གནའ་བོའི་དམག་རྗེས་འབྲངས་བ་ལ་སྦྱར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་བོའི་དམག་རྗེས་འབྲངས་བ་ལ་སྦྱར་བ།
སྙན་ངག་འདིའི་ནང་དུ་དམག་མི་རྣམས་ཀྱི་དཀའ་སྡུག་གི་སྣང་ཚུལ་བྲིས་ཏེ། ཐང་ཞོན་ཙུང་གིས་སྐབས་དེར་གང་འདོད་དུ་དམག་མི་བཀོལ་བར་ཟུར་ཟ་བྱས་ཡོད་པར་མ་ཟད། སྙན་ཚིག་ཧྲིལ་བོར་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་བསམ་བློས་ཀུན་ནས་ཁེངས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
古从军行
འགྱུར་ཡིག་གི་ཁ་བྱང་།
གནའ་བོའི་དམག་རྗེས་འབྲངས་བ་ལ་སྦྱར་བ།
རྩོམ་པ་པོ།
李颀
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 ​མ་ཡིག 

白日登山望烽火,黄昏饮马傍交河。

行人刁斗风沙暗,公主琵琶幽怨多。

野营万里无城郭,雨雪纷纷连大漠。

胡雁哀鸣夜夜飞,胡儿眼泪双双落。

闻道玉门犹被遮,应将性命逐轻车。

年年战骨埋荒处,空见蒲桃入汉家。

2 འགྱུར་ཡིག 

ཉིན་མོར་རི་རྩེར་དམག་དུད་གཏོང་བར་བལྟ༎

སྲོད་ལ་ཅའོ་ཆུའི་འགྲམ་དུ་རྟར་ཆུ་ལྡུད༎

ཟངས་རྐྱན་བརྡུངས་སྒྲ་བྱེ་རླུང་འཚུབ་མས་ཁུར༎

སྲས་མོའི་པི་ཝང་སྐྱོ་བས་དངངས་པ་བཞིན༎

མུ་བྲལ་ས་སྟོང་སྒར་བཏབ་གྲོང་ཁྱེར་དབེན༎

ལྷབ་ལྷུབ་ཁ་ཆར་བབས་པས་བྱེ་ཐང་འབྲེལ༎

མཐའ་འཁོབ་བྱ་ལོང་མཚན་མོར་ཁུས་བཞིན་འཕུར༎

མཐའ་འཁོབ་སྐྱེ་བོའི་མིག་ཟུང་མཆི་མ་ལྷུང་༎

ཡུས་མུན་འགག་ནི་བཀག་ཅེས་ཐོས་པ་ན༎

དཔོན་གྱི་རྗེས་འབྲང་སྲོག་བསྡོ་བྱེད་ལ་རིགས༎

བགྲང་བྱ་རེ་བཞིན་རུས་དཀར་བས་མཐའ་སྦ༎

འཁོས་ཆུང་རྒུན་འབྲུམ་ཧན་གྱི་ཡུལ་དུ་དྲངས༎

3 མཆན། 

ཅའོ་ཆུ། ད་ལྟའི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ཁུལ་ཐུའུ་ལོའུ་ཧྥན་རྫོང་གི་ཆུ་བོ་ཞིག 

ཟངས་རྒྱན། ཉིན་མོ་ཟས་གཡོ་སྣོད་དང་མཚན་ལ་ཐུན་པས་བརྡུང་བྱ་ཞིག 

སྲས་མོའི་པི་ཝང་། ཧན་ཝུའུ་ཏིས་སྐབས་སུ། ནུབ་ཕྱོགས་རྒྱལ་ཁབ་ཝུའུ་སུན་ལ་ཅང་ཏུའུ་དཔོན་པོའི་སྲས་མོ་བག་མར་བརྫངས། དེའི་བཤུལ་ལམ་དུ་སྐྱོ་བ་བསང་བའི་སླད་མི་མངགས་ཏེ་རྟ་ཐོག་ནས་པི་ཝང་སྦྲེང་དུ་བཅུག་པའི་དོན། 

ཁུས། ཆོ་ངེ་འདེབས་པའི་དོན། 

ཡུས་མུན། ཀན་སུའུ་དོང་ཁུལ་རྫོང་གི་འསགག་ཆེན་ཞིག 

འཁོས་ཆུང་། མཁོ་གལ་ཆུང་བའི་དོན། 

4 རྩོམ་པ་པོ་ངོ་སྤྲོད། 

ལི་ཆི། (690-751)ཕ་ཡུལ་ཧོ་ནན་གྱི་དབྱིན་དབྱང་གི་མི་ཡིན་ལ། ཐང་རྒྱལ་རབས་སྐབས་ཀྱི་སྙན་ངག་པ་ཡིན། བརྩམས་ཆོས་ལ《གནའ་བོའི་དམག་རྗེས་འབྲངས་བ་ལ་སྦྱར་བ》དང《གནའ་དཔེ་དེང་སྦྱར》《ལྕགས་རིའི་ཤོལ་གྱི་དབྱངས་རྟ》སོགས་ཡོད་པར་མ་ཟད། ཕྱི་རབས་པས《ལི་ཆི་ཡི་རྩོམ་ཡིག་གཅེས་བཏུས》ཞེས་པའི་དེབ་ཅིག་བསྒྲིགས་ཡོད་དོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-30

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།