཚོའི་འགྲམ་ལ་ཐོན་ཐུབ་པ་དང་། དེའི་མངའ་ཁོངས་སུ་ལེ་དབར་ཁྲི་ཡི་ལྕགས་རི་རིང་པོའི་འགག་སྒོ་དགུ་པ་དང་ཉང་ཙི་ཀོན།(娘子关)ཚང་ཧྲན(藏山)ཡུལ་སྐོར་མཛེས་ལྗོངས་ཁུལ། ཀོན་ཧྲན་གྱི་དཔེ་ཁང་། ཧྲི་ཤན་མའེ་ཡི་བཞུགས་གནས་རྙིང་པ། ལིའང་ཅ་ཀྲའེ་ཆུ་ཚན་བཅས་ཡོད་པ་ལས་གཞན་ད་དུང་མདའ་ཤོག་བརྒྱ་ཡི་དམག་ཆེན་ལ་རྗེས་དྲན་བྱེད་ཆེད་བཞེངས་པའི་ཧྲི་ནའོ(狮脑山)རི་བོའི་ནགས་ཚལ་གྱི་སྤྱི་གླིང་བཅས་ཡོད། དུས་རབས20པའི་ལོ་རབས80པ་ནས་བཟུང་ཡང་ཆོན་གྱིས་རྡོ་སོལ་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ཧྲན་ཞི་ས་ཆའི་གྲོང་ཁྱེར་ཁག་དང་མཉམ་དུ་འཕེལ་རྒྱས་བྱུང་རྗེས་ཡང་ཆོན་གྲོང་ཁྱེར་ལ“ཧྲང་ཧའེ་ཆུང་ངུ”མཚན་སྙན་ཐོབ། སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར672ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན6.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་ཚད་ནི་སྒོར་དུང་ཕྱུར10.4ཐོན་ཡོད་པ་དང་། འཕར་ཚད3.0%ཟིན། ཐོན་ལས་གཉིས་པའི་ཚད་ནི་སྒོར་དུང་ཕྱུར320.4ཡོད་པ་དང་། འཕར་ཚད5.6%ཟིན། ཐོན་ལས་གསུམ་པའི་ཚད་ནི་སྒོར་དུང་ཕྱུར341.2ཐོན་ཡོད་པ་དང་། འཕར་ཚད7.1%ཟིན། ཐོན་ལས་གསུམ་པ་དེ་སྤྱི་ལོ2016ལོའི1པོའི་ཆུ་ཚོད7:48.0:50.3ནས་ཆུ་ཚོད1.5:47.7:50.8བར་གཏན་ཁེལ་བྱས་ཤིང་། མི་རེའི་ཆ་སྙོམས་ཀྱི་ཐོན་འབོར་སྒོར47790ཟིན་པ་དེ་སྤྱི་ལོ2017ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ཚེ་ཨ་སྒོར 7078ཟིན་ཡོད། དེང་གི་ཆར་ཡང་ཆོན་གྲོང་ཁྱེར་གྱིས“གྲོང་ཁྱེར་ལྔ་དང་མཉམ་དུ་གསར་གཏོད”ཅེས་པའི་འཆར་གཞི་ལྟར། ཧྲན་ཏུང་ཡུལ་སྐོར་ལྟེ་གནས་གྲོང་ཁྱེར་དང་ཧྲན་ཞིའི་ཤར་རྒྱུད་ཀྱི་འགྲིམ་འགྲུལ་ཕྱོགས་བསྡུས་ལྟེ་གནས། ཧྲན་ཞིའི་ཤར་རྒྱུད་བཅས་འཕེལ་རྒྱས་གཏོང་བར་གཞོལ་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阳泉
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4559ཡོད།
དབྱིན་ཡིག་གི་མིང་།
YangQuan
མི་གྲངས།
ཁྲི141.44ཡོད།
མིང་གཞན།
漾泉、山城、中共第一城
ཡུལ་སྐད།
ཅིན་སྐད།
སྲིད་འཛིན་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ནམ་ཟླ།
དྲོད་ཁུལ་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཧྲན་ཞི་ཞིང་ཆེན།
ཡུལ་ལྗོངས་གྲགས་ཅན།
ཧྲི་ནའོ་རི་བོ། ཚུ་ཧྥུང་རི་བོ། ཀོན་ཧྲན་རི་བོ། ཚང་ཧྲན་རི་བོ། ཉང་ཙི་ཀོན། བྱང་རིའི་སྤྱི་གླིང་།
མངའ་ཁོངས།
གྲོང་ཁྱེར་ཐད་སྐྱོང་ཆུས3དང་རྫོང2བཅས་ཡོད།
མེ་འཁོར་འབབ་ཚིགས།
ཡང་ཆོན་ས་ཚིགས། ཡང་ཆོན་བྱང་ཚིགས ཡང་ཆོན་ཤར་ཚིགས།
སྲིད་གཞུང་གནས་ཡུལ།
གྲོང་ཁྱེར་ལྷོ་མའི་སྲང་ལམ་ཨང32པ།
རླངས་འཁོར་ཚབ་ཨང་།
ཅིནCཡིན།
ཁ་པར་ཨང་རྟགས།
0353
ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར།
སྒོར་དུང་ཕྱུར672 སྤྱི་ལོ2017
སྦྲག་སྲིད་ཨང་རྟགས།
045000
མི་རེའི་ཆ་སྙོམས་ཐོན་སྐྱེད་བསྡོམས་འབོར།
སྒོར44074
གནས་ཡུལ།
ཧྲན་ཞི་ཞིང་ཆེན་གྱི་ཤར་རྒྱུད་དང་ཐའེ་ཧང་རི་བོའི་ནུབ་འདབས།
སྲིད་འཛིན་ས་ཁུལ་ཨང་རྟགས།
140300
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཡང་ཆོན་གྲོང་ཁྱེར་ལ་ལོ་རྒྱུས་རྒྱུན་རིང་ཞིང་། དུས་རབས20པའི་ལོ་རབས50པར་ནུབ་བྱང་གི་ཙོ་ཐ་དང་ཏ་ལིང་ཏིང་སོགས་ས་ཆ་ནས་ཐོན་པའི་རིག་དངོས་ཀྱིས་ར་སྤྲོད་བྱས་པར་གཞིགས་ན། རྡོ་ཆས་རྙིང་མའི་དུས་དཀྱིལ་དུ་མིའི་རིགས་དེ་གར་འཚོ་སྡོད་བྱེད་བཞིན་ཡོད་པ་ཤེས།

ཐང་ཡུས་ཞ་ཧྲང་གི་དུས་སུ། ད་ལྟའི་ཡང་ཆོན་གྲོང་ཁྱེར་གྱི་མངའ་ཁོངས་ནི་ཀུའུ་ཅི་ཀྲོའུ་ས་ཁུལ་དུ་གྲགས། 

ཁྲུན་ཆིའུ་དུས་སུ། ད་ལྟའི་རྫོང་གི་ས་ཆར་ཁྲོའུ་ཡི་རྒྱལ་ཁབ་ཡོད།(仇犹国)

ཀྲོའུ་ཀྲེན་ཏིང་ཝང་ཁྲི་ལོ་བཅུ་གཉིས་ཀྱི་སྐབས་སུ། སྤྱི་ལོ་སྔོན་གྱི457ལོར་ཅིན་ཆིན་ཀྲི་པོ་ཡིས་ཁྲོའུ་ཡི་བསྣུབས། སྤྱི་ལོའི་སྔོན་གྱི་དུས453ལོར་ཧན་ཀྲོའུ་ཝེ་གསུམ་ཅིན་དུ་བགོས་ཤིང་། གྲོང་ཁྱེར་གྱི་མངའ་ཁོངས་ཀྲའོ་ཡི་ཁོངས་སུ་གཏོགས་པར་བྱས་ཏེ། དེའི་རྗེས་ཆིན་རྒྱལ་ཁབ་ནི་ཐའེ་ཡོན་ཅུན་ལ་གཏོགས་པ་ཡིན།

ཧན་རྒྱལ་རབས་ནུབ་མའི་དུས་འགོར། གྲོང་ཁྱེར་དུ་ཧྲང་ཨའེ་རྫོང་བཙུགས་ཤིང་དེ་ནི་དེང་གི་ཕིང་ཏིང་རྫོང་ཞིན་ཁྲེང་གྲོང་ཚོར་ཡོད་པ་དང་། ཧང་ཀྲོའུ་ཐའེ་ཡོན་ཅུན་གྱི་ཁོངས་སུ་གཏོགས། 

ཧན་ཤར་མའི་དུས་སུ་ཧྲང་ཨེ་རྫོང་ནི་ཅི་ཀྲོའུ་ཁྲང་ཧྲན་རྒྱལ་ཁབ་ཏུ་གཏོགས་པར་བྱས།

རྒྱལ་ཁབ་གསུམ་གྱི་སྐབས་སུ། ལྷོ་བྱང་ནི་ཝེ་རྒྱལ་ཁབ་ཀྱི་ཧི་ཀྲིག་ཞིན་ཞན་ཅུན་དུ་གཏོགས།.jpg 

ཅིན་རྒྱལ་རབས་ནུབ་མའི་སྐབས་སུ་ཚའོ་ཝེ་ལམ་ལུགས་རྙིང་པ་ཞེས་པ་དེ་བེད་སྤྱད། 

ཅིན་རྒྱལ་རབས་ཤར་མའི་རྒྱལ་ཁབ་བཅུ་དྲུག་གི་སྐབས་སུ། སྔོན་གྱི་ཀྲའོ་དང་ཀྲའོ་རྗེས་མ། རན་ཝེ་དང་ཆན་ཡན། ཆན་ཆིན། ཧོའུ་ཡན། ཝེ་བྱང་མ་སོགས་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས། ཝེ་བྱང་མའི་དུས་སུ་ལྷོ་བྱང་གཉིས་སུ་དབྱེ་ཞིང་། རྗེས་ཀྱི་མངའ་ཁོངས་ཡོངས་ཝེ་ཤར་མ་དང་ཆི་བྱང་མར་གཏོགས། 

སུའེ་རྒྱལ་རབས་ཀྱི་དུས་སུ། ད་ལྟའི་ཉང་ཙི་ཀོན་དུ་ཝེ་ཙིག་རྫོང་བཙུགས་ཤིང་དེ་ཅིན་ཀྲུའུ་རུ་གཏོགས་པར་བྱས་རྗེས་མེད་བརླག་ཏུ་གྱུར། ད་ལྟ་ཅི་རྫོང་དུ་ཡོན་ཀུའུ་རྫོང་བཙུགས་ཡོད་ཅིང་དེ་དང་ཧྲི་ཨའེ་རྫོང་གཉིས་ལིའོ་ཀྲོའུ་ཡི་ཁོངས་སུ་གཏོགས་པར་བྱས།

ཐང་རྒྱལ་རབས་ཀྱི་དུས་འགོར་གྲོང་ཁྱེར་ནི་ཀྲོའུ་ཡི་ཁོངས་སུ་གཏོགས་པ་དང་། ཕྱིས་སུ་ཀྲོའུ་ཡིས་བེད་མེད་དུ་བཏང་ཞིང་། ཧྲི་ཨའེ་དང་སུའེ་རྫོང་གཉིས་སྔ་ཕྱིར་ཧའོ་ཀྲོའུ་དང་ཐའེ་ཡོན་སྲིད་གཞུང་གི་ཁོངས་སུ་གཏོགས་པ་དང་། ཐེན་པའོ་ཁྲི་ལོར742ལོར་ཧྲི་ཨའེ་ཡི་མིང་ཀོང་དབྱང་ཞེས་པར་བསྒྱུར་ཞིང་། ཆན་རྫོང་ཀོང་དབྱང་གྲོང་ཚོ་ཞེས་པ་དེ་ཡིན།

རྒྱལ་རབས་ལྔའི་སྐབས་ཐང་རྒྱལ་རབས་ཕྱི་མ་དང་ཅིན་རྒྱལ་རབས་རྗེས་མ། ཧན་རྒྱལ་རབས་རྗེས་མ། ཧན་རྒྱལ་རབས་བྱང་མ་བཅས་ཀྱི་ཁོངས་སུ་གཏོགས། 

སུང་རྒྱལ་རབས་བྱང་མའི་ཐའེ་ཕིན་ཞིན་སྐབས། སྤྱི་ལོ979ལོར་ཀོང་དབྱང་རྫོང་དེ་ཕིན་ཏིན་རྫོང་དུ་བསྒྱུར་ཞིང་། ཕིན་ཏིན་རྫོང་ཧྲང་ཁྲེང་དུ་གནས་སྤོ་བྱས་ཤིང་། དེའི་རྗེས་ཕིང་ཏིང་རྫོང་དང་ཆི་རྫོང་ཧོ་ཏུང་ལམ་གྱི་ཁོངས་སུ་གཏོགས། 

