མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ།
མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དམིགས་ཡུལ་ནི་རང་རྒྱལ་ཁབ་ཀྱི་ཁེ་ཕན་དོན་གཉེར་བྱེད་པ་དང་ཆབས་ཅིག རྒྱལ་ཁབ་གཞན་གྱི་ལུགས་མཐུན་དོ་ཁུར་ལ་ལྟ་རྟོག་བྱས་ཏེ་རྒྱལ་ཁབ་དེའི་འཕེལ་རྒྱས་ལ་བརྩོན་པའི་བརྒྱུད་རིམ་ཁྲོད་རྒྱལ་ཁབ་ཁག་ཐུན་མོང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། མིའི་རིགས་ལ་སའི་གོ་ལ་གཅིག་ལས་མེད་ཅིང་། རྒྱལ་ཁབ་སོ་སོ་འཛམ་གླིང་གཅིག་ཏུ་འདུས་སྡོད་གནང་བས། “མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ”ཡི་འདུ་ཤེས་དར་སྤེལ་གཏོང་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人类命运共同体
སྤེལ་དུས།
སྤྱི་ལོ2012ལོའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྟེང་།
ཕྱི་ཡིག་གི་མིང་།
a Community of Shared Future for Mankind
1 ​ངོ་སྤྲོད་མདོར་བསྡུས།  

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དམིགས་ཡུལ་ནི་རང་རྒྱལ་ཁབ་ཀྱི་ཁེ་ཕན་དོན་གཉེར་བྱེད་པ་དང་ཆབས་ཅིག རྒྱལ་ཁབ་གཞན་གྱི་ལུགས་མཐུན་དོ་ཁུར་ལ་ལྟ་རྟོག་བྱས་ཏེ་རྒྱལ་ཁབ་དེའི་འཕེལ་རྒྱས་ལ་བརྩོན་པའི་བརྒྱུད་རིམ་ཁྲོད་རྒྱལ་ཁབ་ཁག་ཐུན་མོང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། མིའི་རིགས་ལ་སའི་གོ་ལ་གཅིག་ལས་མེད་ཅིང་། རྒྱལ་ཁབ་སོ་སོ་འཛམ་གླིང་གཅིག་ཏུ་འདུས་སྡོད་གནང་བས། “མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ”ཡི་འདུ་ཤེས་དར་སྤེལ་གཏོང་དགོས།

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཞེས་པའི་གོ་ལ་ཧྲིལ་པོའི་རིན་ཐང་ལྟ་བ་དེར་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་རྒྱལ་སྤྱིའི་དབང་ཆའི་ལྟ་བ་དང་། ཐུན་མོང་གི་ཁེ་ཕན་ལྟ་བ། རྒྱུན་མཐུད་ཀྱི་འཕེལ་རྒྱས་ལྟ་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་བཅས་ཚུད་ཡོད། 

2 གླེང་བའི་རྒྱབ་ལྗོངས། 

མིའི་རིགས་ལ་སའི་གོ་ལ་གཅིག་ལས་མེད་པ་དང་། རྒྱལ་ཁབ་ཁག་འཛམ་གླིང་གཅིག་ཏུ་མཉམ་དུ་གནས་ཡོད། སྤྱི་ལོ2012ལོའི་ཟླ11པར་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་སྟེང“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་”ཡི་འདུ་ཤེས་དར་སྤེལ་གཏོང་དགོས་ཞེས་ཁ་གསལ་བཏོན་ཞིང་། ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས་ཐེངས་དང་པོར་ཕྱི་རྒྱལ་གྱི་མི་སྣ་དང་ཐུག་འཕྲད་གནང་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ནི་ཉིན་རེ་བཞིན་ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱོད་ཡོད་པའི“ལས་དབང་གི་ཐུན་མོང་སྒྲིག་གཞི”ཞིག་ཏུ་གྱུར་ནས། འཛམ་གླིང་དཔལ་འབྱོར་གྱི་རྙོག་འཛིང་ཆེ་བའི་དུས་བབ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་ཁ་གཏོད་སྐབས་རྒྱལ་ཁབ་གང་ཞིག་ཡིན་རུང་རང་ཉིད་གཅིག་པུར་ལུས་མི་སྲིད་ཅེས་གསུངས་པ་རེད། “ལས་དབང་གཅིག་མཐུན་ཚོགས་པ”ནི་ཀྲུང་གོ་སྲིད་གཞུང་གིས་ཡང་དང་བསྐྱར་དུ་མིའི་རིགས་ཀྱི་སྤྱི་ཚོགས་སྐོར་གྱི་འདུ་ཤེས་གསར་བ་ནན་གྱིས་བསྟན་པ་ཞིག་རེད། སྤྱི་ལོ2011ལོའི《ཀྲུང་གོའི་ཞི་བདེ་འཕེལ་རྒྱས》ཞེས་པའི་རྒྱབ་དཀར་ཡིག་ཆ་དེའི་ནང“ལས་དབང་གཅིག་མཐུན་ཚོགས་པ”ཡི་ལྟ་སྟངས་གསར་པར་བརྟེན་ནས། མིའི་རིགས་ཀྱི་ཐུན་མོང་གི་ཁེ་ཕན་དང་ཐུན་མོང་གི་རིན་ཐང་གི་ནང་དོན་གསར་བ་འཚོལ་དགོས་ཞེས་བཏོན་ཡོད།

