ཞོན་ཝུའུ་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞོན་ཝུའུ་ཆུས།
ཞོན་ཝུའུ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་ཆུས་ཤིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་དང་། གློག་རྡུལ། ཆ་འཕྲིན། རིག་གནས། ཚོང་དོན་བཅས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཡིན་ལ། ཧྭ་ཤར་ས་ཁུལ་གྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་རྟེན་གཞི་གཙོ་བོ་ཞིག་ཡིན། ནན་ཅིང་གྲོང་ཁྱེར་ཏང་ཨུ་དང་། གྲོང་ཁྱེར་སྲིད་གཞུང་། དེ་བཞིན་ཞིང་ཆེན་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་མང་པོའི་གནས་ཡུལ་ཡང་ཡིན། ཤར་རྒྱུད་དམག་འཐབ་ཁུལ་དང་། ཤར་རྒྱུད་དམག་འཐབ་ཁུལ་གྱི་མཁའ་དམག་སོགས་དཔུང་སྡེའི་འགོ་གཙོའི་ལས་ཁུངས་གནས་ཡུལ་ཞིག་ཀྱང་རེད། ཞོན་ཝུའུ་ཆུས་སུ་ཤར་ལྷོའི་སློབ་ཆེན་དང་། ནན་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ནན་ཅིང་ནགས་ལས་སློབ་ཆེན། ནན་ཅིང་ཞིང་ལས་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་དགུ་དང་། ཀྲུང་གོ་ཚན་རིག་གླིང་ནན་ཅིང་ཡན་ལག་ཁང་། ཅང་སུའུ་ཞིང་ཆེན་ཞིང་ལས་ཚན་རིག་ཁང་སོགས་ཚན་ཞིབ་ཁང་ཉེར་གཉིས་ལྷག་ཡོད། ཀྲུང་གོའི་དངོས་མང་བཤམས་སྟོན་ཁང་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པའི་ནན་ཅིང་དངོས་མང་བཤམས་སྟོན་ཁང་དང་། ཨེ་ཤེ་ཡའི་དཔེ་མཛོད་ཁང་ཆེ་གྲས་ཨང་བཞི་པ་་སྟེ་ནན་ཅིང་དཔེ་མཛོད་ཁང་། དེ་བཞིན“ཀྲུང་གོའི་དེང་རབས་གནམ་དཔྱད་རིག་པའི་འབྱུང་གནས”ཞེས་པའི་ཙི་ཅིན་རི་བོའི་གནམ་དཔྱད་སྟེགས་བུ་སོགས་ཀྱང་དེའི་ཁོངས་སུ་ཡོད་པ་རེད། སྤྱི་ལོ2017ལོའི་བར་ཞོན་ཝུའུ་ཆུས་ཁོངས་གཏོགས་སུ་ཁྲོམ་སྲང་བདུན་དང་སྡེ་ཁུལ་ང་དགུ་ཡོད་ལ། དེ་དག་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ75.46ལྷག་ཡོད། ཆུས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལ་བསྡོམས་པའི་སྒོར་དུང་ཕྱུར750ལྷག་ཡོད། རྒྱུན་སྡོད་མི་གྲངས་ཁྲི60.02ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玄武区
ཕྱི་ཡིག་གི་མིང་།
Xuanwu District
བོད་ཡིག་གི་མིང་།
ཞོན་ཝུའུ་ཆུས།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ནན་ཅིང་གྲོང་ཁྱེར་གྱི་ཁོངས་གཏོགས་ས་ཁུལ་གྱི་སྲང་ལམ་བདུན།
སྲིད་གཞུང་གནས་ཡུལ།
ནན་ཅིང་གྲོང་ཁྱེར་ཞོན་ཝུའུ་ཆུས་ཀྲུའུ་ཅང་ལམ་ཨང་རྟགས455པ།
ས་ཁོངས་ཁ་པར་ཨང་རྟགས།
025
སྦྲག་སྲིད་ཨང་རྟགས།
210002 210018
ས་ཁམས་གནས་ཡུལ།
ནན་ཅིང་གྲོང་ཁྱེར་གྱི་གྲོང་ཁྱེར་དཀྱིལ་དབུས།
རྒྱུན་སྡོད་མི་གྲངས།
མི་ཁྲི60.02(སྤྱི་ལོ2017ལོར)
ཡུལ་སྐད།
ནན་ཅིང་སྐད།
རླངས་འཁོར་ཚབ་ཨང།
སུའུA
སྲིད་འཛིན་ཚབ་ཨང་།
320102
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ75.46
ཆུས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་།
སྒོར་དུང་ཕྱུར750(སྤྱི་ལོ2017ལོར)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ནན་ཅིང་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་གྲུ་ཐང་། ནན་ཅིང་མ་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་།
མེ་འཁོར་འབབ་ཚིགས།
ནན་ཅིང་མེ་འཁོར་འབབ་ཚིགས། ནན་ཅིང་མེ་འཁོར་འབབ་ཚིགས་ལྷོ་མ།
1 ​འཕེལ་རིམ་ལོ་རྒྱུས།

