སྨི100ཡི་ཐུང་རྒྱུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨི100ཡི་ཐུང་རྒྱུག
སྨི100ཡི་ཐུང་རྒྱུག་ནི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་ཁྲོད་བར་ཐག་ཐུང་ཤོས་ཀྱི་འགྲན་བསྡུར་ཞིག་ཡིན་ལ“མིའི་རིགས་ཀྱི་མྱུར་ཚད་ལ་འགྲན་སློང་བྱེད་པའི”འགྲན་བསྡུར་ཞིག་ཀྱང་རེད། སྤྱི་ལོ2015ལོའི་བར་སྐྱེས་པའི་སྨི100ཡི་ཐུང་རྒྱུག་གི་འཛམ་གླིང་ཟིན་ཐོ་ནི་པོའར་ཐེས་སྤྱི་ལོ2009ལོའི་པེར་ལིན་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཐོག་སྐར་ཆ9དང་ཆ་ཤས58ཀྱི་ཟིན་ཐོ་བཏོད་ཡོད། ལུས་རྩལ་འདི་ནི་མི་རྣམས་ཀྱིས་དུས་མཉམ་དུ་མྱུར་ཚད་ཆེས་མགྱོགས་པ་དང་། གཏན་འཁེལ་བྱས་པའི་རྒྱུག་ལམ་སྟེང་གཏན་འཁེལ་བྱས་པའི་བར་ཐག་རྒྱུག་ཚར་བར་མ་ཟད། ཆེས་ཐོག་མར་རྒྱུག་ཚར་མཁན་ལ་རྒྱལ་ཁ་ཐོབ་པའི་རྣམ་གྲངས་ཤིག་ཡིན། མིའི་ལུས་ཁམས་ཀྱི་ནུས་པའི་མཁོ་སྤྲོད་ཀྱི་ཕྱོགས་ནས། མིའི་ལུས་ཕུང་གིས་ཚད་ཆེས་ཆེ་བའི་སྒོ་ནས་མིའི་གདོད་ནུས་འདོན་སྤེལ་བྱེད་པ་དང་། དབྱང་མེད་བརྗེ་ཚབ་ནུས་འདོན་གྱི་རྣམ་པས་ནུས་ཚད་འདོན་སྤྲོད་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
100米短跑
དབྱིན་ཡིག་གི་མིང་།
100-meter dash
འཛམ་གླིང་ཟིན་ཐོ་བསྐྲུན་མཁན།
ཡིའུ་སའེ་ཨེན་པོའར་ཐེ།
1 འཕེལ་རྒྱས་ཀྱི་ལོ་རྒྱུས།

ཐུང་རྒྱུག་ནི་ཐོ་འགོད་བྱས་པ་ལྟར་ནསྤྱི་ལོའི་སྔོན་གྱི776ལོར། ཀེ་རི་སེའི་ཨོ་ལིམ་ཕིག་སྡེ་བར་སྤེལ་བའི་སྐབས་དང་པོའི་གནའ་རབས་ཨོ་ལིམ་ཕིག་ལུས་རྩེད་འགྲན་ཚོགས་སྟེང་ཐུང་རྒྱུག་འགྲན་བསྡུར་གྱི་རྣམ་གྲངས་ཡོད། སྐབས་དེར་རྒྱུགས་སྟངས་ནི་ལུས་གཞུང་གི་མདུན་གསེག་ཅུང་ཆེ་བ་དང་། རྐང་པ་ཡར་བཀྱགས་ཚད་ཧ་ཅང་མཐོ་བ། རྐང་པ་སར་ཚུགས་ནས་ལྗིད་ལྟེ་དང་བར་ཐག་ཅུང་ཉེ་བ། གོམ་སྟབས་ཅུང་ཆུང་བའི“གོམ་སྟབས་རྣམ་པའི”རྒྱུག་ཐབས་ཡིན། རྒྱུག་འགོ་རྩོམ་སྐབས་འགྲེང་སྟངས་ཀྱི་ཚུགས་ཀ་ཞིག་ཡིན་པ་དང་། རྡོ་ཆེན་པོ་ཞིག་རྐང་འོག་ཏུ་བཞག་ནས། རྡོ་ཆེན་པོ་དེ་ལ་བརྟེན་ནས་རྒྱུག་འགོ་འཛུགས་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་པ་ཡིན།