དེང་གི་འཛམ་གླིང་འདི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་བཞིན་ཡོད་དེ། ཆབ་སྲིད་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན། རིག་གནས་སྣ་མང་ཅན་དང་སྤྱི་ཚོགས་ཆ་འཕྲིན་ཅན་བཅས་སུ་འགྱུར་བའི་རླབས་རྒྱུན་ལྡོག་ཐབས་མེད་ཅིང་། རྒྱལ་ཁབ་ཁག་བར་གྱི་འབྲེལ་འདྲིས་དང་བརྟེན་ས་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཐུན་མོང་གི་འགྲན་སློང་ཡང་མང་པོ་ཞིག་ལ་འཕྲད་ཡོད། འབྲུ་རིགས་བདེ་འཇགས་དང་ཐོན་ཁུངས་དཀོན་པ། གནམ་གཤིས་འགྱུར་ལྡོག་དང་དྲ་བའི་ཕར་རྒོལ། མི་འབོར་འབར་གས། ཁོར་ཡུག་སྦགས་བཙོག ནད་ཡམས་ཁྱབ་པ། རྒྱལ་མཚམས་ལས་བརྒལ་བའི་ཉེས་གསོག་སོགས་གོ་ལ་ཧྲིལ་པོའི་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཀྱི་གནད་དོན་རྫོགས་མཐའ་མེད་པར་ཐོན་པས། རྒྱལ་སྤྱིའི་སྒྲིག་ལམ་དང་མིའི་རིགས་ཀྱི་འཚོ་གནས་ལ་འགྲན་སློང་དྲག་པོ་བྱེད་བཞིན་ཡོད། མི་རྣམས་རྒྱལ་ཁབ་གང་དུ་གནས་པ་དང་། དད་མོས་ཇི་ལྟར་བྱེད་པ། འདོད་མོས་ཇི་འདྲ་ཡིན་པ་བཅས་གང་ཞིག་ཡིན་རུང་དོན་དངོས་ཐོག་ལས་དབང་གཅིག་མཐུན་ཚོགས་པ་ཅིག་ཏུ་གནས་ཡོད། དེ་དང་ཆབས་ཅིག་མིའི་རིགས་ཀྱི་ཐུན་མོང་གི་འགྲན་སློང་ལ་ཁ་གཏོད་པ་དམིགས་ཡུལ་དུ་བྱས་པའི་གོ་ལ་ཧྲིལ་པོའི་རིན་ཐང་ལྟ་བ་ཞིག་ཆགས་པ་དང་འབྲེལ་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་རིམ་བཞིན་ཐོབ་ཡོད། 

3 འཕེལ་རྒྱས་ཀྱི་བརྒྱུད་རིམ།

སྤྱི་ལོ2012ལོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྟེང“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་བཏང་སྟེ། རང་རྒྱལ་ཁབ་ཀྱི་ཁེ་ཕན་དོན་གཉེར་བྱེད་པ་དང་ཆབས་ཅིག་རྒྱལ་ཁབ་གཞན་གྱི་ལུགས་མཐུན་དོ་ཁུར་ལ་ལྟ་རྟོག་བྱེད་དགོས”ཞེས་ཁ་གསལ་བཏོན་ཡོད།

སྤྱི་ལོ2013ལོའི་ཟླ3པའི་ཚེས23ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ“དུས་རབས་མདུན་སྐྱོད་ཀྱི་རླབས་རྒྱུན་དང་བསྟུན་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་གཏམ་བཤད་གནང་ཞིང་། གཏམ་བཤད་འདི་ལ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྱབ་ཁོངས་ལས་བརྒལ་བ་ཟེར།

