Word2007
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

Word2007
Word 2007གྱི་བྱེད་ནུས་གསར་པ་ངོ་སྤྲོད། ཐེངས་དང་པོརOffice 2007བྱ་རིམ་བཀོལ་སྤྱོད་བྱེད་དུས་ཁྱེད་ལ་རྒྱུས་མེད་ཀྱི་སྣང་བ་ཞིག་འབྱུང་ངེས་ཡིན། དེ་དང་ཁྱེད་ཉིད་ཀྱིས་སྔ་མོ་ནས་སྤྱད་པའིOfficeལ་མི་འདྲ་ས་མང་པོ་ཞིག་ཡོད་དེ། དེའི་མཐེབ་གནོན་དང་གདམ་བྱང་སོགས་ཀྱི་ཇུས་འགོད་བྱེད་སྟངས་ལ་ཞིབ་ཏུ་བལྟས་ན། Officeསྤྱོད་མཁན་གྱི་རེ་བ་ཆེ་ཤོས་ཏེ་བྱ་རིམ་བཀོལ་སྤྱོད་བྱེད་སླ་བ་དང་བཀའ་བརྡ་འཚོལ་བདེ་བ་སོགས་ཀྱི་ཐད་ལ་འབད་འབུངས་ཆེན་པོ་བྱས་ཡོད་པ་ལྷམ་མེར་མངོན་ངེས། པར་གཞི་གསར་པ་འདིའི་ཁྲོད་ཀྱི་མཐེབ་གནོན་ཡོད་ཚད་ཚོ་བཞིན་བགོས་ནས་སྒེའུ་ཁུང་གི་རྩེ་ཐོད་ན་གནས། དེས“ཡིག་ཆ”དང“བར་འཇུག”“ཤོག་ངོས་བཀོད་པ”སོགས་ཀྱི་བྱང་བུ་མཁོ་འདོན་བྱས་ཡོད་ལ། “ཡིག་ཆ”བྱང་བུའི་ནང་དུ་པར་་གཞི་སྔ་མ་དག་གི་ནང་རྒྱུན་དུ་སྤྱོད་པའི་བཀའ་བརྡ་དག་ལས། གཞན་ཡང་ཡིག་ཆ་དོ་དམ། གཙང་སེལ་དང་ཁྱབ་བསྒྲགས་སོགས་འདེམས་ཚན་གསར་པའང་ཡོད། ཁྱེད་ཀྱིས་ཚོ་གང་རུང་སྟེང་གི་ཟུར་གསུམ་རྟགས་ལ་ཆིག་རྡེབ་བྱས་ན་གླེང་སྒྲོམ་གྱི་ཁ་ཕྱེ་ནས་ཚོ་དེའི་ནང་གི་བཀའ་བརྡ་དང་མཐོ་རིམ་འདེམས་ཚན་སོགས་མངོན་པར་བྱེད་དོ།།
གཞི་རྩའི་གནས་ཚུལ།

མིང་།
Word2007
1 ​མཐེབ་གཞུང་གི་མྱུར་ལམ་བྱེད་སྟངས། 

Office 2007 ལས་པར་གཞི་སྔ་མའི་ནང་གིCtrlམགོ་བྱས་པའི་མྱུར་མཐེབ་ཡོད་ཚད་སོར་འཇོག་བྱས་ཡོད་པ་མ་ཟད་བྱེད་ནུས་ལའང་འགྱུར་བ་ཆེན་པོ་མེད་ལ།  Altམགོ་བྱས་པའི་མྱུར་མཐེབ་གསར་བ་མང་པོ་ཁ་སྣོན་བྱས་ཡོད་དེ།  Altམནན་ཚེOfficeཡི་འདེམས་བྱང་དང་ཚོ།   བཀའ་བརྡ་རེ་རེའི་མྱུར་མཐེབ་ཀྱི་ཡིག་འབྲི་དེ་དག་རེ་རེ་གསལ་པོར་མངོན།    གལ་ཏེ་ཁྱེད་ཀྱིས Office 2003དང་ཡང་ན་དེ་ལས་སྔ་བའི་པར་གཞི་དག་གི Altམགོ་བྱས་པའི་མྱུར་མཐེབ་སྤྱོད་བསམ་ན་བྱ་རིམ་སྒྲིག་འགོད་བྱས་ནས་སྔར་གྱི་སྤྱོད་སྟངས་ལྟར་སྤྱོད་ཆོག 

