ཀུའུ་ལོའུ་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀུའུ་ལོའུ་ཆུས།
ཀུའུ་ལོའུ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་གྲོང་དཀྱིལ་དུ་ཆགས་པའི་ཆུས་ཤིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་དང་། མཚོ་ཐོག་ཚོང་ཟོག་སྐྱེལ་འདྲེན་ཞབས་ཞུའི་ལྟེ་གནས་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་ཁབ་ཀྱི་ཤར་རྒྱུད་ས་ཁུལ་གྱི་རྒྱལ་སྤྱིའི་ཚོང་དོན་དང་། དངུལ་རྩ། དཔལ་འབྱོར་ལྟེ་གནས་ཡིན་ལ། ཧྭ་ཏུང་ས་ཁུལ་གྱི་རབ་གྲས་ཐོན་ལས་དང་སྤྱི་ཁྱབ་པུའི་ཁེ་ལས་གཅིག་སྡུད་ཁུལ་ཞིག་ཀྱང་ཡིན། ནན་ཅིང་གི་དཔལ་འབྱོར་དང་རིག་གནས། སློབ་གསོ་བཅས་ཀྱི་ལྟེ་གནས་ཡིན་ལ། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ལས་ཁུངས། ཅང་སུའུ་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་པུའུ་ཡི་གནས་ཡུལ་ཀྱང་ཡིན། དེ་མིན་དུ་དུང་ཅང་སུའུ་ཞིང་ཆེན་གྱི་ཆབ་སྲིད་དང་། རིག་གནས། སྲིད་འཛིན་ལྟེ་གནས་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鼓楼区
བོད་ཡིག་གི་མིང་།
ཀུའུ་ལོའུ་ཆུས།
ཕྱི་ཡིག་གི་མིང་།
GulouDistrict
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས།
མངའ་ཁོངས།
ནན་ཅིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྲང་ལམ་དོན་གཅོད་ཁྲུའུ་བཅུ་གསུམ།
སྲིད་གཞུང་གནས་ཡུལ།
ནན་ཅིང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཧྲན་ཞིའི་ལམ་ཨང་རྟགས124པ།
ས་ཁོངས་ཁ་པར་ཨང་རྟགས།
025
སྦྲག་སྲིད་ཨང་རྟགས།
210003-210037
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ54.18།
རྒྱུན་སྡོད་མི་གྲངས།
མི་ཁྲི129.32
ཐེམ་ཐོ།
ཁྲི93.53(སྤྱི་ལོ2014ལོར)
ཡུལ་སྐད།
ནན་ཅིང་སྐད།
གནམ་གཤིས།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བཞའ་ཚན་གནམ་གཤིས།
སྲིད་འཛིན་ཚབ་ཨང་།
320106
རླངས་འཁོར་ཚབ་ཨང།
སུའུA
མེ་འཁོར་འབབ་ཚིགས།
ནན་ཅིང་མེ་འཁོར་འབབ་ཚིགས་ལྷོ་མ། ནན་ཅིང་མེ་འཁོར་འབབ་ཚིགས།
གནམ་གྲུ་ཐང་།
ནན་ཅིང་མ་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་། ནན་ཅིང་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་གྲུ་ཐང་།


1 ལོ་རྒྱུས་འཕེལ་རིམ།

ཀུའུ་ལོའུ་ཆུས་ནི་ཀྲུང་ཧྭ་མིན་གོའི་སྲིད་ལོ་ཉེར་གཉིས་པར(སྤྱི་ལོ1933ལོར)ཐོག་མར་བཙུགས་པ་དང་། ཆུས་དེ་ནི་མིན་གོའི་དུས་སྐབས་ཀྱི་ཆུས་དྲུག་པ་དང་ཆུས་བདུན་པ་ནས་བྱུང་བ་རེད། ནན་ཅིང་རྔ་ཁང་ཞེས་པ་དེ་ཆུས་དེའི་མངའ་ཁོངས་སུ་ཡོད་པས་མིང་ལའང་ཀུའུ་ལོའུ་ཆུས་ཞེས་འབོད་པར་གྲགས།

