དམག་གི་ཤིང་རྟར་སྦྱར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམག་གི་ཤིང་རྟར་སྦྱར་བ།
སྙན་ངག་འདིར་དམག་མི་ཞིག་གིས་བགྲེས་པོ་ཞིག་ལ་དྲིས་ལན་བཏབ་པར་བརྟེན་ནས་མི་དམངས་ཀྱིས་དམག་འཁྲུག་ལ་ཞེད་སྣང་ཆེན་པོ་འཚེར་གྱིན་པ་བརྗོད་ཡོད་ལ། ཁྱད་པར་དུ་ཐང་ཞོན་ཙུང་གིས་དུས་ཡུན་རིང་པོའི་ནང་བཟོས་པའི་ཡ་ང་བའི་དམག་འཁྲུག་གི་གདུག་རྩུབ་ཐེར་འདོན་བྱས་ནས། ལོ་རེ་བཞིན་གཡུལ་འགྱེད་བྱས་ཏེ་མི་དམངས་ལ་གནོད་འཚེ་ཧ་ཅང་ཆེན་པོ་བཟོས་ཡོད་པ་མཚོན་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
兵车行
འགྱུར་ཡིག་གི་ཁ་བྱང་།
དམག་གི་ཤིང་རྟར་སྦྱར་བ།
རྩོམ་པ་པོ།
杜甫
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

