ཉ་བདའ་རྒད་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉ་བདའ་རྒད་པོ།
སྙན་ངག་འདིའི་ནང་དུ་བདའ་རྒན་པོ་ཞིག་གིས་མཐོང་སྣེ་ཡི་རང་བྱུང་གི་སྣང་ཚུལ་གཙོ་བོར་བཟུང་སྟེ། རྩོམ་པ་པོས་ཆབ་སྲིད་གསར་བཅོས་ལ་ཕམ་ཁ་ཐེབས་པ་དང་། རང་ཉིད་ལ་རྡུང་རྡེག་ཐེབས་པའི་རྗེས་ཀྱི་སེམས་ཁམས་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
渔翁
འགྱུར་ཡིག་གི་ཁ་བྱང་།
ཉ་བདའ་རྒད་པོ།
རྩོམ་པ་པོ།
韩愈
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

渔翁夜傍西岩宿,

晓汲清湘燃楚竹。

烟销日出不见人,

欸乃一声山水绿。

回看天际下中流,

岩上无心云相逐。

2 འགྱུར་ཡིག 

སྲོད་དུས་ཉ་བདའ་རྒད་པོ་ནུབ་རིའི་བྲག་ལ་གནས་རྟེན་འཆའ༎

ཞོགས་དུས་དྭངས་མོའི་ཞང་ཆུ་བླངས་ཤིང་ཁྲོའུ་ཡི་སྨྱུག་མ་བུས༎

ཉི་མ་ཤར་ཚེ་དུད་པ་ཡལ་ལ་མི་ནི་མཐོང་མ་གྱུར༎

གྲུ་ཡི་གཤོག་པ་སྒུལ་བའི་དབྱངས་བཅས་རི་ཆུ་སྔོ་ལྗང་གྱུར༎

ཕྱི་མིག་བལྟས་ཚེ་གནམ་མཐའི་འཇིངས་སུ་ཉ་གྲུ་བཞུར༎

བྲག་རིའི་སྤྱི་བོར་ཆུ་འཛིན་ཕན་ཚུན་རྩེན་ལ་བག་ཡང་རྒྱུ༎

3 མཆན། 

ཁྲོའུ། ཡུལ་གྲུ་ཞིག་གི་མིང་། 

གྲུ་གཤོག་སྒུལ་བའི་དབྱངས། ཐང་གི་དུས་སུ་དར་བའི་དམངས་གླུ་ཞིག་ལའོ༎ 

འཇིངས། གཏིང་དང་དབུས་སོ༎ 

4 རྩོམ་པ་པོ་ངོ་སྤྲོད། 

ལིའུ་ཙུང་ཡོན། (773—819)རུས་ནི་ཙི་ཧོའུ་ཡིན། ཕ་ཡུལ་ཧོ་ཏུང་གི་མི་ཡིན་པ་དང་། ཁོང་ནི་ཐང་སུང་མཁས་ཆེན་བརྒྱད་ཀྱི་ཡ་གྱལ་སྟེ། ཐང་རྒྱལ་རབས་སྐབས་ཀྱི་རྩོམ་རིག་པ་དང་། མཚན་ཉིད་རིག་པ། བསམ་བློ་བ་སོགས་ཡིན་པར་མ་ཟད། དམངས་ཁྲོད་དུ་ཁོང་གི་མཚན་ལ“ལིའུ་ཧོ་ཏུང་སྐུ་ཞབས”དང་། ཡང་ན“ཧོ་ཏུང་སྐུ་ཞབས”ཞེས་ཀྱང་ཟེར། བརྩམས་ཆོས་ལ《སྐུ་ཞབས་ཧོ་ཏུང་གི་གསུང་རྩོམ་ཕྱོགས་བསྒྲིགས》ཡོད་དོ༎ 

5 ལོ་ཙཱ་བ་ངོ་སྤྲོད།

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 

བརྡ་འགྲེལ་གདོང་འཛར།

སྲོད་ཁ། ཉ་བདའ། གྲུ་གཤོག འཇིངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-30

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།