ཅིན་ཧྲེང་ཕིན། ཏིན་ཀྲོའུ་དང་ཅི་ཀྲོའུ། ཧོ་ཏུང་ལམ། ཧོ་ཏུང་བྱང་ལམ་བཅས་ཀྱི་ཁོངས་སུ་གཏོགས། 

ཡོན་རྒྱལ་རབས་སྐབས་སུ་ཅི་ཉིན་གྱི་ཁོངས་སུ་གཏོགས།

མིང་རྒྱལ་རབས་སྐབས་སུ། མེང་ཀྲུའུ་རྫོང་དུ་བསྒྱུར་ཞིང་། ཕིན་ཏིན་ཀྲུའུ་ཧྲན་ཞིའི་ཐའེ་ཡོན་དཔོན་ཤག་ཏུ་གཏོགས་པར་བྱས།

ཆིང་རྒྱལ་རབས་སྐབས་ཀྱི་ཡུང་ཀྲེང་ཁྲི་ལོ་གཉིས་པ། སྤྱི་ལོ1724ལོར་ཕིན་ཏིན་ལི་ཀྲུའུ་དང་། ཧྲོའུ་དབྱང་རྫོང་། ཧྲན་ཞི་ཞིང་ཆེན་བཅས་ཀྱི་ཁོངས་སུ་གཏོགས། 

མིན་གོའི་དུས་འགོར་ཕིན་ཏིན་རྫོང་དང་ཆི་རྫོང་ནི་ཅི་ཉིན་གྱི་ཁོངས་སུ་ཡོད་ཅིང་རྗེས་སུ་ཧྲན་ཞི་ཞིང་ཆེན་གྱི་ཁོངས་སུ་གཏོགས། འཇའ་འགོག་དམག་འཁྲུག་གི་སྐབས་སུ། ཕིན་ཏིན་ནི་རྫོང(ལམ་བྱང)དང་། ཏའེ་རྫོང་སོ་སོར་མེང་དང་དབྱང་། ཧྲོའུ་བཅས་སུ་བགོས། ཀྲེང་ཐའེ་ལྕགས་ལམ་ལྷོ་རྒྱུད་ཀྱི་ཕིན(ཏིང)ཤར་དང་ཕིན(ཏིང)ནུབ་ཀྱི་རྫོང་གཉིས་ནི་ཧྲན་ཞི་དང་། ཧོ་པེ། ཧྲན་ཏུང་། ཧོ་ནན་བཅས་ཞིང་ཆེན་བཞིའི་འབྲེལ་མཚམས་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། དེའི་བྱང་ངོས་ཀྱི་རྫོང་ཁག་རྣམས་ཧྲན་ཞི་དང་། ཁྲ་ཧར། ཧོ་པེ་བཅས་ཞིང་ཆེན་གསུམ་འབྲེལ་མཚམས་ས་ཁུལ་གྱི་ཁོངས་སུ་གཏོགས་པ་རེད། བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ། ཕིན་ཏིན་རྫོང་དང་ཆི་རྗོང་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་སླར་གསོ་བྱས། 

མིན་གོའི་རྒྱལ་ཁབ་ཀྱི་སྲིད་ལོ36དྲུག་པ། སྤྱི་ལོ1947ལོའི་ཟླ5བའི་ཚེས4ཉིན། དེ་སྔའི་ཕིན་ཏིང་རྫོང་གི་ཁག་གཅིག་ཡང་ཆོན་གྲོང་ཁྱེར་དུ་བཙུགས་པ་དང་། དེ་རྗེས་སྐབས་ཤིག་ལ་ཡང་ཆོན་བཟོ་གཏེར་ཁུལ་ཞེས་མིང་བསྒྱུར། ཡང་ཆོན་གྲོང་ཁྱེར(བཟོ་གཏེར་ཁུལ)སྔ་རྗེས་སུ་ཧྭ་བྱང་མཉམ་འབྲེལ་སྲིད་འཛིན་ཨུ་ཡོན་ལྷན་ཁང་དང་། ཧྭ་བྱང་མི་དམངས་སྲིད་གཞུང་། ཧྲན་ཞི་ཞིང་ཆེན་བཅས་ཀྱི་ཁོངས་སུ་གཏོགས་པར་བྱས།

ཀྲུང་གོ་གསར་བ་བཙུགས་རྗེས་ཡང་ཆོན་གྲོང་ཁྱེར་ཐོག་མར་བཟོ་གཏེར་ཁུལ་ཡིན་ཞིང་སྤྱི་ལོ1952ལོར་གྲོང་ཁྱེར་འཛུགས་སྐྲུན་སླར་གསོ་བྱས་ཏེ། ཅིན་ཀྲུང་ས་ཁུལ་གྱིས་བདག་གཉེར་བྱས་ཤིང་། དེའི་རྗེས་ཕིང་ཏིང་རྫོང་དང་ཆི་རྫོང་ནི་ཅིན་ཀྲུང་ཁུལ་གྱི་ས་ཁུལ་དུ་གཏོགས་ཡོད། དེ་དང་བསྟུན་ནས་གྲོང་ཁུལ་དང་གྲོང་འདབས་ཁུལ། གཏེར་ཁུལ་བཅས་བཙུགས། 

སྤྱི་ལོ1983ལོའི་ཟླ9པར། གྲོང་ཁྱེར་དོ་དམ་གྱི་སྒྲིག་སྲོལ་ལག་བསྟར་བྱས་ཏེ། ཕིན་ཏིན་རྫོང་དང་ཆི་རྫོང་གཉིས་ཡང་ཆོན་གྲོང་ཁྱེར་དུ་བགོས། ཡང་ཆོན་གྲོང་ཁྱེར་ནི་ཧྲན་ཞི་ཞིང་ཆེན་གྱི་ཁོངས་གཏོགས་སུ་ཡོད་པའི་ཕིན་ཏིན་རྫོང་ཁུལ་གསུམ་དང་གྲོང་ཁྱེར། གཏེར་ཁ། གྲོང་འདབས་བཅས་ཡོད་པའི་གྲོང་ཁྱེར་ཞིག་ཏུ་གྱུར།

2 སྲིད་འཛིན་ས་ཁོངས།      

སྤྱི་ལོ2018ལོའི་ཟླ3པར་ཡང་ཆོན་གྲོང་ཁྱེར་གྱི་ཁོངས་སུ་ཕིང་ཏིང་རྫོང་དང་། ཆི་རྫོང་བཅས་རྫོང་གཉིས་དང་དེ་བཞིན་གྲོང་ཁུལ་དང་། གཏེར་ཁུལ། གྲོང་ཁྱེར་ཉེ་འཁོར་གྱི་ཁུལ་བཅས་གསུམ་ཡོད་ཅིང་། ཕིན་ཏིང་རྫོང་ཁོངས་སུ་གྲོང་རྡལ8དང་། ཡུལ་ཚོ2སྡེ་ཁུལ7དང་གྲོང་ཚོ322བཅས་ཡོད། རྫོང་ཁོངས་ཀྱི་གྲོང་རྡལ8དང་། ཡུལ་ཚོ6གྲོང་ཚོ453བཅས་ཡོད། གྲོང་ཁུལ་དུ་གྲོང་རྡལ1དང་། སྲང་ལམ6དང་གྲོང་ཚོ14སྡེ་ཁུལ50བཅས་གཏོགས་ཡོད། གཏེར་ཁུལ་ཁོངས་གཏོགས་ཀྱི་ཁྲོམ་གཞུང6དང་སྡེ་ཁུལ38དང་། གྲོང་ཚོ18ཡོད། གྲོང་ཁྱེར་ཉེ་འདབས་སུ་གྲོང་རྡལ3དང་། ཡུལ་ཚོ4གྲོང་ཚོ147བཅས་ཡོད། ཡང་ཆོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གྲོང་ཁུལ་ལྷོ་ལམ་གྱི་ཨང་རྟགས23པ། 

3 ས་ཁམས་ཁོར་ཡུག      

གནས་ཡུལ།      

ཡང་ཆོན་གྲོང་ཁྱེར་ནི་ཧྲན་ཞི་ཞིང་ཆེན་དབུས་རྒྱུད་ཀྱི་ཤར་ཕྱོགས་སུ་གནས་པ་དང་། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག112℃ནས114℃བར་དང་། བྱང་གི་འཕྲེད་ཐིག37℃-40-38℃བར་དུ་གནས་ཡོད་ཅིང། དེ་ནི་ཐའེ་ཧང་རི་བོའི་དབུས་རྒྱུད་ཀྱི་ནུབ་ངོས་སུ་གནས་པ་དང་། བྱང་ནི་ཞིན་ཀྲོའུ་ཏིང་ཞང་རྫོང་དང་ཝུའུ་ཐའེ་རྫོང་ལ་འབྲེལ་ཞིང་། ཤར་ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་ཕིང་ཧྲན་རྫོང་དང་ཅིང་ཡུས་རྫོང་ལ་འབྲེལ། ལྷོ་ནི་ཅིན་ཀྲུང་ཞི་དབྱང་རྫོང་དང་། ནུབ་ཀྱི་ཅིན་ཀྲུང་ཧྲོའུ་དབྱང་རྫོང་དང་ཐའེ་ཡོན་དབྱང་ཆུས་རྫོང་ལ་འབྲེལ་ཞིང་། ལྷོ་བྱང་གི་རིང་ཚད་སྟོང་སྨི106དང་། ཤར་ནུབ་ཀྱི་ཞེང་ཚད་སྟོང་སྨི42ཙམ་ཡོད། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4559ཡོད།      

ས་དབྱིབས།      

ཡང་ཆོན་གྲོང་ཁྱེར་ནི་ས་སེར་མཐོ་སྒང་གི་ཤར་ཕྱོགས་སུ་གནས་པ་དང་། ཧྲན་ཞིའི་ཤར་རྒྱུད་རི་ཁུལ་དུ་གཏོགས། ས་ཁོངས་ནང་གི་ས་དབྱིབས་ནི་རི་ཁུལ་གཙོ་བོ་ཡིན་པ་དང་དེ་ལས་གཞན་རི་མ་ཐང་དང་བདེ་ཐང་ཡིན། རི་ཁུལ་དུ་རི་རྒྱུད་དགུ་ཡོད་ཅིང་། བྱང་ཕྱོགས་གྲོང་ཁྱེར་གྱི་ས་མཚམས་སུ་ཉིའུ་ཏའོ་ལིན་རི་རྒྱུད་ཡོད་པ་དང་། དེ་ནི་ཀྲོའུ་ཧྲན་དང་ཐའེ་ཧང་རི་བོའི་འབྲེལ་མཚམས་སུ་ཆགས་ཡོད། ནུབ་བྱང་གྲོང་ཁྱེར་གྱི་ས་མཚམས་སུ་ཡོད་པའི་རི་རྒྱུད་གཉིས་ཀྲོའུ་ཧྲན་རི་རྒྱུད་ཀྱི་ཡན་ལག་ཡིན། དེ་ལས་གཞན་པའི་རི་རྒྱུད་དག་ཤར་ནུབ་གཉིས་སུ་བསྒྲིགས་ཡོད། ཤར་དུ་རི་རྒྱུད་བཞི་ཡོད་དེ། བྱང་ནས་ལྷོ་བར་ནི་པད་མཱ་རི་རྒྱུད་དང་། ཆིའུ་ལིན་རི་རྒྱུད། མེན་ཧྲན་རི་རྒྱུད། ཨའེ་ཧྲན་རི་རྒྱུད་བཅས་ཡོད་པ་དང་། དེ་དག་ནི་ཐའེ་ཧང་རི་བོའི་དཀྱིལ་དུ་ཡོད་ཅིང་། རི་རྩེའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི700ནས1700བར་ཡིན། ཐའེ་ཧང་རི་བོ་ནི་ཅི་ཧྲན་གྱི་ས་མཚམས་སུ་ཡོད་པའི་རི་བོ་ཞིག་ཡིན་ཞིང་། དེའི་ཤར་ངོས་གཡང་གཟར་དང་རི་འདབས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི100ཟིན། དེའི་མཚམས་ནི་ཧྭ་བྱང་བདེ་ཐང་དང་འབྲེལ་ནས་ནུབ་ལ་གསེག་ཡོད་པ་མ་ཟད། རི་ཁུལ་དང་དེའུ་འབུར་བར་མེད་དུ་གནས་ཤིང་ནུབ་ཏུ་རི་རྒྱུད་གསུམ་ཡོད་དེ། བྱང་ཕྱོགས་ཀྱི་རི་རྒྱུད་དང་ལྷོ་ཕྱོགས་ཀྱི་རི་རྒྱུད། ཆི་ལིན་རི་རྒྱུད་བཅས་ཡིན། དེ་དག་ཧྲན་ཞི་མཐོ་སྒང་ནང་ཁུལ་དུ་ཡོད་པ་མ་ཟད་མཚོ་ངོས་ལས་སྨི་ཅུང་མཐོ་ཞིང་ས་དབྱིབས་ཀྱི་ངོས་ཤར་དུ་གསེག་ནས་ཡོད། རི་རྒྱུད་ཀྱི་བར་དུ་གཞོང་ས་ཁ་ཤས་ཡོད་པ་དང་། གཙོ་བོ་ནུབ་རྒྱུད་ཀྱི་ཞི་ཡན་གཞོང་ས་དང་། དབུས་རྒྱུད་ཀྱི་མིན་ཁྲེང་གཞོང་ས་དང་། ལྷོ་རྒྱུད་ཀྱི་ཕིང་ཏིང་གཞོང་ས་བཅས་ཡིན།     