ཞོན་ཝུའུ་ས་ཁུལ་ནི་ཀྲུང་ཧྭ་མིན་གོའི་སྲིད་ལོ་ཉེར་གཉིས་པ(སྤྱི་ལོ1933ལོ་)ནས་ཐོག་མར་བཙུགས་པ་དང་། “ཀྲུང་གོའི་ཆེས་ཆེ་བའི་གོང་མའི་སྐྱེད་ཚལ་མཚེའུ”ཞོན་ཝུའུ་མཚེའུ་ནི་ཆུས་དེའི་ཁོངས་སུ་ཆགས་ཡོད་པས་མིང་ལ་ཞོན་ཝུའུ་ཆུས་ཞེས་ཐོགས་པར་གྲགས། ཞོན་ཝུའུ་ཆུས་ནི་ཝུའུ་ཤར་མ། ཅིན་ནུབ་མ། རྒྱལ་རབས་ལྷོ་མ། སུང་། ཆི། ལིང་། ཁྲིན་རྒྱལ་རབས་སོགས་རྒྱལ་རབས་དྲུག་གི་གོང་མའི་ཕོ་བྲང་ཡིན་པ་དང་། མིང་རྒྱལ་རབས་ཀྱི་ནན་ཅིན་ཕོ་བྲང་རྙིང་མ་དང་། ཞི་བདེ་གནམ་རྒྱལ་གྱི་རྒྱལ་པོའི་སྒར། ཀྲུང་ཧྭ་མིན་གོའི་ཙུང་ཐུང་ལས་ཤག་བཅས་ཀྱི་གནས་ཡུལ་ཡིན།

ཀྲུང་ཧྲན་བང་སོ་དང་། ཙི་ཅིན་རི་བོ། ཅི་མིང་དགོན་པ། མིང་ཞའོ་བང་སོ། མིང་ཁྲེང་གྱང་སོགས་ལོ་རྒྱུས་རིག་གནས་ཀྱི་གནས་ཤུལ་མང་པོ་ཡོད་ཅིང་། རི་དང་། ཆུ་བོ། གྲོང་ཁྱེར། ནགས་ཚལ་བཅས་གཞི་གཅིག་ཏུ་འདུས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་། ནན་ཅིང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་ཡིན།

2 སྲིད་འཛིན་ས་ཁོངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཤོན་ཝུའུ་ཆུས་ལ་ཁོངས་གཏོགས་ཀྱི་ཁྲོམ་གཞུང་བདུན་ཏེ། མེ་ཡོན་སྡེ་གསར་སྲང་ལམ། སྲང་མདོ་གསར་བའི་སྲང་ལམ། ཞོན་ཝུའུ་སྒོའི་སྲང་ལམ། སུའོ་ཅིན་གྲོང་ཚོའི་སྲང་ལམ། ཧུང་ཧྲན་སྲང་ལམ། ཞའོ་ལིང་ཝེ་སྲང་ལམ། ཞོན་ཝུའུ་མཚོའི་སྲང་ལམ་སོགས་ཡོད་ལ། དེ་མིན་སྡེ་ཁུལ་ང་དགུ་ཡོད་པ་རེད།

3 ས་བབ།

ཞོན་ཝུའུ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་དཀྱིལ་དབུས་ཁུལ་དུ་གནས་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ75.46ལྷག་ཡོད་ཅིང་། ཤར་ངོས་སུ་ཞན་ཧོ་མིན་དང་། ཏ་ཀྲུའུ་ཀྲོང་། མ་ཆུན་བཅས་ཀྱི་བར་ཡིན་པ་དང་། ཞི་ཞ་ཆུས་དང་། ཅང་ཉིང་ཆུས་ཀྱི་འབྲེལ་མཚམས་སུ་གནས་ཡོད། ལྷོ་རུ་ཀྲུང་ཧྲན་ཤར་ལམ་བར་དང་། ཀྲུང་ཧྲན་མིན་ནས་ཐོན་ཏེ་ཚང་པོ་མིན་གྱི་བར་ཡིན། ཆིན་ཧོའེ་ཆུས་དང་ཁྱིམ་མཚེས་ཡིན། ནུབ་ནས་ཀྲུང་ཧྲན་ལམ་དང་། ཀྲུང་དབྱང་ལམ་གྱི་ལམ་ཐིག་ཧྲིལ་པོས་བར་ཆོད་དེ་ཀུའུ་ལོའུ་ཆུས་དང་ཁ་སྤྲོད་དུ་གནས་ཡོད། བྱང་དུ་ཏུང་ཅིང་ཐིང་དང་ཞན་ཧོ་མིན་དེ་ལམ་ཐིག་གཅིག་གི་སྟེང་དུ་ཡོད་དེ། ཞི་ཞ་ཆུས་དང་སྦྲེལ་ནས་ཡོད།

