ཞུས་ཆིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞུས་ཆིན།
ཞུས་ཆིན་ནི་སྤྱི་ལོ1961ལོའི་ཟླ10པར་སྐྱེས་ཤིང་ཕ་ཡུལ་ཅང་སུའུ་ལེན་ཡུན་གྲུ་ཁ་ནས་ཡིན། སྤྱི་ལོ1982ལོའི་ཟླ་དང་པོར་ཏང་ལ་ཞུགས། སྤྱི་ལོ1982ལོའི་ཟླ7པར་ལས་ཀར་ཞུགས། པེ་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་འོད་གློག་བཟོ་སྐྲུན་ཚན་ཁག་གི་འོད་རིག་དཔྱད་ཆས་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། ཞང་ཀང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དོ་དམ་རིག་པའི་འབུམ་རམས་པ་ཡིན། ད་ལྟ་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་དང་ཏང་ཙུའི་ཧྲུའུ་ཅི། སྤྱི་ལོ2022ལོའི་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
许勤
ཁོངས་གཏོགས།
ཆབ་སྲིད།
སྐྱེས་ལོ།
སྤྱི་ལོ1961ལོའི་ཟླ10པ།
སྐྱེས་ཡུལ།
ཅང་སུའུ་ལེན་ཡུན་གྲུ་ཁ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཞང་ཀང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།
འགན་བཞེས་གོ་གནས།
ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་དང་ཏང་ཙུའི་ཧྲུའུ་ཅི།
རྒྱལ་ཁབ།
ཀྲུང་གོ།
1 ​ངོ་སྤྲོད།

ཞུས་ཆིན་ནི་སྤྱི་ལོ1961ལོའི་ཟླ10པར་སྐྱེས་ཤིང་ཕ་ཡུལ་ཅང་སུའུ་ལེན་ཡུན་གྲུ་ཁ་ནས་ཡིན། སྤྱི་ལོ1982ལོའི་ཟླ་དང་པོར་ཏང་ལ་ཞུགས། སྤྱི་ལོ1982ལོའི་ཟླ7པར་ལས་ཀར་ཞུགས། པེ་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་འོད་གློག་བཟོ་སྐྲུན་ཚན་ཁག་གི་འོད་རིག་དཔྱད་ཆས་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། ཞང་ཀང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དོ་དམ་རིག་པའི་འབུམ་རམས་པ་ཡིན།

ད་ལྟ་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་དང་ཏང་ཙུའི་ཧྲུའུ་ཅི། སྤྱི་ལོ2022ལོའི་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1978ལོའི་ཟླ10པ་ནས་སྤྱི་ལོ1982ལོའི་ཟླ7པའི་བར་དུ་པེ་ཅིན་བཟོ་ལས་སློབ་གླིང་འོད་རིག་བཟོ་སྐྲུན་ཚན་ཁག་འོད་རིག་མ་ལག་ཇུས་འགོད་དང་ཞིབ་དཔྱད་ཆེད་ལས་སུ་སློབ་སྦྱོང་གནང་།

སྤྱི་ལོ1982ལོའི་ཟླ7པ་ནས་སྤྱི་ལོ1984ལོའི་ཟླ9པའི་བར་དུ་མཚོན་ཆ་བཟོ་ལས་པུའུ559བཟོ་གྲྭ་ཚན་ཞིབ་སུའོ་ཡི་ལས་བྱེད་པ་ཡིན།

སྤྱི་ལོ1984ལོའི་ཟླ9པ་ནས་སྤྱི་ལོ1987ལོའི་ཟླ7པའི་བར་དུ་པེ་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་འོད་གློག་བཟོ་སྐྲུན་ཚན་ཁག་གི་འོད་རིག་དཔྱད་ཆས་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་དང་བཟོ་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས།

སྤྱི་ལོ1987ལོའི་ཟླ7པ་ནས་སྤྱི་ལོ1988ལོའི་ཟླ6པའི་བར་དུ་རྒྱལ་ཁབ་འཆར་གཞི་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཨུའི་ལས་བྱེད་པ་ཡིན།