2 ཡིག་ཆའི་རྣམ་བཞག

Office Word2007ལས་ཡིག་ཆའི་རྣམ་བཞག་གསར་པ(.docx)ནང་འདྲེན་བྱས་པ་དེས་གནད་དོན་གལ་ཆེན་འགའ་ཐག་གཅོད་བྱད་ཡོད་དེ།   རྣམ་གཞག་གསར་པ་སྤྱད་ནས་ཉར་ཚགས་བྱས་པའི་ཡིག་ཆའི་ཆེ་ཆུང་སྔར་གྱིMicrosoft  Officeཡིག་ཆའི་རྣམ་གཞག(.docདངdot)སོགས་ལས་ཆུང་བ་མ་ཟད་གཞི་གྲངས་ཉར་ཚགས་བྱེད་སྟངས་མི་འདྲ་བའི་རྐྱེན་གྱིས་ཡིག་ཆ་སོར་ཆུད་ཀྱི་ནུས་པ་ཤིན་ཏུ་ཆེ་བར་གྱུར་འདུག  དེ་ལས་གཞན་ཡང་ཡི་ཆའི་རྣམ་གཞགXMLའདི་གཞི་བྱས་ཡིན་པས།   ཡིག་ཆའི་བདེ་འཇགས་རང་བཞིན་ཇེ་མཐོ་རུ་བཏང་ཡོད་པ་མ་ཟད།    ཡིག་ཆར་སྐྱོན་ཤོར་བའི་གོ་སྐལ་ཇེ་ཉུང་དུ་སོང་བ།    ཡིག་ཆ་ཇེ་ཆུང་དུ་སོང་བ།   ཉར་ཚགས་དང་འཚོལ་ལེན་རྒྱུད་ཁོངས་དུ་མ་བརྒལ་ནས་གཞི་གྲངས་མཉམ་སྤྱོད་བྱེད་ནུས་པ་སོགས་ཀྱི་ཁྱད་ཆོས་གང་མང་ཞིག་ཡོད་དོ།

Microsoft Office Word2007ལས་བྱེད་ནུས་ཆ་ཚང་ལྡན་པའི་ལག་ཆ་དང་བཀོལ་སྤྱོད་བྱེད་སླ་བའིMicrosoft  Office Fluentསྤྱོད་མཁན་འཆར་ངོས་གཉིས་མཉམ་སྡེབ་བྱས་ནས་ཆེད་ལས་ཅན་གྱིས་བཟོས་པ་ལྟ་བུའི་ཡིག་ཆ་གསར་འཛུགས་དང་མཉམ་སྤྱོད་བྱེད་པར་རམ་འདེགས་བྱེད།    དེ་ལྟར་བྱེད་ནུས་པའི་རྒྱུ་མཚན་ནི Microsoftཡི་དྲ་ངོས་སུ་རྒྱུ་རྐྱེན་བཅུ་ཡིས་གསལ་བྱེད་བྱས་ཡོད་པ་གཤམ་ལྟར། 

1 རྣམ་གཞག་སྒྲིག་འགོད་ཀྱི་དུས་ཚོད་ཉུང་དུ་བཏང་ནས་ཡིག་ཆ་འབྲི་རྒྱུ་གནད་དུ་བཟུང་བ།  Office Fluentསྤྱོད་མཁན་འཆར་ངོས་ཀྱིས་ཉེར་མཁོའི་ལག་ཆ་མཁོ་འདོན་བྱས་ཡོད་པས།   ཁྱེད་ཀྱིས་སྟབས་བདེ་ངང་ཡིག་ཆའི་རྣམ་གཞག་མགྱོགས་མྱུར་ངང་སྒྲིག་འགོད་བྱས་ཆོག   དེ་བས་ཁྱེད་ཀྱིས Office Word2007ལས་བྱེད་ནུས་འོས་འཚམས་ཤིག་སྤྱད་ན་ཡིག་ཆ་ནང་གི་ཆ་འཕྲིན་གསལ་པོར་མངོན་ཐུབ།  དཔེར་ན“ཡིག་ཆའི་བཟོ་ལྟ”དང“ཡིག་ཆའི་མགོ་བྱང”སྤྱད་ནས་ཡིག་ཆ་ཡོངས་ཀྱི་ཡིག་རྐྱང་དང་རེའུ་མིག   རིས་རྟགས་སོགས་ཀྱི་ཕྱིའི་རྣམ་པ་བརྗེ་བསྒྱུར་བྱས་ནས་དེའི་བཟོ་ལྟ་དང་ཚོས་སྡེབ་ཐེབས་སོགས་རང་གི་གོམ་གཤིས་དང་མཐུན་པར་བྱས་ཆོག  

2 SmartArtརིས་མཚོན་དང་རི་མོ་བཟོ་བྱེད་གསར་པ་སྤྱད་ནས་ཆ་འཕྲིན་སྔར་ལས་ལྷག་པར་བརྒྱུད་བསྒྲགས་བྱེད་ནུས་པ།    SmartArtརིས་མཚོན་དང་རི་མོ་བཟོ་བྱེད་གསར་པས་ཁྱེད་ཀྱི་རྩ་གསུམ་གཟུགས་དབྱིབས་དང་བརྟོལ་མཐོང་གི་ཚད།    གྲིབ་འབྲས་སོགས་བཟོ་པར་རམ་འདེགས་བྱས་ནས་ཕྱིའི་རྣམ་པ་ཤིན་ཏུ་མཛེས་པའི་ཡིག་ཆ་བཟོ་ནུས།  