ཐུང་རྒྱུག་ནི་གནའ་དུས“ཐང་རྒྱུག”ཟེར་བ་དང་། དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྤེལ་སྔ་ཤོས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་ཞིག་རེད། ལོ་རྒྱུས་ཀྱི་དཔྱད་གཞིར་གཞིགས་ན། སྤྱི་ལོའི་སྔོན་གྱི776ལོར་འཚོགས་པའི་སྐབས་དང་པོའི་གནའ་བོའི་ཨོ་རྩལ་འགྲན་ཚོགས་ཐོག་འགྲན་བསྡུར་རྣམ་གྲངས་ཤིག་ཡོད་པ་ནི་ཐུང་རྒྱུག་རེད།

སྤྱི་ལོ1896ལོར་སྐབས་དང་པོའི་ཨོ་རྩལ་འགྲན་ཚོགས་ཐོག་སྐྱེས་པའི་ཐུང་རྒྱུག་དེ་འགྲན་བསྡུར་རྣམ་གྲངས་ནང་བཅུག་པ་དང་སྨི100དང་སྨི400ཡི་ཐུང་རྒྱུག་གཉིས་བཀོད་སྒྲིག་བྱས་པ་དེ་ས་དེང་རབས་ཐུང་རྒྱུག་ལུས་རྩལ་དངོས་སུ་བཙུགས་པ་མཚོན་ཡོད། སྐབས་གཉིས་པའི་ཨོ་ལིན་ཕིག་རྩལ་འགྲན་ཚོགས་ཐོག་སྨི200ཡི་ཐུང་རྒྱུག་རྣམ་གྲངས་ཁ་སྣོན་བྱས་ཡོད། སྤྱི་ལོ1928ལོའི་སྐབས་དགུ་བའི་ཨོ་རྩལ་འགྲན་ཚོགས་སྐབས་སུ་བུད་མེད་ཐུང་རྒྱུག་ཀྱང་དངོས་སུ་ནང་དུ་བཞག ཆེས་ཐོག་མའི་འགྲན་བསྡུར་ཁྲོད་ལུས་རྩལ་པས་གང་འདོད་ཀྱི་འདུག་སྟངས་སྤྱད་ནས་རྒྱུགས་འགོ་བརྩམས་ཆོག་ལ། དར་ཁྱབ་ཆེ་བའི་ཙོག་སྡོད་རྣམ་པའི་རྒྱུགས་མགོ་བརྩམས་སྟངས་ནི་སྤྱི་ལོ1887ལོར་བྱུང་བ་དང་། སྤྱི་ལོ1927ལོར་རྒྱུགས་ཆས་བྱུང་། ཐུང་རྒྱུག་ལག་རྩལ་དང་ལུས་རྩལ་ཡོ་བྱད་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་འགྲན་བསྡུར་གྱི་གྲུབ་འབྲས་ཀྱང་མགྱོགས་མྱུར་ངང་མཐོ་རུ་ཕྱིན་ཡོད། སྤྱི་ལོ1936ལོའི་སྐབས11པའི་ཨོ་རྩལ་འགྲན་ཚོགས་ཐོག་བདམས་ཐོན་པས་ངེས་པར་དུ་ཙོག་སྡོད་རྣམ་པའི་རྒྱུག་དགོས་པ་མ་ཟད། རྒྱུག་རོགས་ཡོ་བྱད་སྤྱོད་དགོས་པའི་གཏན་འབེབས་ཐོག་མར་བྱས་པ་དང་གཞན་ཡང་རྒྱུག་ལམ་དབྱེ་བ་དང་འགྲན་བསྡུར་གྱི་སྒྲིག་སྲོལ་ཆ་ཚང་ཞིག་གཏན་འཁེལ་བྱས་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུང་རྒྱུག་འགྲན་བསྡུར་གྱི་ཛ་དྲག་རང་བཞིན་དང་ལྟད་མོའི་རང་བཞིན་ཆེ་རུ་གཏོང་ཆེད་འགྲན་བསྡུར་གྱི་སྒྲིག་སྲོལ་ལ་སླར་ཡང་བཟོ་བཅོས་ཁག་གཅིག་བརྒྱབ་ཡོད། སྒྲིག་སྲོལ་གསར་བའི་གཏན་འབེབས་ལྟར་ན། འགྲན་ཞུགས་པས་ཐེངས་གཅིག་ལ་སྒྲིག་ལམ་དང་འགལ་ན་འགྲན་བསྡུར་གྱི་ཐོབ་ཐང་ཤོར་བ་རེད།