车辚辚,马萧萧,行人弓箭各在腰。

耶娘妻子走相送,尘埃不见咸阳桥。

牵衣顿足拦道哭,哭声直上干云霄。

道旁过者问行人,行人但云点行频。

或从十五北防河,便至四十西营田。

去时里正与裹头,归来头白还戍边。

边庭流血成海水,武皇开边意未已。

君不闻,汉家山东二百州,千村万落生荆杞。

纵有健妇把锄犁,禾生陇亩无东西。

况复秦兵耐苦战,被驱不异犬与鸡。

长者虽有问,役夫敢申恨。

且如今年冬,未休关西卒。

县官急索租,租税从何出。

信知生男恶,反是生女好。

生女犹得嫁比邻,生男埋没随百草

君不见,青海头,古来白骨无人收。

新鬼烦冤旧鬼哭,天阴雨湿声啾啾。

2 འགྱུར་ཡིག 

ཤིང་རྟ་ཙུག་ཙུག་དམག་རྟས་འཚེར་སྐད་འདོན༎ འཐབ་མོ་བ་ཡི་སྐེད་པར་འཁོར་གསུམ་སྤྲས༎

ཕ་མ་ཆུང་བ་བུ་བཅས་སྐྱེལ་བར་འོངས༎ ས་རྡུལ་འཕྱུར་བས་ཞན་དབྱང་ཟམ་པ་བསྒྲིབས༎

རྐང་བབ་རྡབ་ཅིང་གྱོན་པར་འཇུས་ཏེ་འགོག། ཆོ་ངེའི་སྒྲ་ནི་དགུང་སྔོན་དབྱིངས་སུ་ཟུག།

བཅོ་ལྔར་རྨ་ཆུའི་བྱང་ནས་མེལ་ཚེ་དང་༎ བཞི་བཅུའི་ལོ་ལ་ནུབ་ཏུ་སོ་ནམ་བྱེད༎

འགྲོ་དུས་ལི་ཀྲིན་དཔོན་གྱིས་ལ་ཐོད་དཀྲིས༎ ལོག་སྐབས་མགོ་བོ་དཀར་ཡང་མཐའ་མཚམས་སྲུང་༎

མཐའ་མཚམས་ཁྲག་གི་རྒྱ་མཚོ་བསྐྱིལ་གྱུར་ཡང་༎ ཝུའུ་རྒྱལ་བས་མཐའ་ཕྱེ་བའི་བློ་མ་ཉམ༎

ཧན་གྱི་རི་བོའི་ཤར་གྱི་ཁུལ་ཉིས་བརྒྱའི༎ སྡེ་ཁྲིར་འདྲེ་ཚེར་འཕྱུར་བ་མ་ཐོས་སམ༎

བུད་མེད་ཐང་པོས་གཤོལ་གྱིས་རྨོས་བྱས་ཀྱང་༎ མྱུ་གུ་ཐར་ཐོར་ཤར་ནུབ་མེད་པར་སྐྱེས༎

ཆིན་དམག་གཡུལ་འཐབ་དྲག་པོར་བཟོད་གྱུར་རུང་༎ ཁྱི་དང་བྱ་བཞིན་ཡར་མར་ཀུན་དུབསྐྲད༎

བགྲེས་པོར་འདྲི་རྒྱུ་ཡོད་ནའང་༎ དམག་མིས་འཁང་བ་བརྗོད་མི་བྲ༎

དཔེར་ན་ད་ལོའི་དགུན་དུས་སུ༎ ཀོན་ཞི་དམག་མིས་ངལ་མ་གསོལ༎

དཔོན་གྱིས་མྱུར་མོར་ཁྲབ་དང་བོགས༎ བསྡུ་པ་དེ་ནི་གང་ནས་འབྱུང་༎

བུ་སྐྱེས་པ་ལ་ཉེས་པ་དང་༎ བུ་མོ་སྐྱེས་ན་ལེགས་པར་རྟགས༎

བུ་མོ་ཁྱིམ་མཚེས་ལ་ནི་གནའ་མར་བརྫངས༎ བུ་ཚའི་རུས་པ་འཇག་མའི་གསེབ་ཏུ་ཡིབ༎

ཁྲི་གཤོགས་རྒྱལ་མོའི་ཁ་རུ་གནའ་ནས་བཟུང་༎ རུང་དཀར་སྡུད་མཁན་མེད་པ་མ་མཐོང་ངམ༎

འདྲེ་གསར་སྡུག་ཡུས་འདོན་ཞིང་འདྲེ་རྙིང་ངུ་༎ སྨག་ཆར་ནང་དུ་ཆ་ངེ་ལྷག་པར་འདེབས༎ 

3 མཆན། 

ཞན་དབྱང་། ཧྲའན་ཞི་ཞིང་ཆེན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་ཞིག དེར་ཡོད་པའི་ཟམ་པ་ལ་ཞན་དབང་ཟམ་པ་ཟེར་བ་དང་། དེའི་ཞེང་ལ་གཞི་འདོམ་དྲུག་དང་སྲིད་དུ་གོམ་པ་བརྒྱ་དང་བརྒྱད་ཅུ་ཐམ་པ། ཟམ་མིག་དྲུག་ཅུ་རྩ་བརྒྱད་ཡོད་དོ༎ 

ལམ་འགྲམ་མགྲོན་པོ། རྩོམ་པ་པོ་རང་ཉིད། 

སྐྱོད་པ་པོ། མཐར་སྐྱོད་པའི་དམག་མི། 

ལི་ཀྲིན། བརྒྱ་དཔོན་ཞིག 

ཝུའུ་རྒྱལ། ཧན་ཝུའུ་ཏིས་ལ་ཟེར། 

ཁྲི་གཤོག་རྒྱལ་མོ། མཚོ་སྔོན་པོ། 

4 རྩོམ་པ་པོ་ངོ་སྤྲོད། 

ཏུའུ་ཕུའུ། (712-770) ཕ་ཡུལ་ནི་ཧུའུ་པེ་ཞང་དབྱང་ནས་ཡིན་ཞིང་། ཕྱིས་སུ་ཧོ་ནན་ཀུང་རྫོང་དུ་གནས་སྤོས་པ་ཡིན། ཁོང་ནི་ཐང་རྒྱལ་རབས་དུས་ཀྱི་རླབས་ཆེ་བའི་དངོས་ཡོད་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་པར་མ་ཟད། བརྩམས་ཆོས་ལ《མཐོ་སར་འཛེགས་པ》དང《ཤར་གྱི་ལྷུན་པོར་ལྟ་བ》སོགས་ཡོད་དོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-31

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།