མཚལ་སྦྱང་ལག་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚལ་སྦྱང་ལག་རྩལ་ནི་འཆི་མེད་རིལ་བུ་བཟོ་འདོད་པའི་སྡེབ་ཐབས་ཤིག་དང་། ཀྲུང་གོ་ནི་མཚལ་བོ་མཚལ་སྦྱང་ལག་རྩལ་དར་སྔ་བའི་རྒྱལ་ཁབ་ཅིག་ཡིན་ལ། ལག་རྩལ་དེའི་བྱུང་འཕེལ་གྱི་ལོ་རྒྱུས་ཅུང་རིང་ཞིང་། གནའ་དུས་ཀྱི་མཚལ་སྦྱང་ལག་རྩལ་ལ་རྨོངས་དད་ཀྱི་ཁྱད་ཆོས་ཀྱང་མང་པོ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
炼丹术
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
རྫས་འགྱུར།
1 ​ངོ་སྤྲོད།

“མཚལ”ཞེས་པ་ནི་རྒྱ་མཚལ་ཏེ་ཟི་ཆུལ་རྫས་ཡིན།   རྗེས་སུ“འཆི་མེད་རིལ་བུ”རུ་བརྩི་བའི་སྨན་རྫས་སྣ་ཚོགས་ལ་སྟོན་པ་ཡིན། 

མཚལ་སྦྱང་ལག་རྩལ་ནི་འཆི་མེད་རིལ་བུ་བཟོ་འདོད་པའི་སྡེབ་ཐབས་ཡིན་ལ།  ཀྲུང་གོ་ནི་མཚལ་བོ་མཚལ་སྦྱང་ལག་རྩལ་དར་སྔ་བིའ་རྒྱལ་ཁབ་ཡིན། ཆི་ཞོན་རྒྱལ་བོ་དང་། ཆི་ཝེ་རྒྱལ་བོ།  ཡན་གྲོ་རྒྱལ་བོ།  གོང་མ་ཆིན་ཧྲི་ཧོང་བཅས་ཀྱིས་མཚོ་ཐོག་ཏུ“ལྷའི་འཆི་མེད་རིལ་བུ”ལེན་པར་མི་ཡང་ཡང་མངགས་ཀྱང་ལག་ཏུ་མ་སོན།  དེ་ནས་འཆི་མེད་ལག་རྩལ་ནི་ལྷ་ལ་ཞུ་བའམ་ཡང་ན་རང་བྱུང་གི་འཆི་མེད་རིལ་བུ་ཐོབ་འདོད་པ་དེ་མིས་ཐབས་ཀྱིས་སྦྱང་བཟོ་བྱེད་པར་བསྒྱུར།

2 བྱུང་འཕེལ།

ཀྲུང་གོའི་ལོ་རྒྱུས་སྟེང་དུ་མཚལ་སྦྱང་མཁས་པ་མང་པོ་ཞིག་བྱུང་མྱོང་།   དེ་དག་ལས་ཆེས་གྲགས་ཆེ་བ་ནི་ཧན་རྒྱལ་རབས་ཤར་མའི་ཝེ་པའོ་དབྱང་དང་།  ཅིན་རྒྱལ་རབས་ཀྱི་ཀེ་ཧོང་སོགས་ཡིན།  ཝེ་པའོ་དབྱང་ནི་ཀུན་གྱིས་ཤུལ་བཞག་རླབས་ཆེན་ཡོད་པར་འདོད་པའི་ཆེས་སྔ་བའི་མཚལ་སྦྱང་མཁས་པ་ཡིན་ལ།  རྗེས་རབས་པ་རྣམས་ཀྱིས་ཁོང་ལ་ཡུན་ཡ་ཙི་ཞེས་འབོད་པ་རེད།  ཁོང་གི་བརྩམས་ཆོས་ཀྲོའུ་དབྱི་སྤོར་ཐང་འགྲེལ་བྱས་པ་ནི་འཛམ་གླིང་གི་ཆེས་སྔ་བའི་མཚལ་སྦྱང་ལག་རྩལ་གཞུང་ལུགས་ཀྱི་བརྩམས་ཆོས་ཤིག་ཡིན་ལ།  ཀྲུང་གོའི་མཚལ་སྦྱང་ལག་རྩལ་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད།  དཔེ་ཆ་དེའི་ནང་དུ་སྐབས་དེར་མཚལ་སྦྱང་བཀོལ་བའི་རྫས་འགྱུར་སྨན་རྫས་ཏེ་དཔེར་ན་ཆུལ་དང་།  མུ་ཟི།  ཞ།  ཧུའུ་ཕྱེ་བུལ་ཚུལ་དང་བུལ་སྐྱུར་ཞ།  བྱེ་མ།  ཟངས།  གསེར།  ལྷང་ཚེར།  རྒྱ་མཚལ་ཟི་ཆུལ་རྫསསོགས་བཀོད་ཡོད་པ་དང་།   དཔེ་ཆ་དེ་ལས་མཚལ་སྦྱང་བའི་གོ་རིམ་ཁྲོད་དུ་ཁོས་རྫས་འགྱུར་ཤེས་བྱ་མང་པོ་ཞིག་རྟོགས་ཡོད་པ་ཤེས་ཐུབ།

3 ཁྱད་ཆོས།

གནའ་དུས་ཀྱི་མཚལ་སྦྱང་ལག་རྩལ་ལ་རྨོངས་དད་ཀྱི་ཁྱད་ཆོས་མང་པོ་ཡོད་པ་དང་།  འཆི་མེད་རིལ་བུ་འཐུང་རྗེས་ཚེ་རིང་ནད་མེད་ཡིན་པའི་ལྟ་ཚུལ་བསྒྲགས་ཡོད།  དེའི་བསམ་བློ་ནི་ནོར་འཁྲུལ་ཡིན་པར་མ་ཟད།  གཞུང་ལུགས་ཀྱི་རྩ་བ་མང་པོའང་སྒྲོ་འདོགས་བྱས་པ་ཁོ་ན་ཡིན།  འོན་ཀྱང་རྫས་འགྱུར་དངོས་བཤེར་མང་པོ་བྱས་ཤིང་།  རྫས་འགྱུར་ཤེས་བྱ་དང་ཉམས་མྱོང་བསགས་པ་དང་།  སྔ་དུས་ཀྱི་རྫས་འགྱུར་དཔྱད་ཆས་དང་སྒྲིག་ཆས་མང་པོ་ཇུས་འགོད་དང་བེད་སྤྱོད་བྱས་ཡོད་པས།  ཕྱོགས་གཞན་ཞིག་ནས་ཀྲུང་གོའི་གནའ་རབས་ཀྱི་སྐྱེ་མེད་རྫས་འགྱུར་དང་།  གསོ་རིག་སོགས་འཕེལ་རྒྱས་འགྲོ་བ་ལ་བྱས་རྗེས་ངེས་ཅན་ཞིག་བཞག་ཡོད་པ་དང་།   ཀྲུང་གོའི་གནའ་རབས་ཀྱི་གསར་གཏོད་ཆེན་པོ་བཞིའི་གྲས་ཀྱི་གཅིག་སྟེ།  མེ་རྫས་ཡང་མི་རྣམས་ཀྱིས་མཚལ་སྦྱང་བའི་གོ་རིམ་ལས་རིམ་གྱིས་རྟོགས་ཤིང་བེད་སྤྱད་པ་ཡིན།   


བརྡ་འགྲེལ་གདོང་འཛར།

འཆི་མེད་རིལ་བུ། ལག་རྩལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།