སྤྱི་ལོ2013ལོའི་ཟླ3པར། ཁོང་གིས་ཐན་སང་ནེ་ཡ་ལ་འཚམས་འདྲི་གནང་སྐབས“ལོ་རྒྱུས་དུས་མཚམས་དེ་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་གནའ་ནས་ལས་དབང་གཅིག་མཐུན་ཚོགས་པ་དང་ཐུན་མོང་གི་ལོ་རྒྱུས། ཐུན་མོང་གི་འཕེལ་རྒྱས་ལས་འགན། ཐུན་མོང་གི་འཐབ་ཇུས་ཁེ་ཕན་བཅས་ཀྱིས་ངེད་གཉིས་ཕན་ཚུན་དམ་པོར་སྦྲེལ་ཡོད། ”

ཞི་ཅིན་ཕིང་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས2015ལོའི་ལོ་ཚོགས་ལ་ཞུགས་སྐབས“ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་སྐྱོད་པ་བརྒྱུད་དེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་བསྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པའི་གྲོས་གཞི་བཏོན་ཞིང། ལས་དབང་ཐུན་མོང་ཚོགས་པའི་ཕྱོགས་སུ་སྐྱོད་པའི་“རྒྱུན་འཁྱོངས་བཞི”བཏོན་པ་སྟེ། རྒྱལ་ཁབ་ཁག་གིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས། མཉམ་ལས་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། མུ་མཐུད་དུ་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། སླར་གསོ་ཐུབ་པ་བཅས་ཀྱི་བདེ་འཇགས་མངོན་འགྱུར་ཡོང་རྒྱུ་དང་། ཤེས་དཔལ་མི་འདྲ་བ་མཉམ་འདུས་དང་འབྲེལ་འདྲིས་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས།

སྤྱི་ལོ2017ལོའི་ཟླ10པའི་ཚེས18ཉིན། བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་བའི་སྙན་སྒྲོན་ནང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་རྒྱུ་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ་དང་ཆབས་ཅིག མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གསར་ཏུ་གཏོད་རྒྱུ་དར་སྤེལ་བཏང་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

སྤྱི་ལོ2018ལོའི་ཟླ3པའི་ཚེས11ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་སྟེང་གྲོས་འཆམ་བྱུང་བའི་རྩ་ཁྲིམས་དག་བཅོས་འཆར་ཟིན་དེའི་གླེང་གཞིའི་དུམ་བུ་བཅུ་གཉིས་པའི་ནང“རྒྱལ་ཁབ་ཁག་དང་ཕྱི་འབྲེལ་གྱི་འབྲེལ་བ་དང་། དཔལ་འབྱོར་དང་རིག་གནས་འབྲེལ་འདྲིས་བྱེད་པ”དེ“རྒྱལ་ཁབ་ཁག་སོ་སོའི་བར་གྱི་ཕྱི་འབྲེལ་གྱི་འབྲེལ་བ་དང་། དཔལ་འབྱོར་དང་རིག་གནས་འབྲེལ་འདྲིས་འཕེལ་རྒྱས་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་རྒྱུ་སྐུལ་འདེད་གཏོང་དགོས”ཞེས་པར་བཟོ་བཅོས་གནང་ཡོད།

སྤྱི་ལོ2018ལོའི་ཟླ7པའི་ཚེས26ཉིན། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས་ཡིས་འབོ་གསེར་གྱི་མཇལ་འཛོམས་སྟེང་། ཐེངས་གཉིས་པའི་འབོ་གསེར་གྱི“གསེར་མདོག་ཅན་གྱི་ལོ་བཅུ”ཡི་འཆར་གཞི་བཏོན་པ་སྟེ། “མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་ཐུན་མོང་སྒོས་བསྐྱོད་རྒྱུ་རེད།

སྤྱི་ལོ2018ལོའི་ཟླ10པའི་ཚེས25ཉིན། པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བརྒྱད་པའི་འགོ་ཚུགས་མཛད་སྒོའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས“ཀྲུང་གོས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་གསར་བ་མཐའ་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཁག་དབར་གྱི་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཉམ་ལས་ལ་བརྟེན་ནས་བདེ་འཇགས་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་རྒྱུ་སྐུལ་འདེད་གཏོང་འདོད་ཡོད།