ནམ་ཟླ།     

ཡང་ཆོན་གྲོང་ཁྱེར་གྱི་ནམ་ཟླ་ནི་དྲོད་རླངས་ཁུལ་གྱི་བརླན་གཤེར་ཆེ་བའི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ་ཡིན་ཞིང་། དུས་རླུང་དང་ས་དབྱིབས་ཀྱི་ཤུགས་རྐྱེན་ལས་ས་ཁུལ་མི་འདྲ་བའི་གནམ་གཤིས་ཀྱི་ཁྱད་པར་ཅུང་ཆེ། སྤྱིའི་ཁྱད་ཆོས་ནི། དབྱར་དགུན་རིང་བ་དང་དཔྱིད་སྟོན་ཐུང་ཞིང་། དུས་བཞི་གསལ་བ་དང་ཉི་འོད་ཕོག་ཚད་ཆེ་ཙམ་ཡོད་པ། ཉིན་མཚན་གྱི་དྲོད་ཚད་ལ་ཧེ་བག་ཆེ་ཙམ་ཡོད་ཅིང་། དཔྱིད་དུས་ཐན་པ་ཚབས་ཆེན་ཡིན་ཞིང་དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་མང་བ། སྟོན་དུས་དྲོད་ཚད་མགྱོགས་མྱུར་ངང་ཇེ་དམའ་དགུན་དུས་གྲང་ངར་དང་སྐམ་ཤས་ཆེ་བ་བཅས་ཡིན། ཉི་མའི་འོད་ཀྱི་རྩིབས་འཕྲོའི་སྤྱི་འབོར་ལྟར་ཆ་སྙོམས་ཀྱི་གྲངས་ཐང་ནི་ལི་སྨི་རེར་སྟོང་ཁཱ134ཡིན་པ་དང་། དེ་ལྟར་ཉི་འོད་ཕོག་ཡུན་གྱི་ཆུ་ཚོད་ནི2700ནས2900བར་ཡིན། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་སྤྱིར་བཏང་དུ8-12℃ཡིན་ཞིང་། དྲོད་ཚད་ཏུའུ10ལས་ཆེ་བའམ་མཚུངས་པ་ནི2400-3000℃བར་ཡིན་པ་དང་སད་མེད་པའི་སྐབས་ཆ་སྙོམས་སུ་ཉིན130ནས180བར་ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི450-550ཐོན་ཡོད་པས་མངའ་ཁོངས་ཀྱི་གནམ་གཤིས་ཐད་ལ་འགྱུར་ལྡོག་མངོན་གསལ་བྱུང་ཡོད།    

ཆུ་དཔྱད།    

ཡང་ཆོན་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཡོད་པའི་ནུབ་རྒྱུད་ཁུལ22ནི་རྨ་ཆུའི་འབབ་རྒྱུད་དུ་གཏོགས་པ་ལས་གཞན་ཚང་མ་མཚོ་དང་ཆུ་བོའི་འབབ་ཡུལ་དུ་གཏོགས། དེའི་ཁོངས་སུ་ཆུ་བོ་ཁྱོན་བསྡོམས60ལྷག་ཡོད་པ་དང་། ཆུ་བོའི་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ10ལས་ཆེ་བ34ཡོད། དེ་ལས་ཆེས་ཆེ་བའི་འབབ་ཡུལ་ཀྱི་རྒྱ་ཁྱོན་ནི་སྟོང་སྨི་གྲུ་བཞི་མ300ལས་ཆེ་བ་དང་། ཆུ་བོའི་རིང་ཚད་ལ་སྟོང་སྨི30ཡན་ཟིན་པ7ཡོད་ཅིང་དེ་དག་ཚང་མ་མཚོ་ཆུའི་ཆུ་རྒྱུན་ཡིན། ཅའོ་ཐུའོ་ཆུ་བོ་དང་མན་ཧོ་ཆུ་བོ་ནི་ཧྲན་ཞིའི་མངའ་ཁོངས་སུ་ཡོད་པའི་ཆུ་བོ་གཙོ་བོ་ཡིན་ཞིང་། ཅའོ་ཐུའོ་ཆུ་བོ་ནི་གྲོང་ཁྱེར་གྱི་བྱང་རྒྱུད་དུ་བཞུར་བ་དང་། ཧའེ་ཧོ་ཆུ་བོའི་ཆུ་རྒྱུན་ནི་ཆུ་བོ་ཆེན་པོ་ལྔའི་གྲས་ཀྱི་ཙི་ཡ་ཆུ་བོའི་བྱང་རྒྱུད་དུ་ཡོད་ཅིང་། དེའི་ས་ཁོངས་ནང་དུ་ཡོད་པའི་ཆུ་ལག་གཙོ་བོ་ནི་ཝུའུ་ཧོ་ཆུ་བོ་དང་ལུང་ཧྭ་གཙང་པོ། ཧྲི་ཐང་གཙང་པོ་བཅས་ཡིན་ཞིང་། དེ་ལས་མན་ཧོ་ཆུ་བོ་ནི་ཝུན་ཧོ་ཆུ་བོ་དང་ཐོའུ་ཧོ་ཆུ་བོ་གཉིས་འདྲེས་ནས་གྲོང་ཁྱེར་གྱི་དབུས་ཁུལ་དང་ལྷོ་ཁུལ་དུ་ཁྱབ་ཡོད་པ་དང་། དེ་དག་རྒྱལ་མཚམས་ནས་བརྒལ་རྗེས་ཀན་ཐའོ་ཧོ་ཆུ་བོ་དང་མཉམ་དུ་ཅའོ་ཐུའོ་ཆུ་བོའི་ནང་དུ་བཞུར་ཞིང་། གཞན་ཐད་ཀར་རྒྱལ་མཚམས་ལས་བརྒལ་བའི་ཆུ་རྒྱུན་འགའ་ཡོད། 

4 རང་བྱུང་ཐོན་ཁུངས།

ཆུའི་ཐོན་ཁུངས།      

ཡང་ཆོན་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་བསྡོམས་འབོར་དེ་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར15.84ཡིན་ཞིང་། དེའི་ནང་གཙང་པོ་དང་ཆུ་རྒྱུན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར13.82ཡོད་པ་དང་། ཆུ་རྒྱུན་བསྡོམས་འབོར་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར4.90དང་ཕྱི་ནས་ནང་དུ་བཞུར་བཞིན་པའི་ཆུ་རྒྱུན་ཚད་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར8.92ཚུད་ཡོད་པས། ཆུའི་ཐོན་ཁུངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར5.43ཡོད་ཅིང་། དེའི་ནང་ས་གནས་དེ་གའི་ས་འོག་ཆུའི་ཐོན་ཁུངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར4.35དང་དེ་བཞིན་ཕྱི་ནས་འདྲེན་པའི་ས་འོག་ཆུའི་ཐོན་ཁུངས་སྤྱོད་ཚད་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1.08ཡོད། ཧོ་ཁྲོན་གྱི་རྒྱུག་ཚད་དང་ས་འོག་ཆུའི་སྤྱོད་ཚད་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར3.41བཅས་ཚུད་ཡོད། ཡང་ཆོན་གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་ཀྱི་ཆུའི་ཐོན་ཁུངས་སྤྱོད་ཚད་དེ་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི562ལས་ཟིན་གྱི་མེད་པ་དང་། ཧྲན་ཞི་ཞིང་ཆེན་གྱི་མི་རེའི་ཆ་སྙོམས་ཀྱི་ཆུའི་ཐོན་ཁུངས་སྤྱོད་ཚད་དེ་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ546ལས་ཅུང་མཐོ་ཞིང་། རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཆུའི་ཐོན་ཁུངས་སྤྱོད་ཚད་དེ་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ2400ཡི1/4ལས་ཟིན་གྱི་མེད་པ་དེ་འཛམ་གླིང་གི་མི་རེའི་ཆ་སྙོམས་ཀྱི་ཆུའི་ཐོན་ཁུངས་སྤྱོད་ཚད་ཀྱི1/8ལས་ཟིན་གྱི་མེད།      

རྩི་ཤིང་གི་ཐོན་ཁུངས།      

ཡང་ཆོན་གྲོང་ཁྱེར་གྱི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་རྩི་ཤིང་གི་སྣ་ཁ་མང་པོ་ཡོད་ཅིང་། ཨེན་ཀེར་ལེ—ཅིར་ཀེ་རིགས་དབྱེ་མ་ལག་ལྟར་ན། མངའ་ཁོངས་སུ་རྒྱུན་མཐོང་གི་རྩི་ཤིང93དང་རིགས437ཡོད། དེའི་ནང་འབུ་ཕྲའི་རིགས་ཀྱི་རྩི་ཤིང5དང་། སོན་རྗེན་རྩི་ཤིང་རིགས4 སོན་ཐུམ་རྩི་ཤིང་རིགས80 བསྡོམས་རྩི་ཤིང་རིགས415(དེའི་ནང་སོན་གཉིས་ལོ་མའི་རྩི་ཤིང72དང་། རིགས360དང་། ལོ་རྐྱང་རྩི་ཤིང8དང་། རིགས55བཅས་ཚུད་ཡོད)ཡོད། རྩི་ཤིང་རིགས་སོ་སོའི་ཁྲོད་འདེབས་མང་ཤོས་ནི་ལུག་མིག་དང་སྲན་མ་བཅས་ཡིན་ཞིང་། དེ་དག་ལ་བསྡོམས་པས་རིགས154ཡོད། དེ་ལྟར་རྩི་ཤིང་གི་ཐོན་ཁུངས་ནང་སྨན་རྫས་སུ་ཆོག་པའི་རྩི་ཤིང་རིགས160ཡན་ཡོད་པ་དང་། འབྲུ་རིགས་སོགས་ཀྱི་ལོ་ཏོག་དང་སྣུམ་རྒྱུའི་ལོ་ཏོག སྔོ་ཚལ་ལོ་ཏོག་བཅས་དེ་བས་མང་བ་ཡོད། ཡང་ཆོན་གྲོང་ཁྱེར་གྱི་མངའ་ཁོངས་སུ་ནགས་ཚལ་མུའུ་ཁྲི94.1ཡོད་ཅིང་། དེའི་ཡང་ཆོན་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལས13.74%ཟིན་ཡོད། གཞན་ཡང་སྡོང་རྐང་ཁྲི2205ཡོད་པ་དེ་ལས། ཤིང་ཆ་གསོག་ཚད་ཀྱི་རྒྱ་ཁྱོན་ལ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི55ཟིན་ཡོད། ནགས་ས་ཡོད་པའི་ཁྲོད་དུ་དཔལ་འབྱོར་ཅན་གྱི་ནགས་ཚལ་མུའུ་ཁྲི4.8ཟིན་པ་ལས་གཞན། རྩྭ་ཐང་མུའུ་ཁྲི182.1ཡོད་པ་དེའི་ནང་བེད་སྤྱོད་ཆོག་པའི་རྩྭ་ཐང་གིས90%ཡན་བཟུང་ཡོད་པ་དང་དང་སྔོ་རྩྭའི་ཐོན་ཚད་ཀྱི་སྤྱི་རྒྱ་དུང་ཕྱུར1ཡན་ཟིན་གྱི་ཡོད།    