ཞོན་ཝུའུ་ཆུས་ཀྱི་བྱང་ཤར་རྒྱུད་ཀྱི་ས་བབ་བརྗིད་ཉམས་ཆེ་བ་དང་། རི་བོ་མཐའ་བསྐོར་ཞིང། འཕྲེད་ཐིག་དཀྱིལ་མའི་ས་ཁུལ་དུ་གནས་ཡོད་པ་དང་། སྔོ་འགྱུར་ཁེབས་ཚད58%ཡན་ཟིན་ཡོད།

4 གནམ་གཤིས།

ཞོན་ཝུའུ་ཆུས་དེ་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དགུན་གྲང་ལ་དབྱར་དྲོ་ཞིང་། དུས་བཞིའི་དབྱེ་བ་གསལ་བའི་ཁྱད་ཆོས་ལྡན། ནན་ཅིང་དུ་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1000ཡན་ཟིན་པ་དང་། ཆུས་དེ་ནི་བརླན་གཤེར་ཆེ་བའི་ས་ཁུལ་དུ་གཏོགས། ལོ་རེའི་དབྱར་སྟོད་དུ། མཚམས་ངོས་ཆར་ཁུལ་གྱིས་ཤུགས་རྐྱེན་ཐེབས་ནས་ནན་ཅིང་འདི་ཉིད་སོས་ཆར་དུས་ཚིགས་སུ་སླེབས་ཀྱིན་ཡོད་པ་རེད། སོས་ཆར་རྗེས་སུ་གནམ་གཤིས་དྭངས་ཤིང་སྐམ་ཤས་ཆེ་ལ།

ཚ་ཐན་རྒྱུན་དུ་གྲུབ་ངེས་པ་རེད།

5 དཔལ་དབྱོར།

ཞོན་ཝུའུ་ཆུས་རུ་ཚན་རྩལ་ཆ་འཕྲིན་ལས་རིགས་དང་། རིག་གནས་ཡུལ་སྐོར་ལས་རིགས། ཚོང་དོན་ཚོང་ལས་ལས་རིགས་བཅས་གཙོ་བོར་བྱེད་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད། སྤྱི་ལོ2017ལོར་ཤོན་ཝུའུ་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་གིས་གྲངས་འབོར་བསྡོམས་པའི་སྒོར་དུང་ཕྱུར750ཟིན་པ་། དེ་ཉིད་དུས་མཚུངས་ལས9%འཕར་ཡོད་པ་རེད།

ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་དུང་ཕྱུར་བརྒྱ་ལ་སླེབས་ནས་སྒོར་དུང་ཕྱུར112བཟུང་ཡོད་པ་དང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱིས་སྒོར་དུང་ཕྱུར59.8བཟུང་ཡོད་པ་དང་། དེ་ཐད་ཀའི་བསྡུར་ཚད22.3%འཕར་བ་དང་། ཁྲལ་འབབ་ཀྱིས94.2%བཟུང་ཡོད་པ་རེད།

6 རིག་གནས།

རྒྱལ་དམངས་སྲིད་གཞུང་གིས་རྒྱལ་ས་ནན་ཅིང་དུ་གཏན་ཁེལ་བྱས་པ་ནས་བཟུང་། ཆུས་སུ་བཅའ་སྡོད་བྱེད་པའི་དམག་དཔུང་དང་། ལས་ཁུངས། སློབ་གྲྭ་བཅས་སྡེ་ཚན་མང་པོ་ཡོད་པ་དང་། གྲོང་མི་ཧ་ཅང་མང་པོ་ཞིང་ཆེན་དང་གྲོང་ཁྱེར་གཞན་ནས་གནས་སྤོས་བྱས་ནས་ཡོང་ཡོད་པ་རེད། དེ་བས་ལྗོངས་ཆུས་ནང་ཁུལ་གྱི་གྲོང་མིས་ཚོས་ནན་ཅིང་གི་སྲོལ་རྒྱུན་གོམས་གཤིས་གཙོ་བོར་བྱེད་པར་མ་ཟད། ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་ཡུལ་སྲོལ་གོམས་གཤིས་དང་ཡང་འདྲེས་ཡོད། བཅིངས་འགྲོལ་མ་བཏང་གོང་། ཆུས་ནང་ཁུལ་གྱི་མི་དམངས་ཀྱིས་སྲོལ་རྒྱུན་གྱི་གོམས་སྲོལ་གཙོ་བོར་བཟུང་སྟེ་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ཀྱི་འཚོ་བའི་རྣམ་པ་མང་པོ་ཡོད། བཅིངས་འགྲོལ་བཏང་རྗེས་སུ། མི་དམངས་སྲིད་གཞུང་གིས་གོམས་སྲོལ་བཅོས་བསྒྱུར་དར་སྤེལ་དང་། སློབ་གསོ་དང་ཚན་རྩལ་ཁྱབ་གདལ་དུ་བཏང་བས། ལུགས་རྙིང་སྲོལ་ངན་མང་པོ་ཞིག་དོར་ཟིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དར་སྲོལ་གསར་པ་རིམ་བཞིན་ཆགས་ཡོད།