སྤྱི་ལོ2018ལོའི་ཟླ12པའི་ཚེས3ཉིན། 《ཚིག་རྗེས་གཅོད་པ》ཞེས་པའི་དུས་དེབ་ཀྱིས་ལས་དབང་གཅིག་མཐུན་ཚོགས་པ་དེ་སྤྱི་ལོ2018ལོའི་ཆེས་དར་ཁྱབ་ཆེ་བའི་སྐད་ཆ་བཅུའི་ནང་ཚུད་པ་ཡོངས་བསྒྲགས་བྱས།

སྤྱི་ལོ2019ལོའི་ཟླ10པར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། 

4 འདུ་ཤེས་ཀྱི་ནང་དོན།
4_1 རྒྱལ་སྤྱིའི་དབང་ཆའི་ལྟ་བ།

རྒྱལ་ཁབ་མི་འདྲ་བ་དང་རྒྱལ་ཁབ་ཚོགས་པ་མི་འདྲ་བའི་བར་རྒྱལ་སྤྱིའི་དབང་ཆ་འཕྲོག་རེས་བྱེད་ཆེད། དམག་འཁྲུག་དང་གདོང་གཏུག་གྲངས་ལས་འདས་པ་བྱུང་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འཕེལ་རྒྱས་གཏིང་ཟབ་འགྲོ་བ་དང་། མ་རྩ་དང་། ལག་རྩལ། ཆ་འཕྲིན། མི་སྣ་བཅས་རྒྱལ་ཁོངས་ལས་བརྒལ་ནས་འཁོར་སྐྱོད་བྱེད་ཅིང་། རྒྱལ་ཁབ་དབར་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་གནས་སུ་གྱར་བ། རྒྱལ་ཁབ་གཅིག་གི་དཔལ་འབྱོར་དམིགས་ཚད་དེ་རྒྱལ་ཁབ་གཞན་གྱི་དཔལ་འབྱོར་འཕར་ཆག་མངོན་འགྱུར་ཐུབ་མིན་དང་འབྲེལ་བ་ཆེན་པོ་ཡོད་པ་བཅས་རེད། རྒྱལ་ཁབ་ཁག་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཐོག་ནས་ཁེ་ཕན་གྱི་འབྲེལ་ཐག་ཅིག་ཆགས་པའི་དབང་གིས། རང་ངོས་ཀྱི་ཁེ་ཕན་མངོན་འགྱུར་བྱེད་དགོས་ཚེ་ངེས་པར་དུ་འབྲེག་ཐག་འདི་ལ་སྲུང་སྐྱོང་བྱེད་དགོས་ཏེ། ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་དབར་གྱི་དབང་ཆ་བགོ་བཤའ་རྒྱག་རྒྱུ་དེ་སྔོན་མ་ནང་བཞིན་དམག་འཁྲུག་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་པ་ཞིག་མ་ཡིན་པར། རྒྱལ་ཁབ་དབར་དཔལ་འབྱོར་སྟེང་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་ཚེ། རྒྱལ་སྤྱིའི་གནས་བབ་ཞི་ལྷོད་དུ་འགྲོ་བར་ཕན་ཐོགས་ཡོད་པས་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་མ་ལག་དང་ལམ་སྲོལ་ལ་བརྟེན་ནས། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་རྒྱུན་འཁྱོངས་དང་ཚད་ལྡན་དུ་བཏང་སྟེ་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱས་ཆོག