སྲོག་ཆགས་ཐོན་ཁུངས།      

ཡང་ཆོན་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་ལ་ནགས་ཚལ་ཉུང་ཞིང་ཁོར་ཡུག་སྦགས་བཙོག་ཚབས་ཆེ་བས་རིགས་ཧ་ཅང་ཉུང་། དཔེར་ན། 《ཕིང་ཏིན་ཀྲོའུ་ཡི་ལོ་རྒྱུས》ཞེས་པའི་ནང་ཆིང་རྒྱལ་རབས་སྐབས་སུ་སྟག་དང་གླ་བ། ཤྭ་བ་སོགས་ཡོད་ཚུལ་གསུངས་ཡོད་མོད་ད་ལྟ་གླ་བ་མཐོང་རྒྱུ་ཧ་ཅང་ཉུང་ཞིང་། ཤྭ་བ་ཅུན་ཧའེ་ལིང་དགོན་པའི་ནགས་ར་སོགས་སུ་གསོ་སྤེལ་བྱེད་ཀྱི་ཡོད། བརྟག་དཔྱད་བྱས་པར་གཞིགས་ན། སྲོག་ཆགས་གཙོ་བོའི་ཐོན་ཁུངས་ནང་འབུ་སྲིན་ཕུད་སྲོག་ཆགས་རིགས49ཡོད་པ་རེད།  དེ་ལས་གཞན་ཡང་ཆོན་གྲོང་ཁྱེར་དུ་འབུ་སྲིན་སྣ་ཁ་མང་ཞིང་གྲངས་འབོར་གྱི་ཚད་ཆེ། དེ་ལས་ནགས་ཚལ་གྱི་གནོད་འབུ་སྣ་ཁ831ཡོད་པ་དང་། ས་གནས་དེ་རུ་གནོད་འབུ་ཚོད་འཛིན་དང་དོ་མཉམ་སྐྱེ་ཁམས་ཐད་ནས་ནུས་པ་འདོན་བཞིན་ཡོད་ཅིང་། རི་སྐྱེས་སྲོག་ཆགས་ལས་གཞན་ཡང་ཆོན་གྲོང་ཁྱེར་གྱིས་ད་དུང་ཕག་དང་བ་གླང་། ལུག རྟ། དྲེལ་སོགས་མང་པོ་གསོ་སྤེལ་བྱེད་བཞིན་ཡོད།

གཏེར་རྫས་ཐོན་ཁུངས།      

ཡང་ཆོན་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། རྩད་ཆོད་བྱུང་བའི་གཏེར་ཁ་རིགས52ཡོད་པ་དང་། ལྷག་པར་དུ་རྡོ་སོལ་དང་མུ་ཟི་ལྕགས་གཏེར། ཧ་ཡང་། ས་རྡོ་བཅས་ཀྱི་གསོག་ཚད་མང་ཞིང་། སྤུས་ཚད་མཐོ་བ། སྔོག་འདོན་བྱེད་སླ་བ་བཅས་འཛམ་གླིང་ཐོག་སྐད་གྲགས་ཆེ། དེ་ནི་ཀྲུང་གོའི་རྡོ་སོལ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཀྱི་གྲས་ཤིག་དང་། རྒྱལ་ཡོངས་ཀྱི་ཧ་ཡང་ལྕགས་གཏེར་ཐོན་སྐྱེད་རྟེན་གཞི་ཆེ་གྲས་གསུམ་གྱི་གྲས་ཤིག་དང་། མུ་ཟི་ལྕགས་གཏེར་ཐོན་སྐྱེད་རྟེན་གཞི་ཆེ་གྲས་ལྔའི་གྲས་ཤིག་རེད། མངའ་ཁོངས་སུ་རྡོ་སོལ་འདུས་པའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1051ཡོད་པ་དང་། རྡོ་སོལ་གྱི་ས་གཤིས་བསགས་འབོར་ཏུན་དུང་ཕྱུར104དང་། མུ་ཟི་ལྕགས་གཏེར་ཏུན་དུང་ཕྱུར2.5ཧང་སའོ་ས་ཏུན་དུང་ཕྱུར2.27བཅས་ཡོད། མ་བཅོས་རྡོ་སོལ་གྱི་ལོ་རེའི་ཐོན་ཚད་ཏུན་ཁྲི3500ཡིན་པ་དང་། མུ་ཟི་དང་ལྕགས་གཏེར་གྱི་ལོ་རེའི་ཐོན་ཚད་ཏུན་ཁྲི200ཡིན། ཧ་ཡང་དང་སུར་རྒྱུ་བཙོས་མ་ལོ་རེར་ཐོན་ཚད་ཏུན་ཁྲི180ཡིན་པ་དང་། དེ་མིན་ད་དུང་རྫ་དཀར་གྱི་རྒྱུ་ཆ་དང་ཀའོ་ལིན་ས་དང་། འགྱིག་གཤིས་ས། སྲ་རྒྱུ་བཅས་ཀྱི་གསོག་ཚད་ཏུན་ཁྲི17740.9ཡིན། རྡོ་རིང་གསོག་ཚད་ཏུན་ཁྲི4317ཟིན་པ་དང་དཀར་གོང་གསོག་ཚད་ཏུན་ཁྲི4320ཟིན། ཧུའེ་རྡོ་གསོག་ཚད་ཏུན་དུང་ཕྱུར5ཡིན། 

5 ཆབ་སྲིད།

                                              ད་ལྟའི་འགོ་ཁྲིད།

ལས་འགན། རུས་མིང་།
གྲོང་ཁྱེར་ཨུ་ཡོན་ཧྲུའུ་ཅི།
ཀོན་ཅན་ཞུན།
གྲོང་ཁྱེར་ཨུ་ཡོན་ཧྲུའུ་ཅི་གཞོན་པ།
ལེ་ཅན་ཁུན།
 གྲོང་ཁྱེར་ཨུ་ཡོན་དང་ཧྲི་ཀྲང་གཞོན་པ།
ཧོང་ཧའེ་ཐའོ།
6 མཛའ་མཐུན་གྲོང་ཁྱེར།

                                  རྒྱལ་ནང་གི་མཛའ་མཐུན་གྲོང་ཁྱེར།

                                             ཐེན་ཅིན་གྲོང་ཁྱེར་ཐང་ཀུའུ་ཆུས།
                                        ཧྲན་ཏུང་ཞིང་ཆེན་ཝེ་ཧྥང་གྲོང་ཁྱེར།                                         ཧྲན་ཏུང་ཞིང་ཆེན་ཙི་པོ་གྲོང་ཁྱེར།                                        ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར།                                        ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར། 


              ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར།
                ཅང་སུའུ་ཞིང་ཆེན་ཁུན་ཧྲན་གྲོང་ཁྱེར།               ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར།                                           ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར།                                            ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར། 
                      ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར།               སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར།                    ཀྲའེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར།                 ཧུའུ་ནན་ཞིང་ཆེན་ཡུའེ་དབྱང་གྲོང་ཁྱེར།                                      ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་། 

               སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར།               སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར              ལེའོ་ཉིང་ཞིང་ཆེན་ཕན་ཅིན་གྲོང་ཁྱེར།                ཧེ་ལུང་ཅང་ཞིང་ཆེན་ཆི་ཐའེ་ཧོ་གྲོང་ཁྱེར།              དབྱིན་ཇིའི་ཆེ་སི་ཐེ་ཧྥེར་ཏེ་གྲོང་ཁྱེར་དང་ཨ་རིའི་ཧྭ་ལུན་གྲོང་ཁྱེར། 
7 མི་གྲངས།      

སྤྱི་ལོ2017ལོའི་ལོ་མཇུག་བར་ཡང་ཆོན་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི140.88ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.52འཕར་ཡོད་ཅིང་། གྲོང་ཁྱེར་དེ་ཡོངས་ལ་ལོ་ཧྲིལ་པོར་གསར་སྐྱེས་མི་འབོར་ཁྲི1.33ཡོད་པ་དང་མི་འབོར་སྐྱེ་ཚད9.46%ཟིན་ནས་ལོ་གོང་མ་ལས0.59འཕར་བ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི0.81ཟིན་པ་དང་ཤི་ཚད5.74%ཟིན་ནས་ལོ་གོང་མ་ལས 0.66འཕར་བ། རང་བྱུང་འཕར་ཚད་བརྒྱ་ཆ3.72ཡིན་པ་དེ་སྔའི་ལོ་སྔོན་མ་ལས་སྟོང་ཆ0.07འཕར་ཡོད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཆ་ནས་བལྟས་ཚེ། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི95.18ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི1.6འཕར་བ་དང་གྲོང་གསེབ་ཀྱི་རྒྱུན་སྡོད་མི་འབོར་ཁྲི45.7ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད67.56%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.88འཕར་ཏེ་ཧྲན་ཞི་ཞིང་ཆེན་གྱི་ཨང་གཉིས་པར་སླེབས་པ་རེད།

8 དཔལ་འབྱོར།      

སྤྱི་བཤད།      

སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར672ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ཚེ6.3%འཕར་ཡོད་ཅིང་། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར10.4ཟིན་ནས3.0%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར320.4ཟིན་ནས5.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར341.2ལེགས་གྲུབ་བྱུང་ནས7.1%འཕར། ཐོན་ལས་གསུམ་པ་དེ་སྤྱི་ལོ2016ལོའི་ཟླ1པོའི་ཆུ་ཚོད7:48.0:50.3ནས་ཟླ1པོའི་ཆུ་ཚོད5:47.7:50.8བར་ལེགས་སྒྲིག་བྱས་ཤིང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར47790ཟིན་པ་དེ་སྤྱི་ལོ2017ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ཚེ་ཨ་སྒོར7078ཟིན། ལོ་ཧྲིལ་པོར་གྲོང་མིའི་འཛད་སྤྱོད་རིན་གོང1.4%འཕར་ནས་བཟའ་བཅའི་རིན་གོང0.9%མར་ཆག ཚོང་ཟོག་སིལ་འཚོང་རིན་གོང་བརྒྱ་ཆ0.8འཕར། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭ་ནས་ཐོན་པའི་རིན་གོང8.1%འཕར་བ་དེའི་ནང་ཐོན་སྐྱེད་རྒྱུ་ཆའི་རིན་གོང7.7%འཕར་བ་དང་འཚོ་བའི་རྒྱུ་ཆའི་རིན་གོང7.7%འཕར། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་རིན་གོང14.8%འཕར། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས25326གསར་དུ་འཕར་ཡོད་ཅིང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས11626སྤོ་སྒྱུར་བྱས་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.11%ཟིན་པ་དེ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི4.2%ཚོད་འཛིན་ཚད་ཀྱི་དམིགས་ཚད་ལས་དམའ་བ་ཡོད་པ་རེད། སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར245.7ལེགས་གྲུབ་བྱུང་ཞིང་དེའི་བསྡུར་ཚད6.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར3.0བཏང་ནས88.8%མར་ཆག་པ་དང་། ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར149.7བཏང་ནས51.3%འཕར་བ། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར93.0བཏང་ནས11%མར་ཆག་ཡོད། ཐོ་འགོད་རིགས་ལྟར་དབྱེ་ན། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱི་མ་རྐང་ཚོད་འཛིན་གྱི་མ་དངུལ་སྒོར་དུང་ཕྱུར147.9བཏང་ནས29.4%འཕར། ལས་རིགས་གཙོ་བོར་གཞིགས་ནས་དབྱེ་ན། བཟོ་ལས་ལ་མ་དངུལ་སྒོར་དུང་ཕྱུར149.7བཏང་ནས51.3%འཕར། རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར36.1བཏང་ནས24.9%མར་ཆག དེ་ལས་གཞན་མ་དངུལ་སྒོར་དུང་ཕྱུར59.9བཏང་ནས28.2%མར་ཆག ལོ་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ཐོན་སྐྱེད་ཚད་ཀྱི་རྣམ་གྲངས193ཟིན་པ་དང་རྣམ་གྲངས་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་ཚད53.0%ཟིན་པ། གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར106.6མང་དུ་ཕྱིན་ནས་གཏན་འཇགས་རྒྱུ་ནོར་བེད་སྤྱོད་གཏོང་ཚད49.5%ཟིན་ཡོད་པ་རེད། སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར50ཟིན་ནས21.1%འཕར། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར37.9ཟིན་ནས38.5%འཕར། རྒྱལ་ནང་གི་གནས་ཐང་འཕར་ཁྲལ་དང་ལས་གཉེར་དཔྱ་ཁྲལ། ཁེ་ལས་ཀྱི་ཐོབ་ཁྲལ་དང་མི་སྒེར་གྱི་ཁྲལ། ཐོན་ཁུངས་ཀྱི་དཔྱ་ཁྲལ། གྲོང་ཁྱེར་འཛུགས་སྐྲུན་གྱི་དཔྱ་ཁྲལ་བཅས་ཁྱོན་ཁྲལ་འབབ་སྒོར་དུང་ཕྱུར30.9ལེགས་གྲུབ་བྱུང་བ་དང་སོ་སོར76.9%འཕར་ནས་རིམ་བཞིན99.0%མར་ཆག་པ་དང་། དེ་ནས་རིམ་བཞིན175.8%  56.0% 65.7% 19.3%བཅས་འཕར་བ་རེད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར105.8ཡིན་པས10.5%འཕར། དེའི་ནང་ཞིང་ནགས་ཆུ་གསུམ་གྱི་ལས་དོན་གཏོང་སྒོ1.2%མར་ཆག་པ་དང་། སློབ་གསོའི་གཏོང་སྒོ4.6%འཕར། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་གཏོང་སྒོ18.8%འཕར། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་གཏོང་སྒོ1.3%འཕར། ནུས་རྒྱུ་དང་ཁོར་ཡུག་སྲུང་སྐྱོང་གི་གཏོང་སྒོ21.4%འཕར། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ1.8%འཕར། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གཏོང་སྒོ8.9%འཕར། སྤྱི་པའི་བདེ་འཇགས་ཀྱི་གཏོང་སྒོ1.0%འཕར་བ་བཅས་རེད། སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29581ཟིན་ནས6.4%འཕར། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར12963ཟིན་ནས6.5%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་དུད་ཚང་བསྡོམས་འབོར་གྲངས20%ཟིན་ཡོད་ཅིང་། ཡོང་འབབ་དམའ་བའི་དུད་ཚང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར10052ཟིན་ནས8.2%འཕར། གྲོང་གསེབ་ཀྱི་དུད་ཚང་བསྡོམས་འབོར20%ཟིན་ནས་ཡོང་འབབ་དམའ་བའི་དུད་ཚང་གི་ཡོང་འབབ་སྒོར5553ཟིན་ནས14.8%འཕར་ཡོད།