སྤྱི་ལོ1988ལོའི་ཟླ6པ་ནས་སྤྱི་ལོ1992ལོའི་ཟླ7པའི་བར་དུ་རྒྱལ་ཁབ་འཆར་གཞི་ཨུ་ཡོན་ལྷན་ཁང་བཟོ་ལས་སི་གཉིས་པ་དང་འཕྲུལ་གློག་སིའི་གློག་རྡུལ་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་གྱི་འགན་བཞེས།

སྤྱི་ལོ1992ལོའི་ཟླ7པ་ནས་སྤྱི་ལོ1997ལོའི་ཟླ8པའི་བར་དུ་རྒྱལ་ཁབ་འཆར་གཞི་ཨུ་ཡོན་ལྷན་ཁང་འཕྲུལ་གློག་སི་དང་འཕྲུལ་གློག་ཡང་འཐག་སིའི་གློག་རྡུལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཡིན། (དེའི་རིང་སྟེ། སྤྱི་ལོ1994ལོའི་ཟླ10པ་ནས་སྤྱི་ལོ1995ལོའི་ཟླ10པའི་བར་དུ་ཁ་ན་ཏ་དང་ཨ་རིའི་མཐོ་རིམ་དོ་དམ་གསོ་སྦྱོང་ལ་ཞུགས།)

སྤྱི་ལོ1997ལོའི་ཟླ8པ་ནས་སྤྱི་ལོ1998ལོའི་ཟླ7པའི་བར་དུ་རྒྱལ་ཁབ་འཆར་གཞི་ཨུ་ཡོན་ལྷན་ཁང་འཕྲུལ་གློག་ཡང་བའི་འཁེལ་འཐག་སིའི་གློག་རྡུལ་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་འཁུར།

སྤྱི་ལོ1998ལོའི་ཟླ7པ་ནས་སྤྱི་ལོ2001ལོའི་ཟླ2པའི་བར་དུ་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ལག་རྩལ་མཐོ་བའི་ཐོན་ལས་འཕེལ་རྒྱས་སིའི་ཆ་འཕྲིན་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་འཁུར།

སྤྱི་ལོ2001ལོའི་ཟླ2པ་ནས་སྤྱི་ལོ2003ལོའི་ཟླ5པའི་བར་དུ་རྒྱལ་ཁབ་འཆར་འགོད་ཨུ་ལྷན་ལག་རྩལ་མཐོ་བའི་ཐོན་ལས་འཕེལ་རྒྱས་སིའི་སི་ཀྲང་གཞོན་པའི་འགན་འཁུར། 

(སྤྱི་ལོ1999ལོའི་ཟླ9པ་ནས་སྤྱི་ལོ2001ལོའི་ཟླ7པའི་བར་དུ་པེ་ཅིན་སློབ་ཆེན་ཀོང་ཧྭ་དོ་དམ་སློབ་གླིང་གིEMBAལ་སློབ་སྦྱོང་གནང་། )

སྤྱི་ལོ2003ལོའི་ཟླ5པ་ནས་སྤྱི་ལོ2005ལོའི་ཟླ7པའི་བར་དུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ལག་རྩལ་མཐོ་བའི་ཐོན་ལས་སིའི་སི་ཀྲང་གཞོན་པའི་འགན་འཁུར།

(སྤྱི་ལོ2001ལོའི་ཟླ11པ་ནས་སྤྱི་ལོ2004ལོའི་ཟླ11པའི་བར་དུ་ཤང་ཀང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་བཟོ་ཚོང་དོ་དམ་ཆེད་ལས་སུ་སློབ་སྦྱོང་བྱས་ནས་དོ་དམ་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ)

སྤྱི་ལོ2005ལོའི་ཟླ7པ་ནས་སྤྱི་ལོ2008ལོའི་ཟླ4པའི་བར་དུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ལག་རྩལ་མཐོ་བའི་ཐོན་ལས་སིའི་སི་ཀྲང་བཅས་འགན་འཁུར། 