4_2 ཐུན་མོང་གི་ཁེ་ཕན་གྱི་ལྟ་བ།

“ཐུན་མོང་གི་ཁེ་ཕན”ཞེས་པའི་དོན་སྤྱི་མ་གཞི་ནས་ཡོད་པ་ཞིག་མིན་པར། ཡོ་རོབ་གླིང་གི་རྒྱལ་པོའི་ལམ་ལུགས་ཀྱི་དུས་སྐབས་སུ་རྒྱལ་ཁབ་ཀྱི་ཁེ་ཕན་ནི་རྒྱལ་པོའི་མི་སྒེར་རམ་ཁྱིམ་རྒྱུད་ཀྱི་ཁེ་ཕན་ཡིན་ཞིང་། དུས་རབས20བར་སླེབས་ཙ་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་འབྲེལ་བ་དེ་ནི། རང་ལས་གཞན་དག་ཕྱིར་འབུད་བྱེད་པའི་རྒྱལ་ཕམ་གྱི་འབྲེལ་བ་ཞིག་ཏུ་བརྗོད་མྱོང་བས། ཁེ་ཕན་འཕྲོག་རྩོད་ཀྱིས་དམག་འཁྲུག་བསླངས་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། དཔལ་འབྱོར་འཛམ་གླིང་ཅན་གྱིས་མི་རྣམས་ལ་སྲོལ་རྒྱུན་གྱི་རྒྱལ་ཁབ་ཁེ་ཕན་གྱི་ལྟ་བར་བསམ་ཞིབ་བྱེད་དུ་བཅུག་པ་དང་། དྲ་སྦྲེལ་གྱིས་རྒྱལ་ཁབ་ཁག་སྔར་བྱུང་མྱོང་མེད་པའི་འབྲེལ་བ་ཟབ་མོ་ཞིག་དམ་པོར་ཆགས་སུ་བཅུག་ཡོད་ཅིང་། འཛམ་གླིང་གི་གནས་གང་ཞིག་ཏུ་དྲ་བའི་ཕར་རྒོལ་བསླངས་ཀྱང་། ཕར་བལྟས་ན་གོ་མེད་ཚོར་མེད་དུ་སྣང་མོད། འོན་ཀྱང་ཁ་གཏད་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གྱོང་གུན་བཟོས་པ་དེ་དམག་འཁྲུག་ཅིག་ལས་ཞན་མི་སྲིད། གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་འཁྱགས་རོམ་ཞུ་བ་དང་། ཆར་ཆུ་སྙོམས་སྒྲིག་ཤོར་བ། མཚོ་ངོས་ཡར་འཕར་བ་སོགས་ཀྱི་གནད་དོན་ལས་གཞན། ད་དུང་ཐོན་ཁུངས་དང་ནུས་ཁུངས་མི་འདང་བ་དེ་མིའི་རིགས་ཀྱི་ཤེས་དཔལ་རྒྱུན་མཐུད་བྱེད་ཐུབ་མིན་དང་འབྲེལ་བ་ཡོད་ཅིང་། ཁོར་ཡུག་སྦགས་བཙོག་གི་དབང་གིས་ནད་ཡམས་མང་པོ་བྱུང་བར་མ་ཟད། རྒྱལ་མཚམས་ལས་བརྒལ་ཏེ་དར་ཁྱབ་བྱུང་བ་རེད། འདི་ལྟ་བུའི་རྒྱབ་ལྗོངས་འོག་མི་རྣམས་ཀྱིས་ཐུན་མོང་གི་ཁེ་ཕན་ལ་ངོས་འཛིན་གསར་བ་བྱུང་ཡོད། རྒྱལ་ཁབ་ཅིག་གིས་གོ་ལ་ཧྲིལ་པོའི་ཁེ་ཕན་ལ་ཕན་པའི་བྱེད་ཐབས་སྤྱད་པ་དེས་ཟུར་གཞན་ཞིག་ནས་བལྟས་ན། རང་ངོས་ཀྱི་ཁེ་ཕན་ལ་ཞབས་འདེགས་ཞུས་པ་ཡིན།