ཐོན་ལས་དང་པོ།.jpg     

སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་ཞིང་ལས་འདེབས་འཛུགས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི5.5ཟིན་ནས1.5%མར་ཆག་ཡོད་ཅིང་། དེའི་ནང་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི5.3ཟིན་ནས་2.5%མར་ཆག སྣུམ་རྒྱུ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང123.5ཟིན་ནས32.4%འཕར། འབྲུ་རིགས་འདེབས་པའི་རྒྱ་ཁྱོན་ནང་མ་རྨོས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི4.5ཟིན་ནས3.4%མར་ཆག ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི26.0ཟིན་ནས0.4%འཕར། དེའི་ནང་མ་རྨོས་ལོ་ཏོག་ཏུན་ཁྲི23.9ཟིན་ནས0.2%འཕར། སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་ཤ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི2.1ཟིན་ནས5.1%འཕར། དེའི་ནང་ཕག་ཤའི་ཐོན་ཚད་ཏུན་ཁྲི1.6ཟིན་ནས4.7%འཕར། ཤའི་ཐོན་ཚད་ཏུན་ཁྲི0.04ཟིན་ནས70.2%འཕར། ལུག་ཤའི་ཐོན་ཚད་ཏུན་ཁྲི0.1ཟིན་ནས17.4%འཕར། འོ་མའི་ཐོན་ཚད་ཏུན་ཁྲི0.6ཟིན་ནས18.2%མར་ཆག བྱ་སྒོང་གི་ཐོན་ཚད་ཏུན་ཁྲི3.3ཟིན་ནས2.2%མར་ཆག ཆུའི་ཐོན་རྫས་ཐོན་ཚད་ཏུན701ཟིན་ནས12.8%འཕར། སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་དུ་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང་སྟོང3.7ལེགས་གྲུབ་བྱུང་ནས21.1%འཕར། དེའི་ནང་མིས་བཟོས་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང་སྟོང3.3ཟིན་ནས18.8%འཕར། རི་བོ་དང་ས་རྒོད་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང་སྟོང3.3ཟིན་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ཡང་ཆོན་གྲོང་ཁྱེར་གྱི་ཞིང་ལས་འཕྲུལ་ཆས་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི33.1ཟིན་ནས21.5%མར་ཆག འཕྲུལ་ཆས་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི4.2ཟིན་ནས0.7%མར་ཆག འཕྲུལ་ཆས་ཀྱིས་འདེབས་འཛུགས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི4.4དང་འཕྲུལ་ཆས་ཀྱི་ཐོན་འབབ་རྒྱ་ཁྱོན་སྤྱི་ཆིང་ཁྲི1.7ཟིན་པ་དེ་ལོ་སྔོན་མ་ལས1.1%དང0.8%འཕར་ཡོད། གྲོང་ཁྱེར་དེའི་ཞིང་ལས་འཕྲུལ་ཆས་གཉེར་སྐྱོང་བྱས་པའི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར2.1ཟིན་ནས5.0%འཕར་ཡོད། 

ཐོན་ལས་གཉིས་པ།      

སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས123ཟིན་ནས་བཟོ་ལས་ཀྱི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར217ཟིན་པ་དང་།  དེ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ5.5འཕར་ཡོད། ཚད་ལྡན་གྱི་བཟོ་ལས་ཁེ་ལས་མ་བཅོས་རྡོ་སོལ་ཐོན་ཚད་ཏུན་ཁྲི5132.6ཡིན་ཞིང་། བརྒྱ་ཆ1.1འཕར། རྡོ་སོལ་ཐོན་ཚད་ཏུན་ཁྲི2388.1ཟིན་ནས29.9%མར་ཆག་པ། གློག་ཤུགས་ཆུ་ཚོད་ཆན་ཝ་དུང་ཕྱུར125.5ཟིན་ནས27.7%འཕར་ཡོད། སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར739.1ཟིན་ནས21.3%འཕར་བ་དང་། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར40.1མངོན་འགྱུར་བྱུང་ནས91%འཕར། དེའི་ནང་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར16.4བྱུང་བ་དང་དེ་དུས་མཚུངས་སུ་ལས་ཀའི་སྒོར་དུང་ཕྱུར1.8བྱུང་། ཁྲལ་དངུལ་སྒོར་དུང་ཕྱུར56.5ཟིན་ནས44.1%འཕར། ཁེ་ལས“མ་དངུལ་ཁག་གཉིས”ཀྱིས་སྒོར་དུང་ཕྱུར144.7བེད་སྤྱོད་བྱས་པ་དེའི་ནང9.7%མར་ཆག་པ་དང་། དེ་ལྟར་དེའི་ནང་བསྡུ་དགོས་པའི་རྩིས་ཁྲར་སྒོར་དུང་ཕྱུར118.1ཟིན་ནས14.3%མར་ཆག ཐོན་སྐྱེད་བྱས་པའི་ཐོན་རྫས་སྒོར་དུང་ཕྱུར26.6ཟིན་ནས18.8%འཕར། གྱོང་གུན་ཕོག་པའི་ཁེ་ལས54ཡོད་པ་དང་གྱོང་གུན་ཕོག་ཚད43.9%ཟིན། གྱོང་གུན་ཕོག་ཚད་སྒོར་དུང་ཕྱུར34.1ཟིན་ནས30.7%འཕར། སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར50.8ཟིན་ནས6.2%འཕར། ཨར་སྐྲུན་ལས་རིགས་ཀྱི་འོས་ཐོབ་རིམ་པ་ལྡན་པའི་ཆེད་ལས་འགན་གཙང་གི་ཨར་སྐྲུན་ཁེ་ལས་ཀྱི་ཁེ་བཟང་བསྡོམས་འབོར་སྒོར་དུང་ཕྱུར0.3བྱུང་ནས83.9%མར་ཆག དེ་ལས་གཞན་ཁྲལ་འཇལ་དངུལ་སྒོར་དུང་ཕྱུར4.6བཏང་ནས96.7%འཕར་ཡོད།      

ཐོན་ལས་གསུམ་པ། .jpg     

སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་སྡོད་ཁང་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར30.3བཏང་ནས52.7%མར་ཆག་ཡོད། ལས་གྲྭའི་སྤྱོད་སྒོ་ལྟར་དབྱེ་ན། ཚོང་ཟོག་སྡོད་ཁང་ལ་མ་དངུལ་སྒོར་དུང་ཕྱུར23.3བཏང་ནས55.1%མར་ཆག ཚོང་གཉེར་སྡོད་ཁང་ལ་མ་དངུལ་སྒོར་དུང་ཕྱུར3.4བཏང་ནས46.8%མར་ཆག ལོ་ཧྲིལ་བོའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར41.6བཏང་ཞིང་། འགན་སྲུང་རང་བཞིན་གྱི་སྡོད་ཁང16924གསར་སྐྲུན་བྱེད་འགོ་བརྩམས། འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་སྤྱིལ་ཁྱིམ་ཁུལ་བསྒྱུར་སྡོད་ཁང12776གཞི་རྩའི་ཆ་ནས་འཛུགས་སྐྲུན་ལེགས་གྲུབ་བྱུང་། སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར325.0ཟིན་ནས6.1%འཕར། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར293.2ཟིན་ནས5.9%འཕར། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར31.8ཟིན་ནས8.2%འཕར། ལོ་ཧྲིལ་པོར་འགག་སྒོའི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི12336ཟིན་ནས6.6%མར་ཆག་པ་དེའི་ནང་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་ཁྲི8630ཟིན་ནས13.4%མར་ཆག་པ་དང་། ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི3706ཟིན་ནས14.3%འཕར། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་དངུལ་འཇོག་པའི་ཁེ་ལས2གསར་དུ་བཙུགས་པ། ཁྱབ་ཆེའི་བསྡོམས་རྩིས་ལྟར་ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་དངུལ་འཇོག་གྲངས་ཨ་སྒོར་ཁྲི11501དངོས་སུ་སྤྱད་པས63.1%མར་ཆག་ཡོད། སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་ཡིག་ཟམ་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར16.2ལེགས་གྲུབ་བྱུང་ཡོད། དེའི་ནང་སྦྲག་སྲིད་ལས་རིགས་ཀྱི་སྤྱི་འབོར་སྒོར་དུང་ཕྱུར2.3ཟིན་ནས26.7%འཕར། གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར13.9ཟིན་ཡོད། སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི142.2ཟིན་ནས3.4%མར་ཆག་པ་དེའི་ནང4Gསྒུལ་བདེའི་ཁ་པར་སྤྱོད་མཁན་ལོ་མཇུག་ཏུ་དུད་ཚང་ཁྲི79.8ཟིན་ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་དྲ་སྦྲེལ་སྤྱོད་མཁན་དུད་ཚང་ཁྲི47ཟིན་ནས26.3%འཕར། ཡུལ་སྐོར་བསྡོམས་རྩིས་ལྟར་བརྩིས་ན། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར283.93ཟིན་ནས25.8%འཕར་ཡོད། སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་སྣ་ཚོགས་ལྷག་གྲངས་སྒོར་དུང་ཕྱུར1484.6ཟིན་པ་དེ་ལོ་སྔོན་མ་ལས8.5%འཕར། དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར884.7ཟིན་པ་དེ་ལོ་སྔོན་མ་ལས19.1%འཕར། ལོ་ཧྲིལ་པོར་འགན་བཅོལ་ཡོང་འབབ་སྒོར་དུང་ཕྱུར31.66ཟིན་ནས6.9%འཕར། དེའི་ནང་ཚེ་སྲོག་འགན་བཅོལ་ལས་སྒོའི་འགན་བཅོལ་གྱི་ཡོང་འབབ་སྒོར་དུང་ཕྱུར20.27ཟིན་ནས་0.4%མར་ཆག་པ་དང་། བདེ་ཐང་འགན་བཅོལ་དང་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་ལས་སྒོའི་འགན་བཅོལ་གྱི་ཡོང་འབབ་སྒོར་དུང་ཕྱུར3.32ཟིན་ནས་41.3%འཕར། རྒྱུ་ནོར་འགན་བཅོལ་ལས་སྒོའི་འགན་བཅོལ་ཡོང་འབབ་སྒོར་དུང་ཕྱུར8.07ཟིན་ནས16.8%འཕར། རིམ་པ་སོ་སོའི་སྐྱིན་ཚབ་འཇལ་དངུལ་སྒོར་དུང་ཕྱུར13.85སྤྲད་པ་དེ0.58%འཕར་ཡོད་ཅིང་། དེའི་ནང་ཚེ་སྲོག་འགན་བཅོལ་གྱི་ལས་སྒོ་སྒོར་དུང་ཕྱུར7.15སྤྲད་པ་དེ3.9%འཕར། བདེ་ཐང་འགན་བཅོལ་དང་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་གྱི་ལས་སྒོའི་སྐྱིན་ཚབ་སྒོར་དུང་ཕྱུར1.33སྤྲད་པ་དེ33.0%འཕར། རྒྱུ་ནོར་འགན་བཅོལ་ལས་སྒོའི་གསབ་དངུལ་སྒོར་དུང་ཕྱུར5.37ཟིན་ནས9.1%མར་ཆག་པ་ཡིན།