སྤྱི་ལོ2008ལོའི་ཟླ4པ་ནས་སྤྱི་ལོ2010ལོའི་ཟླ6པའི་བར་དུ་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པའི་འགན་འཁུར། 

སྤྱི་ལོ2010ལོའི་ཟླ6པ་ནས་སྤྱི་ལོ2016ལོའི་ཟླ12པའི་བར་དུ་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་འཁུར་བ་ཡིན། 

སྤྱི་ལོ2016ལོའི་ཟླ12པ་ནས་སྤྱི་ལོ2017ལོའི་ཟླ3པའི་བར་དུ་ཀོང་ཏུང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་། ཧྲེན་ཀྲེན་གྲོང་ཨུད་ཀྱི་ཧྲུའུ་ཅི། ཧྲི་ཀྲང་གི་འགན་འཁུར་བ་ཡིན། 

སྤྱི་ལོ2017ལོའི་ཟླ3པ་ནས་སྤྱི་ལོ2017ལོའི་ཟླ4པའི་བར་དུ་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གི་འོས་མི། སྤྱི་ལོ2022ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས། 

སྤྱི་ལོ2017ལོའི་ཟླ4པའི་བར་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་དང་ཏང་ཙུའི་ཧྲུའུ་ཅི། སྤྱི་ལོ2022ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་འཁུར། 

སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ཡིན།

3 ལས་བགོས།

ཞིང་ཆེན་སྲིད་གཞུང་གི་ཁྱོན་ཡོངས་ཀྱི་བྱ་བར་མགོ་ཁྲིད་བྱས།

ལས་བགོས་འགན་གཉེར་ཞིང་ཆེན་རྩིས་བཤེར་ཐིང་དང་ཞིང་ཆེན་སྒྲིག་གཞིའི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་།

4 ལས་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ1པའི་ཚེས29ཉིན་ཧོ་པེ་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཞུས་ཆིན་ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་ལ་བདམས།

5 དགའ་ཕྱོགས།

སློབ་ཆེན་སྐབས་རྒྱང་རྒྱུག་ལ་དགའ་ཞིང་། སྤྱི་ལོ1978ལོ་ནས་སྤྱི་ལོ1982ལོའི་བར་ཞུས་ཆིང་གིས་པེ་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་འོད་གློག་བཟོ་སྐྲུན་ཚན་ཁག་ཏུ་དངོས་གཞིའི་ཚན་ཁག་ཏུ་སློབ་སྦྱོང་བྱས་པ་དང་། སྤྱི་ལོ1984ལོར་ཞུས་ཆིན་ཡང་བསྐྱར་མ་ཡུམ་སློབ་གྲྭར་སོང་ནས་ཞིབ་འཇུག་སློབ་མ་བཏོན། པེ་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་འོད་གློག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཞུས་ཆིང་གི་འཛིན་གྲྭ་གཅིག་པའི་སློབ་གྲོགས་པའེ་ཐིང་ཀྲུའུ་ཡིས་སློབ་ཆེན་གྱི་དུས་རབས་ཀྱི་ཞུས་ཆིན་དང་རིག་གནས་ཞན་པའི་དཔེ་ཆ་བ་ཞིག་རེད། “ཡིན་ནའང་དོན་དངོས་ཐོག་ཁོང་ནི་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཞིག་རེད”ཅེས་བཤད།

6 མི་སྣའི་དོན་རྐྱེན།

སྤྱི་ལོ2016ལོའི་ཟླ7པའི་བར་དུ་ཀོང་ཏུང་ཧྲེན་ཀྲེན་འོད་ཟེར་ཁུལ་གསར་གྱི་ས་སྙིགས་བསྡུ་ལེན་ར་བ“12•20”ཡི་རི་ཉིལ་བའི་ལས་འཛོལ་ཚབས་ཆེན་གྱི་རྐྱེན་པས་ཞུས་ཆིང་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཞུས་ཆིན ཆབ་སྲིད། ཅང་སུའུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-06

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།