ཀུའུ་ལོའུ་ཆུས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་སྟེ། ལོ་ངོ་ལྔ་སྟོང་དྲུག་སྟོང་གི་གོང་ནས་བཟུང་གནས་དེ་རུ་གདོད་མའི་གྲོང་ཚོ་མང་པོ་གནས་ཡོད་དེ་། འབྲི་ཆུར་གཏད་ཅིང་དང་། རི་ཀླུང་གི་མཐའ་ནས་སྐོར་བ་དང་། མཚེའུ་དང་ཆུ་བོ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས། རི་བོ་དང་། ཆུ། གྲོང་ཁྱེར། ནགས་ཚལ། གཙང་པོ་བཅས་གཞི་གཅིག་ཏུ་འདྲེས་ཏེ། འབྲུག་ཚང་ནས་ཉལ་བ་དང་སྟག་ནགས་ནས་འགྱིང་འདྲའི་རྔམ་བརྗིད་ཀྱིས་ནན་ཅིང་གི་གྲོང་ཁྱེར་གཙོ་བོའི་སྤྱི་ལེ11ཡོད་པའི་འབྲི་ཆུའི་འགྲམ་ངོགས་དེ་དབང་ཡོད་པ་རེད།

2 རིག་གནས་སློབ་གསོ།

སྤྱི་ལོ2014ལོའི་ལོ་མགོའི་བར་དུ། ཀུའུ་ལོའུ་ཆུས་སུ་ནན་ཅིང་གི་ཞིང་ཆེན་རིམ་པའི་ལས་ཁུངས90%ཡན་ཡོད་པ་དང་མཐོ་སློབ20ལྷག་ཙམ་ཡོད།

ཚན་རིག་ཞིབ་འཇུག་སྒྲིག་གཞི120ལྷག་ཙམ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང97ལྷག་ཡོད། ཞིང་ཆེན་རིམ་པའི་ཡན་གྱི་སློབ་ཆེན་གྱི་ཚན་རྩལ་གླིང5དང(རྒྱལ་ཁབ་ཀྱི་སློབ་ཆེན་ཚན་རྩལ་གླིང2)དུ་ཚན་རྩལ་མི་སྣ་ཁྲི10ལྷག་ཙམ་ཡོད། འབུམ་རམས་ཕྱི་ཚར་གྱི་སྐོར་བསྐྱོད་ས་ཚིགས57། རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན52། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང12། པུའུ་དང་ཞིང་ཆེན་རིམ་པའི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས25། ཁང་གཉིས་ཀྱི་ཡོའན་ཧྲི46བཅས་འཛོམས་ཡོད་པ་དང་། ས་ཁོངས་སུ་ཆེད་ལས་ཚན་རྩལ་མི་སྣ་ཁྲི10ལྷག་ཙམ་ཡོད་དེ། ཀྲུང་གོའི་ཚན་རྩལ་ཐོན་ཁུངས་འདུས་ཁུལ་ཆེ་ཤོས་ཀྱི་གྲོང་ཁུལ་ཞིག་ཡིན།

སྤྱི་ལོ2018ལོའི་ཟླ12པར། དམངས་སྲིད་པུས་སྐོར་ཐེངས་གསུམ་པའི་རྒྱལ་ཡོངས་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུའི་གསར་གཏོད་ཚོད་ལྟ་ཁུལ་དུ་གཏན་འཁེལ་བྱས་པ་རེད། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་དཔེ་གསར་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་སྤུས་ཚད་སྟོབས་ཆེན་བརྒྱའི་ནང་དུ་བདམས་པ་རེད།

3 སྲིད་འཛིན་ས་ཁོངས།

ཀུའུ་ལོའུ་ཆུས་སྲིད་གཞུང་ནི་ཉིང་ཧའེ་སྲང་ལམ་གྱི་ཧྲན་ཞི་ལམ་གྱི་ཨང་རྟགས124པར་ཡོད་པ་དང་། སྤྱི་ལོ2017ལོའི་ལོ་མཇུག་བར་ཆིན་ཧོའེ་ཆུས་ཀྱི་ཁོངས་གཏོགས་སུ་སྲང་ལམ13ཡོད་པ་དང་། སྡེ་ཁུལ120ཡོད་པ་རེད། སྲང་ལམ་དེ་དག་ནི་ཉིང་ཧའེ་ལམ་སྲང་ལམ་། ཧྭ་ཆའོ་ལམ་གྱི་སྲང་ལམ། ཧུའུ་ནན་ལམ་གྱི་སྲང་ལམ། ཀྲུང་དབྱང་མིན་སྲང་ལམ།  ཅང་ཅང་མིན་སྲང་ལམ། ཅང་ཏུང་སྲང་ལམ། ཞ་ཀོན་སྲང་ལམ། རེ་ཧོ་ལྷོ་ལམ་སྲང་ལམ། མུའུ་ཧྥུའུ་རི་བོའི་སྲང་ལམ། ཅན་ཉིང་ལམ་སྲང་ལམ། པའོ་ཐ་ཟམ་པའི་སྲང་ལམ། ཞའོ་ཧྲི་སྲང་ལམ་བཅས་སོ།།