7 ཆབ་སྲིད།

ཞོན་ཝུའུ་ཆུས་ཀྱི་འགོ་ཁྲིད་གཙོ་བོ། (སྤྱི་ལོ2018ལོའི་བར)

ཆུས་ཏང་ཨུའི་ཧྲུའུ་ཅི། ལི་ཧྲི་ཧྥེང་།

ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཆུས་ཀྲང་གཞོན་པ།  མུའུ་ཀིན་ལིན།

ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཐིན་ཐའོ།

ཆུས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ལིན་ཝུའུ་ཕིན། ཞུས་ཁའེ། ཀྲང་ཝང་། མའོ་དབྱིན་ལིན། ཁྲེན་དབྱི་ཧྭ། ཀྲང་ཧུའེ་མིན། ཀྲུའུ་ཐེན་ལུང་། ཀུའུ་ཞུའེ་ལིང་།

8 སློབ་གསོ།

ཞོན་ཝུའུ་ཆུས་སུ་གནའ་ནས་ད་བར་དུ་སློབ་གསོ་དར་རྒྱས་ཆེན་པོ་ཡོད་དེ། ལོ་རྒྱུས་སྟེང་གི་རྒྱལ་རབས་རིམ་བྱུང་གིས་ཆུས་དེའི་ཁོངས་སུ་སློབ་གསོ་ཤུགས་ཆེན་པོས་སྤེལ་བ་དང་། དེའི་སྒྲིག་གཞིའི་ནང་དུ་ཀྲུང་གོའི་གནའ་རབས་རིག་པ། དཔེ་ཁང་། སློབ་གྲྭ་བཅས་ཡོད་པ་དང་། ལོ་ཆིག་སྟོང་ལྷག་རིང་སྟེ་ཆིང་རྒྱལ་རབས་ཀྱི་དུས་མཇུག་བར་དུ་རྒྱུན་བསྲིངས་ཡོད་པ་རེད།

ཤོན་ཝུའུ་ཆུས་སུ་མཐོ་སློབ་དང་ཚན་ཞིབ་ཁང་མང་པོ་ཞིག་ཡོད་དེ། ཅང་སུའུ་ཞིང་ཆེན་ཡོངས་ཀྱི“ཁང་གཉིས”ཀྱི་ཡོན་ཧྲིའི་གསུམ་ཆ་གཅིག་ཙམ་ཟིན་ཡོད་པ་དང་། “མི་སྟོང་གི་འཆར་གཞིའི”ཆེད་མཁས་པ་ང་དྲུག་ཡོད། ཞོན་ཝུའུ་ཆུས་ཅང་སུའུ་ཞིང་ཆེན་རིམ་པའི་སློབ་གསོ་ལས་དོན་གྱི“སྔོན་ཐོན”གྱི་མཚན་སྙན་ཐོབ་པའི་ཆུས་གཅིག་པུ་དེ་ཡིན་པ་དང་། འབྲིང་རྒྱུགས་ཀྱི་གྲུབ་འབྲས་བསྟུད་མར་ལོ་བཅུ་གཅིག་ལ་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོ་ཐོབ་པ་རེད།  

ཚན་རིག་ཞིབ་འཇུག་ཁང་། ཤར་ལྷོ་སློབ་ཆེན། (ཐོག་ཁང་བཞི་པའི་སློབ་ཁུལ)། ནན་ཅིང་ཞིང་ལས་སློབ་ཆེན། (ཝེ་ཀང་སློབ་ཁུལ) ནན་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ནན་ཅིང་ནགས་ལས་སློབ་ཆེན། ཙི་ཅིན་ཧྲན་གནམ་དཔྱད་ཁང་། ཀྲུང་གོ་ཚན་རིག་ཁང་ནན་ཅིང་ས་ཁམས་དང་མཚེའུ་ཞིབ་འཇུག་ཁང་སོགས་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་བཞི་བཅུ་ལྷག་ཙམ་ཡོད་པ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-15

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།