ཐུང་རྒྱུག་ནི་ཆེས་མགྱོགས་པའི་མྱུར་ཚད་ཀྱིས་གཏན་འབེབས་བྱས་པའི་བར་ཐག་ཡིན། འགྲན་བསྡུར་རྣམ་གྲངས་ལ་སྨི100དང་། སྨི200སྨི400གཞོན་ནུའི་སྨི60བཅས་ཡོད། ཐུང་རྒྱུག་ནི་མི་ལུས་ཀྱི་འགུལ་སྐྱོད་དབང་པོ་དང་ནང་ཁྲོལ་དབང་པོར་གསོ་རླུང་འབོར་ཆེན་དཀོན་པའི་ཆ་རྐྱེན་འོག་དྲག་ཚད་ཆེ་ཤོས་ཀྱི་ལས་ཀ་ལེགས་གྲུབ་བྱུང་ནས་མཐར་སོན་དྲག་ཚད་ཀྱི་ལུས་རྩལ་ལ་གཏོགས། ཐུང་རྒྱུག་གིས་མྱུར་ཚད་ཀྱི་སྤུས་ཚད་འཕེལ་རྒྱས་ནུས་ལྡན་གཏོང་ཐུབ། དེར་བརྟེན་དེ་ནི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་གྱི་རྨང་གཞིའི་རྣམ་གྲངས་ཤིག་ཡིན་པར་མ་ཟད། ལུས་རྩལ་གྱི་རྣམ་གྲངས་གཞན་དག་སྦྱོང་བརྡར་བྱེད་སྐབས་ཀྱང་གོ་གནས་གལ་ཆེན་བཟུང་ཡོད། ་

2 འགྲན་བསྡུར་གྱི་སྒྲིག་སྲོལ།

འགྲན་བསྡུར་བྱེད་སྐབས་བདམས་ཐོན་པས་ངེས་པར་དུ་ཙོག་སྡོད་རྣམ་པའི་རྒྱུག་དགོས་པ་མ་ཟད། རྒྱུག་ཆས་སྤྱོད་དགོས་པ་དང། སྔོན་ལ་རྒྱུག་མི་ཆོག བདམས་ཐོན་པ་ཕན་ཚུན་བར་རང་སོ་སོའི་རྒྱུག་ལམ་དང་ཕན་ཚུན་འགལ་རྐྱེན་བཟོས་མི་ཆོག འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པ་མང་ཙམ་ཡོད་སྐབས་སྔོན་ལ་ཚོགས་ཆུང་ཁག་བགོས་ཀྱིས་འགྲན་བསྡུར་ནང་ཞུགས་དགོས་པ་དང་མཐར་མི8བདམས་ནས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་དགོས།

3 འཛམ་གླིང་ཟིན་ཐོ།

སྤྱི་ལོ2009ལོའི་ཟླ8པའི་ཚེས16ཉིན་སོ་མེ་ཅ་རྒྱལ་ཁབ་ཀྱི་ལུས་རྩལ་པ་་ཡིས་སྐར་ཆ9དང་ཆ་ཤས16གིས་འཛམ་གླིང་ཟིན་ཐོ་བསྐྲུན།

སྤྱི་ལོ2008ལོའི་ཟླ8པའི་ཚེས16ཉིན་སོ་མེ་ཅ་རྒྱལ་ཁབ་ཀྱི་ལུས་རྩལ་པ་ཡིའུ་སའེ་ཨེན་པོའར་ཐེ་ཡིས་སྐར་ཆ9དང་ཆ་ཤས69ཡིས་འཛམ་གླིང་ཟིན་ཐོ་བསྐྲུན།

སྤྱི་ལོ2008ལོའི་ཟླ6པའི་ཚེས1ཉིན་སོ་མེ་ཅ་རྒྱལ་ཁབ་ཀྱི་ལུས་རྩལ་པ་ཡིའུ་སའེ་ཨེན་པོའར་ཐེ་ཡིས་སྐར་ཆ9དང་ཆ་ཤས72ཀྱིས་འཛམ་གླིང་ཟིན་ཐོ་བསྐྲུན།

སྤྱི་ལོ2007ལོའི་ཟླ9པའི་ཚེས9ཉིན་སོ་མེ་ཅ་རྒྱལ་ཁབ་ཀྱི་ལུས་རྩལ་པ་ཨ་སཱ་ཧྥ་པའོ་ཝེར་གྱིས་སྐར་ཆ9དང་ཆ་ཤས74ཡིས་འཛམ་གླིང་ཟིན་ཐོ་བསྐྲུན།

སྤྱི་ལོ2005ལོའི་ཟླ6པའི་ཚེས14ཉིན་སོ་མེ་ཅ་རྒྱལ་ཁབ་ཀྱི་ལུས་རྩལ་པ་ཨ་སཱ་ཧྥ་པའོ་ཝེར་གྱིས་སྐར་ཆ9དང་ཆ་ཤས77གྱིས་འཛམ་གླིང་ཟིན་ཐོ་བསྐྲུན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཐུང་རྒྱུག ལུས་རྩལ་རྣམ་གྲངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།