9 སྤྱི་ཚོགས་ལས་རིགས།      

ཚན་རིག་སློབ་གསོ།     

སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད1107ཟིན་ནས21.6%མར་ཆག་པའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཡོད་པ་རེད། རེ་ཞུ་བྱེད་ཚད439ཟིན་ནས7.6%འཕར། གྲོང་ཁྱེར་གྱི་ཁེ་བེད་བདག་ཐོབ་དབང་སྤྲོད་བྱེད་ཚད360ཟིན་ནས5.7%ཉུང་དུ་ཕྱིན་པ་དེའི་ནང་གསར་གཏོད་ཁེ་བེད་བདག་ཐོབ་བྱེད་ཚད18ཟིན་ནས21.7%ཉུང་དུ་ཕྱིན་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་རིམ་པ་ཡན་གྱི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས41ཐོབ་པ་དེའི་ནང་གྲོང་ཁྱེར་རིམ་པའི་རྣམ་གྲངས37དང་ཞིང་ཆེན་རིམ་པའི་རྣམ་གྲངས4ཡོད། ལོ་ཧྲིལ་པོར་ལག་རྩལ་གན་རྒྱ154བཞག་པ་དང་ལག་རྩལ་གན་རྒྱའི་ཚོང་འགྲིག་བསྡོམས་འབོར་སྒོར་དུང་ཕྱུར2.5ཟིན། ལོ་ཧྲིལ་པོར་ཚན་རྩལ་གྲུབ་འབྲས་ཁག26ཐོ་འགོད་བྱས་པ་རེད། ཞིང་ཆེན་རིམ་པའི་ཚན་རིག་ལག་རྩལ་གྱི་བྱ་དགའ4ཐོབ་ཡོད་ཅིང་། རྒྱལ་ཁབ་ཀྱི་ཁེ་ལས་ལག་རྩལ་ལྟེ་གནས1དང་ཞིང་ཆེན་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས10གྲོང་ཁྱེར་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས30ལ་ངོས་འཛིན་བྱས། གྲོང་ཁྱེར་དེ་རུ་མཐོ་གསར་ལག་རྩལ་ཁེ་ལས42ལ་སླེབས་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ཡང་ཆོན་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མ2ཡོད་པ་དང་ལོ་ཧྲིལ་པོར་ཞིང་པ་ཁྲི6.7དངོས་སྤྱོད་ལག་རྩལ་ཐད་དུ་གསོ་སྦྱོང་བྱས།

                                  ཡང་ཆོན་གྲོང་ཁྱེར་གྱི་སློབ་གསོའི་ལས་ཁུངས་གཙོ་བོ།

               མཐོ་རིམ་སློབ་གྲྭ་ཆེ་མོ།             དངོས་གཞིའི་རིམ་པ།          ཧྲན་ཞི་བཟོ་སྐྲུན་ལག་རྩལ་སློབ་གླིང་།             ཧྲན་ཞི་སྨྱན་སྦྱོར་སློབ་གླིང་། 





             མཐོ་རིམ་སློབ་གྲྭ་ཆེ་མོ།             དངོས་གཞི་འཕར་མ།
             ཡང་ཆོན་ལས་རིགས་ལག་རྩལ་སློབ་གླིང་།              ཡང་ཆོན་དགེ་འོས་མཐོ་རིམ་ཆེད་ལས་སློབ་གྲྭ།





                   འབྲིང་རིམ་ཆེད་ལས་སློབ་གྲྭ།              ཡང་ཆོན་ལས་རིགས་ལག་རྩལ་སློབ་གླིང་།                ཡང་ཆོན་གྲོང་ཁྱེར་རིག་གནས་སྒྱུ་རྩལ་སློབ་གྲྭ།
                ཡང་ཆོན་གྲོང་ཁྱེར་ལུས་རྩལ་སློབ་གྲྭ།                                   ཆི་ཐའེ་ཡོན་ཚན་རྩལ་སློབ་ཆེན།                                ཡང་ཆོན་ཡན་ལག་སློབ་གྲྭ།       ཡང་ཆོན་རྡོ་སོལ་གཏེར་ཁའི་མཐོ་རིམ་ལག་རྩལ་སློབ་གྲྭ།              ཧྲན་ཞི་ཞིང་ཆེན་དམིགས་བསལ་སློབ་གསོའི་སློབ་གྲྭ།                    བྱང་ཆོན་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ།
              ལས་རིགས་མཐོ་འབྲིང་།              ལས་རིགས་མཐོ་རིམ་སློབ་འབྲིང             ཆིའུ་ཕིང་ཏིང་རྫོང་གི་མཐོ་རིམ་ལས་རིགས་སློབ་འབྲིང་།                                   ཆི་རྫོང་གི་ལས་རིགས་སློབ་འབྲིང་།





             མཐོ་འབྲིང་།               ཡང་ཆོན་སློབ་འབྲིང་དང་པོ།   བྱང་ཆོན་གྲོང་ཁྱེར་ཕྱི་སྐད་སློབ་གྲྭ།             ཡང་ཆོན་ཧུང་ཁྲང་སློབ་འབྲིང་།        ཆུས་རྫོང་རུང་ཁྲང་སློབ་འབྲིང་།




             མཐོ་འབྲིང་།          ཆི་རྫོང་སློབ་འབྲིང་གསུམ་པ།    ཕིང་ཏིན་སློབ་འབྲིང་གསུམ་པ།  ཡང་ཆོན་སློབ་འབྲིང་བཅུ་གསུམ་པ།  ཡང་ཆོན་སློབ་འབྲིང་བཅུ་བདུན་པ།      ཡང་ཆོན་ཕྱི་སྐད་སློབ་འབྲིང་།



 རིག་གནས་ལས་དོན། 

སྤྱི་ལོ2017ལོའི་ལོ་མཇུག་བར་ཡང་ཆོན་གྲོང་ཁྱེར་དུ་མང་ཚོགས་སྒྱུ་རྩལ་ཁང་དང་། རིག་གནས་ཁང6དང་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ6 སྤྱི་པའི་དཔེ་མཛོད་ཁང6བཅས་ཡོད་པ་རེད། ལོ་མཇུག་ཏུ་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི33.2ཟིན་ཡོད་ཅིང་། ལོ་ཧྲིལ་པོར《ཡང་ཆོན་ཉིན་རེའི་ཚགས་པར》ཁྲི621འགྲེམས་སྤེལ་བྱས། 

སྨན་བཅོས་ལས་དོན།      

སྤྱི་ལོ2017ལོའི་ལོ་མཇུག་བར་ཡང་ཆོན་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི(སྨན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ཚུད་པ)1548ཡོད་པ་དང་ཉལ་ཁྲི6957སྒྲིག་བཟོ་བྱས་ཡོད། མ་བུ་བདེ་སྲུང་ཁང་། (སོའོ། ས་ཚིགས)6བཅས་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་སྒྲིག་གཞིར་འཕྲོད་བསྟེན་ལག་རྩལ་མི་སྣ10162ཡོད།

ལུས་རྩལ་བྱ་གཞག 

སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་ལུས་རྩལ་པར་རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་གལ་ཆེན་ནང་གསེར་གྱི་རྟགས་མ་དང་དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ་བཅས36ཐོབ་ཡོད་ཅིང་། དེའི་ནང་ཨོ་རྩལ་འགྲན་ཚོགས་མིན་པའི་རྣམ་གྲངས་འགྲན་བསྡུར་བཅས་འདུས་ཡོད་པ་དང་། གྲོང་ཁྱེར་དེ་རུ་ལུས་རྩལ་རྒྱན་ཤོག་སྒོར་དུང་ཕྱུར1.18ཟིན་ནས་ལོ་སྔོན་མ་ལས་ལྡབ་གཅིག་ཙམ་འཕར་ཡོད།  

 རྨང་གཞིའི་སྒྲིག་བཀོད། 

སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་སྤྱི་ཚོགས་ཡོངས་ཀྱི་ནུས་རྒྱུ་འཛད་སྤྱོད་བསྡོམས་འབོར་ཚད་ལྡན་རྡོ་སོལ་ཏུན་ཁྲི859.51ཟིན་པ་དེ་ལོ་གོང་མ་ལས2.87%འཕར་བ་དང་། སྒོར་ཁྲིའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་ཚད་ལྡན་རྡོ་སོལ་ཏུན1.3130ཡིན་པས་བརྒྱ་ཆ3.21ཆག་ཡོད། 

ལོ་ཧྲིལ་པོར་བཟོ་ལས་ཕྱོགས་བསྡུས་ནུས་ཁུངས་འཛད་སྤྱོད་བྱེད་ཚད་དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི565.88ཟིན་ནས0.7%འཕར་ཡོད། ནུས་ཁུངས་ཟད་གྲོན་ཆེ་བའི་བཟོ་ལས་ཁེ་ལས་ཀྱི་རྩིས་གཞི་ཡོད་པའི་ཐོན་རྫས་ཀྱི་ནུས་ཁུངས་ཟད་གྲོན་ནི། མ་བཅོས་རྡོ་སོལ་ཏུན་གྱི་ཕྱོགས་བསྡུས་ནུས་ཁུངས་ཟད་གྲོན་དེ་ཚད་ལྡན་རྡོ་སོལ་ཏུན་རེར་སྟོང་ཁེ6.27ཡིན་པས10.6%ཆག་པ་དང་། རྡོ་སོལ་བསྲེགས་མ་བཟོ་བའི་ལས་རིམ་གྱི་རྩིས་གཞི་རེའི་ནུས་ཁུངས་ཟད་གྲོན་ཏུན་རེར་ཚད་ལྡན་རྡོ་སོལ་སྟོང་ཁེ147.74ཡིན་པས་བརྒྱ་ཆ3.6ཆག་པ། གློག་ཁང་གི་མེ་ཤུགས་གློག་འདོན་ཚད་གཞིའི་རྡོ་སོལ་གྱིས་ཚད་ལྡན་རྡོ་སོལ་ཁེ300.47ཆུ་ཚོད་རེར་ཆན་ཝ་ཆུ་ཚོད་རེར་ཏུན0.4%འཕར་བ་དང་། རྩིས་གཞི་རེའི་དབྱང་འགྱུར་ཧ་ཡང་གི་ཕྱོགས་བསྡུས་ནུས་རྒྱུ་ཟད་གྲོན་ཏུན་རེར་ཚད་ལྡན་རྡོ་སོལ་སྟོང་ཁེ422.14ཟིན་ནས3.0%འཕར་ཡོད། 

སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་བསྡོམས་འབོར་ཆན་ཝ་ཆུ་ཚོད་དུང་ཕྱུར82.9ཟིན་ནས16.5%འཕར། དེའི་ནང་ཐོན་ལས་དང་པོར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར0.6ཟིན་ནས8.3%འཕར། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར66.9ཟིན་ནས18.1%འཕར་བའི་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར66.4ཟིན་ནས18.0%འཕར། ཐོན་ལས་གསུམ་པར་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར9.3ཟིན་ནས14.3%འཕར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བར་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར6.1ཟིན་ནས4.4%འཕར། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་བསྡུར་ཚད0.8%དང79.6%11.4%8.2%བཅས་སོ་སོར་ཟིན་ཡོད། 

10 སྤྱི་ཚོགས་འགན་སྲུང་།      

སྤྱི་ལོ2017ལོའི་ལོ་མཇུག་བར་ཡང་ཆོན་གྲོང་ཁྱེར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་ཁྲི31.09ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི2.23མང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་ཁྲི44.09ཟིན་པ་དེ་ལོ་སྔོན་མ་ལས་མི་ཁྲི0.03འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི38.60དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི81.56ཟིན། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི26ཟིན་པ་དེ་ལོ་སྔོན་མ་ལས་མི་ཁྲི0.22མང་དུ་ཕྱིན་པ་དང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་ཁྲི25.12ཟིན་པ་དེ་ལོ་སྔོན་མ་དང་མཉམ། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་ཁྲི24.67ཟིན་པ་དེ་སྔོན་མ་ལས་མི་ཁྲི0.09མང་དུ་ཕྱིན་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་ཁུལ་གསུམ་དང་རྫོང་གཉིས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ནི། གྲོང་ཁུལ་དང་གཏེར་ཁུལ། གྲོང་ཁྱེར་ཉེ་འཁོར་བཅས་ལ་སྒོར1700དང་། ཕིང་ཏིང་རྫོང་དང་རྫོང་ལ་སྒོར1500ཡིན་པ་དེ་དག་ཚང་མ་ལོ་གོང་མ་ལས་སྒོར80མཐོ་རུ་ཕྱིན་ཡོད།      

སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་དུ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་ལ་ཁྱོན་མི་ཁྲི3.43ཡོད་པ་དེ་ལོ་སྔོན་མ་ལས་མི999ཉུང་དུ་ཕྱིན་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་མི་ཁྲི4.08ཡོད་པ་དེ་ལོ་སྔོན་མ་ལས་མི217མང་དུ་ཕྱིན། མི་ཁྲི0.63གྲོང་གསེབ་ཀྱི་འགན་ལེན་ལྔའི་བསྙེན་བཀུར་བྱེད་ཁོངས་སུ་བཅུག་པ་དང་ལོ་ཧྲིལ་པོར་མ་མཐའི་འགན་ལེན་མ་དངུལ་སྒོར་དུང་ཕྱུར2.45སྤྲད་རེད། ལོ་སྔོན་མ་ལས་སྒོར་དུང་ཕྱུར0.24འཕར་ཡོད།      