4 ས་བབ་གནམ་གཤིས།

ཀུའུ་ལོའུ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་གྲོང་ཁྱེར་གཙོ་བོའི་དབུས་རྒྱུད་དུ་ཆགས་ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ54.18ཡོད་པ་རེད། ཤར་ངོས་ནི་ཀྲུང་དབྱང་ལམ་དང་ཀྲུང་ཧྲན་ལམ་གྱི་རྟགས་མཚམས་བྱས་ནས་ཞོན་ཝུའུ་ཆུས་དང་ཁྱིམ་མཚེས་ཡིན་པ་དང་། ལྷོ་ནི་ཧན་ཀྲུང་ལམ་དང་ཧན་ཀྲུང་མིན་སྲང་ལམ་གྱིས་རྟགས་མཚམས་བྱས་ནས། ཆིན་ཧོའེ་ཆུས་དང་ཅན་ཡེ་ཆུས་གཉིས་ལ་འབྲེལ་ནས་ཡོད། ནུབ་ནི་འབྲི་ཆུ་དང་འབྲི་ཆུའི་ཅ་ཅང་གཙང་པོ་གཉིས་ཀྱིས་བར་ཕྱེ་ནས་སོ་སོར་ཕུའུ་ཁོའུ་ཆུས་དང་ཅན་ཡེ་ཆུས་ཀྱི་ཅང་ཞིན་ཀྲོའུ་དང་ཁ་སྤྲོད་དུ་གནས་ཡོད། བྱང་ཤར་དང་ཞི་ཞ་ཆུས་དང་འབྲེལ་ཡོད།

ཀུའུ་ལོའུ་ཆུས་ཀྱི་མངའ་ཁོངས་སུ་ཆིན་ཧོའེ་གཙང་པོ་དང་ཅིན་ཁྲོན་གཙང་པོ་བརྒྱུད་ནས་བཞུར་གྱིན་ཡོད་པ་དང་། ཆིན་ཧོའེ་ཆུ་བོ་དེ་ནི་སན་ཆི་ཆུ་བོའི་འགག་སྒོར་བརྒྱུད་ནས་འབྲི་ཆུར་འབབ་བཞིན་ཡོད།

ཀུའུ་ལོའུ་ཆུས་ནི་འཕྲེད་ཐིག་བར་མར་གནས་པ་དང་། རྒྱ་མཚོའི་རླུང་རྒྱུན་གྱི་ཤུགས་རྐྱེན་ཐེབས་པས། ཆར་ཆུ་དང་ཉི་འོད་འབེལ་བ། དུས་བཞིའི་དབྱེ་བ་གསལ་བ། གནམ་གཤིས་བཟང་བ། བྱང་རྒྱུད་དུ་འབྲི་ཆུ་དང་འཕྲད་ཡོད་པས། འབྲི་ཆུའི་ནང་ཁུལ་གྱི་ནམ་ཟླ་ཆུང་བས་ཀྱང་ཀུའུ་ལོའུ་ཆུས་ཀྱི་བྱང་ཕྱོགས་ལའང་ཤུགས་རྐྱེན་ཐེབས་ཀྱིན་ཡོད།

5 ཆབ་སྲིད་འགོ་ཁྲིད།

ཀུའུ་ལོའུ་ཆུས་ཀྱི་འགོ་ཁྲིད་གཙོ་བོ། (སྤྱི་ལོ2017ལོའི་བར)

ཆུས་ཀྲང་། ལིའུ་ཅུན།

ཆུས་ཀྲང་གཞོན་པ། ཧྲེན་ཅི་ཧུང་། ཐུང་ཞའོ་ཅ། ཞུས་དབྱང་ཝུན། ཁྲེན་ཕིན། ཀའོ་ཅུན་ལིན། ཧྥེང་ཆོན། ཉི་དབྱི་རུའུ། ཚའེ་ཧྲོང་ཀེན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-15

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།