4_3 རྒྱུན་མཐུད་ནུས་པའི་འཕེལ་རྒྱས་ཀྱི་ལྟ་བ།

བཟོ་ལས་གསར་བརྗེའི་རྗེས་སུ། མིའི་རིགས་ཀྱིས་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ནུས་པ་མཐོར་འདེགས་ཆེན་པོ་བྱུང་མོད། འོན་ཀྱང་བསྟུད་མར་ཁོར་ཡུག་སྦགས་བཙོག་དང་དོན་རྐྱེན་ཚབས་ཆེན་གྱིས་མིའི་རིགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཀྲུང་གོ་སི་ཏེ་ཀེ་ཨེར་མའོ་ཚོགས་འདུ་ནས་བཟུང་རྒྱུན་མཐུད་འཕེལ་རྒྱས་གནད་དོན་གྱི་རྒྱལ་སྤྱིའི་ཚོགས་འདུ་གལ་ཆེན་རབ་དང་རིམ་པར་ཞུགས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་ཆགས་པ་དང་། ལམ་ལུགས་འཛུགས་སྐྱོང་། འཕེལ་རྒྱས་རོགས་སྐྱོར་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། སྤྱི་ལོ1994ལོར་ཀྲུང་གོས《ཀྲུང་གོའི་དུས་རབས21པའི་གྲོས་རིམ—ཀྲུང་གོའི་དུས་རབས21པའི་མི་འབོར་དང་ཁོར་ཡུག འཕེལ་རྒྱས་ཀྱི་རྒྱབ་དཀར་ཡིག་ཆ》ཁྱབ་བསྒྲགས་བྱས་པ་དང་། སྤྱི་ལོ1996ལོར་རྒྱུན་མཐུད་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་གཞི་རྩའི་འཕེལ་རྒྱས་འཐབ་ཇུས་ཀྱི་གྲས་སུ་ཚུད་པ་དངོས་སུ་གཏན་འཁེལ་བྱས་པ་རེད། སྤྱི་ལོ2011ལོའི་ལོ་མཇུག་བར་ཀྲུང་གོས་བུ་ལོན་ལྕི་བའི་དབུལ་པོའི་རྒྱལ་ཁབ་དང་དར་རྒྱས་མིན་པའི་རྒྱལ་ཁབ50ཡི་བུ་ལོན་དམངས་སྒོར་དུང་ཕྱུར300ལྷག་མེད་པར་བཏང་བ་དང་། དར་རྒྱས་མིན་པའི་རྒྱལ་ཁབ38ལ་ཐོན་རྫས་ཀྱི་སྒོ་ཁྲལ་མེད་པའི་ཐོབ་ཐང60%ལས་བརྒལ་བ་ལག་བསྟར་བྱས་པ་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་དམངས་སྒོར་དུང་ཕྱུར1000ལྷག་ཙམ་གྱི་གཟིགས་སྐྱོང་དངུལ་བུན་མཁོ་འདོན་བྱས་ཡོད། གཞི་གྲངས་དེ་དག་ལས་རྒྱུན་མཐུད་འཕེལ་རྒྱས་ནི་འདུ་ཤེས་ནས་ཀྲུང་གོ་སྲིད་གཞུང་གི་བྱ་སྤྱོད་རྩ་འཛིན་དང་ཞིབ་ཕྲའི་འཆར་གཞི་རུ་གྱུར་པ་མ་ཟད། གྲུབ་འབྲས་ཀྱང་ཧ་ཅང་ཆེན་པོ་ཐོབ་ཡོད་པ་གསལ་བཤད་ཐུབ་ཡོད། 

4_4 གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཀྱི་ལྟ་བ།

དུས་རབས20བའི་ལོ་རབས90པར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་མི་སྣ་གྲགས་ཅན28ལས་གྲུབ་པའི“གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཨུ་ཡོན་ལྷན་ཁང”བཙུགས་པར་རྒྱབ་སྐྱོར་བྱས་པ་དང་། ཨུ་ཡོན་ལྷན་ཁང་དེས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར50ལོན་པའི་མཚམས་སུ《ང་ཚོ་གནམ་མཐའ་རུ་གནས་རུང་ཁྱིམ་མཚེས་སུ་གྱུར》ཞེས་པའི་སྙན་ཞུ་སྤེལ་ཞིང་། དེས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐ་སྙད་ཀྱི་མཚན་ཉིད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་དང་ལེན་བྱས་པ་རེད།

གོ་ལ་ཧྲིལ་པོའི་བཅོས་སྐྱོང་རིགས་པའི་གཞུང་ལུགས་ཀྱི་ལྟེ་བའི་ལྟ་བ་ནི་གོ་ལ་ཧྲིལ་པོ་ཅན་ལས་རྒྱལ་སྤྱིའི་བྱ་སྤྱོད་ཀྱི་བྱེད་པོ་སྣ་མང་ཅན་དུ་གྱུར་པ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་སྲིད་གཞུང་དང་། སྲིད་གཞུང་དབར་གྱི་རྩ་འཛུགས། སྲིད་གཞུང་མིན་པའི་རྩ་འཛུགས། རྒྱལ་ཁོངས་སྒྲོལ་བའི་ཀུང་སི་སོགས་ཐུན་མོང་ནང་ཞུགས་པ་དང་མཉམ་འགུལ་བྱེད་པའི་བརྒྱུད་རིམ་གལ་ཆེན་ཞིག་ཏུ་གྱུར་ཡོད། བརྒྱུད་རིམ་དེའི་ཐབས་ལམ་གལ་ཆེ་བ་ནི་རྒྱལ་སྤྱིའི་ཚད་ལྡན་དང་རྒྱལ་སྤྱིའི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས། ལམ་སྲོལ་གྱི་ཚོད་འཛིན་ནུས་པ་དང་ཀུན་སྤྱོད་ཚད་ལྡན་ནུས་པ་ལྡན་ཞིང་། གོ་ལ་ཧྲིལ་པོའི་གནད་དོན་ཐག་གཅོད་ཐུབ་པའི“གོ་ལ་ཧྲིལ་པོའི་ལམ་སྲོལ”ཞིག་ཆགས་རྒྱུ་དེ་རེད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-06

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།