སྤྱི་ལོ2017ལོའི་ལོ་མཇུག་བར་ཡང་ཆོན་གྲོང་ཁྱེར་དུ་རོགས་སྐྱོབ་ས་ཚིགས3ཡོད་པ་རེད། ཁྱོན་ཞག་སྡོད་མཁོ་འདོན་བྱེད་མཁན་གྱི་སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི28དང་། རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་ཉལ་ཁྲིའི་གྲངས1995དང་། ཕན་བདེ་ཁང་གི་ཉལ་ཁྲིའི་གྲངས350མི102བཅས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་སྣ་ཚོགས་ཀྱི་ཞབས་ཞུའི་སྒྲིག་བཀོད576ཡོད་པའི་ནང་ཕྱོགས་བསྡུས་རང་བཞིན་གྱི་སྡེ་ཁུལ་ཞབས་ཞུའི་ལྟེ་གནས90ཡོད། ལོ་ཧྲིལ་པོར་ཕན་བདེའི་རྒྱན་ཤོག་ཕྱིར་ཚོང་སྒོར་དུང་ཕྱུར1.99ཟིན་ནས་སྤྱི་ཚོགས་ཀྱི་ཞལ་འདེབས་དངུལ་སྒོར་ཁྲི10བསྡུ་ལེན་བྱས་པ་ཡིན། 

11 འགྲིམ་འགྲུལ་སྐྱེལ་འདྲེན།      

གཞི་གྲངས།     

སྤྱི་ལོ2017ལོར་ཡང་ཆོན་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་མཛོད་ཁང་། སྦྲག་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར50ཟིན་ནས12.1%ལ་འཕར། གཞུང་ལམ་གྱི་ལོ་མཇུག་གི་ལམ་ཚད་སྟོང་སྨི5660.4ཟིན་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་སྟོང་སྨི2.2འཕར། ལོ་ཧྲིལ་པོར་ལྕགས་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི4497.1ཟིན་ནས3.7%འཕར། ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི264ཟིན་ནས1.3%འཕར། གྲོང་ཁྱེར་ཡོངས་ཀྱི་དམངས་སྤྱོད་རླངས་འཁོར་བདག་ཡོད་བྱེད་ཚད་ཁྲི21.7ཟིན་ཞིང་། རྐང་གསུམ་རླངས་འཁོར་དང་མྱུར་ཚད་དམའ་བའི་ཟོག་འདྲེན་རླངས་འཁོར་ཚད9.9%འཕར་བའི་ནང་སྒེར་གྱི་རླངས་འཁོར་ཁྲི19ཟིན་ནས11.3%འཕར་ཡོད། རླངས་འཁོར་ཁྲི13.4ཟིན་ནས10.9%འཕར་བའི་ནང་སྒེར་གྱི་རླངས་འཁོར་ཁྲི12.6ཡོད་ཅིང་ལོ་སྔོན་མ་དང་བསྡུར་ན11.7%འཕར་ཡོད།     

མཁའ་སྐྱོད།   .jpeg  

ཡང་ཆོན་གྲོང་ཁྱེར་དེ་ཐའེ་ཡོན་དང་ཧྲི་ཅ་ཀྲོང་དབར་དུ་གནས་པ་དང་གྲོང་ཁུལ་ནས་ཤར་ངོས་ཀྱི་ཧྲི་ཅ་ཀྲོང་ཀྲེང་ཏིང་རྒྱལ་སྤྱིའི་གནམ་ཐང་དང་བར་ཐག་སྟོང་སྨི140ཙམ་ཡོད་པ་དང་། ནུབ་ངོས་ཀྱི་ཐའེ་ཡོན་ཝུའུ་སུའུ་རྒྱལ་སྤྱིའི་གནམ་ཐང་དང་བར་ཐག་སྟོང་སྨི100ཙམ་ཡོད། གྲོང་ཁྱེར་ནང་མཁའ་འགྲུལ་གྱི་སྤ་སེ་འཚོང་ས་མང་པོ་ཡོད་པ་དང་། འདྲི་རྩད་དང་སྔོན་བཀོད་དུས་གཏན་གནམ་གྲུ་ཡོད་པས་སྟབས་བདེ་ཞབས་ཞུའི་རྣམ་པ་བསྐྲུན་ཡོད། སྤྱི་ལོ2016ལོར་ཐའེ་ཡོན་ཝུའུ་སུའུ་རྒྱལ་སྤྱིའི་གནམ་ཐང་ཡང་ཆོན་གྲོང་ཁྱེར་གྱི་མཁའ་འགྲུལ་ས་ཚིགས་ཐོག་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ནས་སྤ་སེ་ཉོ་བ་དང་དེ་བཞིན་གནམ་ཐང་གི་བསུ་སྐྱེལ་ཞབས་ཞུ་མཁོ་འདོན་བྱས་ཡོད་ཅིང་། སྤྱི་ལོ2017ལོར་ཧྲི་ཅ་ཀྲོང་ཀྲེང་ཏིང་རྒྱལ་སྤྱིའི་གནམ་ཐང་ཡང་ཆོན་གནམ་གྲུ་སྒུག་སའི་ཐོག་བརྩེགས་ཁང་ཆེན་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ནས་སྤ་སེ་ཉོ་བ་དང་དེ་བཞིན་གནམ་ཐང་དུ་བསུ་སྐྱེལ་ཞབས་ཞུ་མཁོ་འདོན་བྱས་ཡོད།           ལྕགས་ལམ།     

ཀྲུང་གོའི་གློག་ཤུགས་ཅན་གྱི་ལྕགས་ལམ་ཉིས་གཤིབ་ལམ་ཐིག་དང་པོ་སྟེ་ཧྲི་ཐའེ་ལྕགས་ལམ་དེ་གྲོང་ཁུལ་དུ་འཕྲེད་བརྒལ་བྱས་ཡོད་ཅིང་། ཤར་ངོས་སུ་ཅིང་ཀོང་ལྕགས་ལམ་དང་འབྲེལ་བ། ནུབ་ཕྱོགས་སུ་ཐུང་ཕུའུ་ལྕགས་ལམ་དང་འབྲེལ་བ། ལྷོ་ཕྱོགས་ཡང་ཧྲིག་ལྕགས་ལམ་དང་འབྲེལ་བ་བཅས་ཡོད་པ་དང་། མངའ་ཁོངས་སུ་མེ་འཁོར་འབབ་ཚིགས10ཡོད་པ་དང་ཡན་ལག་ལྕགས་ལམ32སམ་ཡང་ན་ཆེད་སྤྱོད་ལམ་ཐིག32ཡོད་པ་རེད། ཡང་ཆོན་མེ་འཁོར་འབབ་ཚིགས་སུ་ཐའེ་ཡོན་དང་ཅིན་ཀྲུང་། ཧྲི་ཅ་ཀྲོང་སོགས་གྲོང་ཁྱེར་གྱི་མེ་འཁོར་ཤར་གཏོང་ཐུབ་པ་རེད།      

སྤྱི་ལོ2009ལོར་ཧྲི་ཐའེ་ཁེ་ཆེད་མངགས་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་གསར་དུ་བསྐྲུན་པའི་ཡང་ཆོན་བྱང་ཚིགས་དངོས་སུ་སྤྱོད་འགོ་ཚུགས་ཡོད། དེ་སྔའི་ཝུན་ཆོན་ས་ཚིགས་ཀྱི་རླངས་འཁོར་མང་ཆེ་བ་བྱང་ཚིགས་སུ་བསྒྱུར་ཡོད། ཝུན་ཆོན་ཀྱང་ཧྲན་ཞིའི་མྱུར་བགྲོད་ལྕགས་ལམ་ཡོད་པའི་གྲོང་ཁྱེར་གཉིས་པར་གྱུར་ཡོད། ཡང་ཆོན་བྱང་རྒྱུད་འབབ་ཚིགས་སུ་པེ་ཅིང་དང་ཧྲང་ཧའེ། ཆིན་ཏའོ། ཐེན་ཅིན། ཀྲེང་ཀྲོའུ། ཧྲི་ཅ་ཀྲོང་། ནན་ཅིང་། ཅིས་ནན། ཧང་ཀྲོའུ། ཁྲིན་ཏུའུ། ཧྲེན་དབྱང་། ཁྲང་ཁྲུན། ཝུའུ་ཧན། སུའུ་ཀྲོའུ། ཤིས་ཨན་སོགས་ཐད་གཏོང་མྱུར་བགྲོད་ལྕགས་ལམ་མམ་ཡང་ན་མྱུར་བགྲོད་མེ་འཁོར་ཤར་གཏོང་ཐུབ་ཡོད།      

ཡང་ཆོན་བྱང་རྒྱུད་འབབ་ཚིགས་དེ་གྲོང་ཁུལ་དང་བར་ཐག་རིང་བས་གྲོང་མི་མང་པོ་ཞིག་ཕྱིར་སྐྱོད་མི་བདེ་བའི་ཚོར་སྣང་བྱུང་། ཡང་ཆོན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་ལོ2015ལོར་ལྕགས་ལམ་གྱི་ཇུས་གཞི་དངོས་སུ་གྲོས་འཆམ་བྱུང་བ་རེད། དབྱང་ཏ་ལྕགས་ལམ་ཕྱི་ལོར་དངོས་སུ་ལས་འགོ་བརྩམས་ཤིང་། ཡང་ཆོན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁུལ་དུ་མེ་འཁོར་འབབ་ཚིགས་ལ་ཡང་ཆོན་ཤར་ཚུགས་ཟེར་ཞིང། གསར་དུ་བསྐྲུན་ནས་ཡང་ཆོན་བྱང་ཚུགས་ཀྱི་ལམ་ཐིག་ཁ་ཕྱོགས་སུ་ཤར་བགྲོད་ཐུབ་པར་གཏན་འབེབས་བྱས་པ་རེད། སྔོན་དཔག་བྱས་ན་སྤྱི་ལོ2019ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། དབྱང་ཏ་ལྕགས་ལམ་ནི་རྒྱལ་ཡོངས་ཀྱི་མྱུར་བགྲོད་ཤུགས་འགྲེམས་མེ་འཁོར་ནས་བབས་ཏེ་ལྕགས་ལམ་ཐོག་མ་དེ་ཡིན་པ་དང་ཧྲན་ཞི་ཞིང་ཆེན་ལྷོ་བྱང་ལྕགས་ལམ་དྲ་བའི་འབྲེལ་མཐུད་ལམ་ཐིག་གལ་ཆེན་ཞིག་དང་ཤར་ངོས་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།      

གཞུང་ལམ།     

གཞུང་ལམ་འགྲིམ་འགྲུལ་དེ་འཕྲེད་དུ་ཤར་ངོས་དང་ལྷོ་བྱང་བརྒྱུད་པ། གཞུང་ལག་བསྣོལ་བ། བཀོད་པ་ལུགས་དང་མཐུན་ཞིང་གྲོང་ཁྱེར་ལྟེ་བ་བྱས་ནས་རྫོང་གཉིས་དང་ཁུལ་གསུམ་དུ་ཁྱབ་པའི་གཞུང་ལམ་དྲ་བ་ཞིག་ཆགས་ཡོད་་ཅིང་། ཤར་ནས་ཧོ་པེ་དང་ནུབ་ནས་ཐའེ་ཡོན་བར། ལྷོ་ནས་ཁྲང་ཀྲི་བར་བཅས་སུ་བསྐྱོད་དེ་ཕྱོགས་བཞི་མཚམས་བརྒྱད་ལ་འགྲོ་གི་ཡོད། ཧྲན་ཞི་ཞིང་ཆེན་གྱི་རིམ་པ་མཐོ་བའི་ཞིང་ཆེན་ནས་ཐོན་པའི་གཞུང་ལམ་དང་པོ་སྟེ། མྱུར་བགྲོད་གཞུང་ལམ་རྙིང་པ་བརྒྱུད་ཅིང་པེ་ཅིང་ནས་ཧྲེན་ཀྲེན་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཅིན་ཅིན་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཕན་ཚུན་འབྲེལ་མཐུད་བྱས་པས་ཡང་ཆོན་གྱི་མ་འཇོག་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ནས་ཤར་སྐྱོད་ནུབ་སྐྱོད་སྟབས་བདེ་རུ་ཕྱིན་ཡོད་ཅིང་། སྤྱི་ལོ2013ལོར་ཡང་ཆོན་གྲོང་ཁྱེར་དུ་རྫོང་ཚང་མར་སྣུམ་ལམ་ཅན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཡུལ་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཅིང་གྲོང་ཚོར་འཕྲུལ་སྒུལ་འཁོར་རིགས་ཤར་གཏོང་ཐུབ་པ་བཅས་བྱུང་ཡོད། གཞུང་ལམ་འགྲིམ་འགྲུལ་དེ་ཞེང་ཚད་ཆེ་བའི་ལམ་གཞི་དང་། ཏུན་གྲངས་ཆེན་པོ། མྱུར་ཚད་མཐོ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།     

ཝུན་ཆོན་མྱུར་བགྲོད་གཞུང་ལམ་ཅུང་དར་རྒྱས་ཆེ་ཞིང་པེ་ཅིང་ནས་ཧྲེན་ཀྲེན་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཅིན་ཅིན་ནས་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་ཚང་མ་དེའི་གཙོ་ཐིག་ཡིན་ཞིང་། འཕྲེད་བརྒལ་ཡང་ཆོན་ས་ཁོངས་ཡོངས་ཀྱི་ཐའེ་ཅིའུ་མྱུར་བགྲོད་གཞུང་ལམ་ནས་ཧྲི་ཅ་ཀྲོང་གནམ་ཐང་ངམ་ཡང་ན་ཐའེ་ཡོན་གནམ་ཐང་བར་རླངས་འཁོར་ཆུ་ཚོད1ལས་གཏོང་དགོས་ཀྱི་མེད་པ་དང་། ཐའེ་ཀུའུ་མྱུར་བགྲོད་གཞུང་ལམ་དང་ཅིང་ཧྲེ་མྱུར་བགྲོད་གཞུང་ལམ་བརྒྱུད་པེ་ཅིང་དུ་འབྱོར་བར་ཆུ་ཚོད3ལྷག་ཙམ་ལས་འགོར་གྱི་མེད། རྒྱལ་ལམ207དང་རྒྱལ་ལམ307ཡང་ཆོན་བརྒལ་ནས་ཡང་ཆོན་གཞུང་ལམ་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་ཡོད་ཅིང་། ཡང་ཆོན་གྲོང་ཁྱེར་གྱི་རླངས་འཁོར་འགྲུལ་སྐྱེལ་སྤྱི་ཁྱབ་ས་ཚིགས་སུ་སླེབས་ཐུབ་པ་དང་། ཀྲེང་ཀྲོའུ་དང་ཐའེ་ཡོན་ཧྲི་ཅ་ཀྲོང་། པེ་ཅིང་། ཅིན་ཀྲུང་སོགས་ས་གནས་ཀྱི་འགྲུལ་སྐྱེལ་རླངས་འཁོར་སོགས་ཡོད།

                                                         ཁྱད་ལྡན་ཐོན་རྫས་གྲགས་ཅན།

  སྟར་ཁ།
གཡེར་མ། ཧོང་ཀྭ་སྐམ་པོ། རྡོ་སོལ།
ཡང་ཆོན་བཟོ་པའི་རི་མོ། ཕིང་ཏིན་རྫ་ཁོག
སྐྱུར་ཁུ།
སྟར་སྣུམ།
12 ཡུལ་ལྗོངས་གྲགས་ཅན།      

སྤྱི་གླིང་།     

ལྷོ་རིའི་སྤྱི་གླིང་དང་། ཁམ་བུའི་གཙང་པོའི་སྤྱི་གླིང་། བྱང་རིའི་སྤྱི་གླིང་། ཡང་ཆོན་རྩི་ཤིང་གླིང་། གྲོང་ཁྱེར་གྱི་ལྟེ་བའི་སྤྱི་གླིང་སོགས་ཡོད།      

གནའ་ཤུལ།     

ཡང་ཆོན་ལ་ཁྲུན་ཆིའུ་དུས་མཇུག་གི་ཀྲའོ་ཅན་ཙི་གནའ་གྲོང་གི་རྗེས་ཤུལ་དང་། ཧན་ཧོའེ་དབྱིན་ཧོའུ་ཧན་ཞིན་བཅའ་སྡོད་དམག་དཔུང་གི་རྗེས་ཤུལ། ཐང་རྒྱལ་རབས་ཀྱི་ཕིང་དབྱང་ཀོང་ཇོ་ཡིས་དམག་ཁྲིད་དེ་ཡོང་བའི་ཉང་ཙི་ཀོན་གྱི་རྗེས་ཤུལ་སོགས་ཡོད། ཕིན་ཏིང་ས་ཆར་ཡོད་པའི་ལྷོ་ཕྱོགས་ཀྱི་ཏུང་ཧྥུ་རི་བོ་སོགས་ཡོད་ཅིང་དེ་རུ་ངག་རྒྱུན་འགའ་དང་འབྲེལ་བའི་གཏམ་རྒྱུད་ཡོད་ལ། དེ་མིན་དུ་དུང་མིང་རྒྱལ་རབས་སྐབས་མིང་དུ་གྲགས་པའི《ཧྥུ་ཧྲན་ཟིན་ཐོ》ཞེས་པའི་རྡོ་རིང་གི་ཡི་གེ་ཞིག་ད་ལྟའི་བར་དུ་གནས་ཡོད།    

གྲོང་ཁྱེར་བྱང་དང་བར་ཐག་སྟོང་སྨི60ཡོད་པའི་ཚང་ཧྲན་རི་བོ་དང་ཁྲོན་ཆིའུ་དུས་རབས་ཀྱི་དྭ་ཕྲུག་ཅིན་གོ་ཀྲའོ་ཧྲི་སྔོན་ཆད་དེ་གར་སྦས་ཡོད་པ་དང་། དེ་ལས་གཞན་ཡང་ཆོན་གྱི་ཝེ་བྱང་མའི་བྲག་ཕུག་དང་། ལྷོ་བྱང་གི་རྒྱལ་རབས་ཀྱི་བྲག་བརྐོས་རྡོ་བརྐོས། སུང་རྒྱལ་རབས་ཀྱིས་བསྐྱར་འཛུགས་བྱས་པའི་ཐང་རྒྱལ་རབས་དུས་སུ་ཤུལ་ཡོད་པའི་ལིན་ལི་ཀོན་ཏི་ལྷ་ཁང་། ཅིན་ཡོན་ཚུན་གྱི་གནའ་བོའི་བཟོ་སྐྲུན་སོགས་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་མི་ཉུང་བ་ཞིག་ཉར་ཚགས་བྱས་ཡོད།      

དྲན་རྟེན་གནས་ཡུལ།      

སྤྱི་ལོ1931ལོར་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་དྲག་ཆས་འོས་ལངས་ཀྱི་རྗེས་ཤུལ་དང་དེ་བཞིན་སྤྱི་ལོ1940ལོར་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི“ཐོན་བརྒྱའི་དམག་འཁྲུག”གི་གཡུལ་ས་གཙོ་བོ་ནའོ་ཧྲིན་རི་བོའི་གནའ་ཤུལ་ཡོད་ཅིང་།  “ཐོན་བརྒྱའི་དམག་ཆེན”དྲན་གསོའི་རྡོ་རིང་གི་མཐོ་ཚད་ལ་སྨི40ཡོད་པ་དང་། མདུན་ཕྱོགས་སུ་ཕེང་ཀྲེན་གྱི་ཕྱག་བྲིས་ཕྱག་བསྟར་མ་འདི་ལྟར་བྲིས་ཡོད་དེ། “དམག་འཁྲུག་གི་བྱས་རྗེས་འོད་སྟོང་འབར། ལོ་རྒྱུས་དེབ་ཐེར་ནམ་ཡང་མི་ཉམས་པར་འགོད”ཅེས་བཀོད་ཡོད་པ་དང་། གཞན་གཞོགས་གཉིས་སུ་ཐོན་བརྒྱའི་དམག་ཆེན་ནང་ཞུགས་མཁན་གྱི་སྔོན་གཤེགས་དཔའ་བོ་དག་ནམ་ཡང་མི་ནུབ་པར་གྱུར་ཅིག་ཅེས་གསལ་ཞིང་། པོ་དབྱི་པོ་ཡིས“མདའ་ཤོག་བརྒྱའི་གཡུལ་འགྱེད་དང་རི་འགོག་དམག་འཁྲུག་ནང་གི་ཆེས་འོད་སྟོང་འབར་བ་དག་ལོ་རྒྱུས་དེབ་ཐེར་དུ་བཀོད་ན་ནམ་ཡང་འོད་ཟེར་སྟོང་ལྡན་དུ་འགྱུར་ངེས་ཡིན་ནོ”ཞེས་བྲིས་ཡོད། 

རིག་དངོས་གནའ་ཤུལ། .jpg    

གཞན་ད་དུང་གནའ་བོའི་ལྷ་ཁང་དང་རྡོ་རིང་བརྐོས་མ། གནའ་བོའི་མཆོད་རྟེན་དང་གནའ་བོའི་བང་སོ་སོགས་རིག་དངོས་ཀྱི་རྗེས་ཤུལ་མང་པོ་ཡོད་ཅིང་། སྨན་བཅོས་ཀྱི་རིན་ཐང་ལྡན་པའི་ལེའང་ཅ་ཀྲའེ་ཆུ་ཚན་དང་། ཡའོ་ལིན་དགོན། དེ་བཞིན་ཉང་ཅི་ཀོན་གྱི་རྦབ་ཆུ་བཅས་དང་། བྱང་ཕྱོགས་སུ་མཐོང་དཀོན་པའི་ཀྲུང་ཞུའེ་བྲག་ཕུག་གི་ངོ་མཚར་མཛེས་ལྗོངས་ཏེ་པད་མཱའི་བྲག་ཕུག་དང་། ཝུའུ་ཧྭ་བྲག་ཕུག་སོགས་ཡོད།    

ཡའོ་ལིན་དགོན་ནི་ཡང་ཆོན་གྲོང་ཁྱེར་ཕིང་ཏིང་རྫོང་གྲོང་ལྷོའི་སྨི་ཉི་ཤུ་དང་། ཕིང་ཏིང་རྫོང་ཁོངས་ཀྱི་ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་ཞིག་ཏུ་ཡོད། 

13 མི་སྣ་གྲགས་ཅན།
  ཁྲི་ཀྲང་མན་པོ་ཨའོ།
ཁྲུན་ཆིའུ་ཀྲན་གོའི་དུས་ཀྱི་མི།
ཞུས་ཧྲི་ཞུས། ཐང་གི་སྐབས་སུ་བྱས་རྗེས་ཆེན་པོ་བཞག
ཀྲང་ཧྲི་ཀུའེ། ཐང་རྒྱལ་རབས་ཀྱི་དམག་དཔོན་གྲགས་ཅན།
ཀེང་ཅིའུ་ཚའོ། མིང་རྒྱལ་རབས་ཀྱི་བློན་པོ།
ལུའི་སི་ཁྲེང་།  ཕྱོགས་བསྒྲིགས་མང་དུ་མཛད་མཁན།
ཀེང་ཡུས། 《ཀེང་ཡུས་ཕྱོགས་བསྒྲིགས》
ལི་ཡུས། རྣམ་དཔྱོད་ཤིན་ཏུ་བཟང་ཞིང་ཡོན་ཏན་གྱི་རྩེར་སོན་པའི་མཁས་པ། 
ཀྲང་སན་མོ། ནག་ཉེས་ཐེར་འདོན་བྱེད་མཁན།
ཏའོ་ཕིན།  ཆིན་རྒྱལ་རབས་ཀྱི་དམག་དཔོན་གྲགས་ཅན། 
 ཧྲི་ཝེ་མེ། རྩོམ་པ་པོ་གྲགས་ཅན་དང་མཛངས་མ།
 ཀའོ་ཁྲང་ཧུང་། རྩོམ་རིག་སྡེ་ཚོགས་ཀྱི་ཚོགས་གཙོ་གཙོ་བོ།
   ཡུའེ་ཡུང་། རི་འགོག་ཆུས་ཀྲང་། གསར་བརྗེ་སྔོན་གཤེགས་དཔའ་བོ། 
 ཁྲེང་ཀྲའོ་ཤིང་། རི་མོ་མཁས་ཅན་དང་དགེ་རྒན་ཆེ་མོ་བ། 
 ཀྲང་ཅི་ཀང་།  བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་གི་ཡོན་ཀྲང་།
ཉེ་ཅན་ཧྭ། འཁྲབ་སྟོན་པ་དང་དྲག་ཆས་ཉེན་རྟོག་རིག་རྩལ་ཚོགས་པའི་ཆེད་ལས་གཞས་པ། 
 ལིའུ་ཚི་ཞིན། ཧྲན་ཞི་ཡང་ཆོན་གྲོང་ཁྱེར་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། 
ལི་ཡན་ཧུང་། པའེ་ཏུའུ་ཀུང་སི་གསར་གཏོད་མཁན།
 ཁྲིན་ཡོན། དཔལ་འབྱོར་རིག་པ་སྨྲ་བ།
 ཧྲི་ཧའེ་པིན། སྐད་གྲགས་ཆེ་བའི་རོལ་མོ་བ་དང་སློབ་གསོ་བ།
ཝང་ཙི་ཡའེ།
ཀྲུང་གོའི་གསར་སྐྱེས་བུད་མེད་འཁྲབ་སྟོན་པ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གྲོང་ཁྱེར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-13

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།