3 བཟོ་སྐྲུན་གྲུབ་ཆ་སྤྱད་ནས་ཡིག་ཆ་བཟོ་སྐྲུན་བྱེད་པ། Office Word2007ནང་གི་བཟོ་སྐྲུན་གྲུབ་ཆ་དེ་རྒྱུན་དུ་སྤྱོད་པ་དང་ཡང་ན་སྔོན་བཀོད་བྱས་པའི་ནང་དོན་སྤྱད་ནས་ཡིག་ཆ་བཟོ་སྐྲུན་བྱས་ཆོག     འདི་ལྟར་བྱས་ན་ཡིག་ཆ་རེ་རེ་ལ་ནང་དོན་འདི་དག་གསར་འཛུགས་དང་མཁོ་ཕབ།   འདྲ་སྦྱོར་སོགས་བྱེད་པའི་དུས་ཚོད་གྲོན་ཆུང་བྱེད་ཐུབ་པ་མ་ཟད་ཡིག་ཆ་དག་གི་རྣམ་གཞག་ཀྱང་གཅིག་གྱུར་བྱེད་ངེས་ཡིན། 

4 ཐད་ཀར་དུ Office Word2007ནསPDFདང་ཡང་ནXPSརུ་བརྗེ་ཐུབ།  Office Word2007མཁོ་འདོན་བྱས་ཡོད་དེ།  ཁྱེད་ལ་མཉེན་ཆས་གཞན་པ་ཅི་ཡང་མེད་ནའངWordཡིག་ཆ་དེ་སྤོ་རུང་ཡིག་ཆའི་རྣམ་གཞག(pdf)དང་ཡང་ནXMLཡིག་ཆའི་ཚད་གཞི(XPS)ཡི་རྣམ་གཞག་ཏུ་བསྒྱུར་ཆོག་པས།   ལས་སྟེགས་གང་རུང་སྤྱོད་པའི་སྤྱོད་མཁན་བར་ཡིག་ཆ་བརྗེ་རེས་བྱེད་པར་མཐུན་རྐྱེན་ལེགས་པོ་ཞིག་སྐྲུན་ཐུབ། 

5 ཐད་ཀར་དུ Office Word2007ནས་པོ་ཁུག་ཁྱབ་བསྒྲགས་དང་སྲུང་སྐྱོབ་བྱེད་པ།   Office Word2007ནས་ཁྱེད་ཉིད་ཀྱིས་ཐད་ཀར་དུ་པོ་ཁུག་ཁྱབ་བསྒྲགས་བྱས་ཆོག་སྟེ། ཁྱེད་ཀྱིས Office Word2007ཐད་ཀར་དུ་པོ་ཁུག་དྲ་ཚིགས་སུ་སྦྲེལ་མཐུད་བྱེད་པར་སྡེབ་སྒྲིག་བྱས་ནས Wordཡིས་མཁོ་འདོན་བྱས་པའི་རི་མོ་དང་། རེའུ་མིག  མཐོ་རིམ་གྱི་ཡི་གེ་རྣམ་གཞག་སྡེབ་སྒྲིག་གི་བྱེད་ནུས་ཕུན་སུམ་ཚོགས་པ་དེ་སྤྱད་ནས་པོ་ཁུག་ལེགས་བཅོས་བྱས་ཆོག 

6 ཡིག་ཆད་དང་ལས་སྒོའི་ཆ་འཕྲིན་སྦྲེལ་མཐུད་བྱེད་པ།  ཡིག་ཆའི་འཛིན་ཆས་གསར་པ་དང་གཞི་གྲངས་གྲོས་ཆིངས་སྤྱད་ནས་འགུལ་རྣམ་རིག་ལྡན་ཡིག་ཆ་གསར་འཛུགས་བྱས་ཆོག   ཡིག་ཆ་འདིའི་རིགས་རྒྱུད་ཁོངས་ཀྱི་སྟེགས་རྒྱབ་ཀྱི་སྣེ་ཞིག་ལ་མཐུད་ནས་རང་འགུལ་ངང་གསར་སྒྱུར་བྱེད།

7 ཡིག་ཆའི་བཅོས་འབེབས།   མཆན་རྒྱབ་ཡོད་པ་དང་གབ་ཡོད་པའི་ཡིག་རྐྱང་སུབ་པར་བྱེད་པ།  ཡིག་ཆའི་ཞིབ་བཤེར་ཆས་སྤྱད་ནས་མི་མཁོ་བའི་མཆན་དང་གབ་པའི་ཡིག་རྐྱང་།  རང་ཉིད་ཀྱི་ངོ་རྟགས་ཆ་འཕྲིན་སོགས་ཞིབ་བཤེར་དང་བསུབ་ནས་ཡིག་ཆ་ཁྱབ་བསྒྲགས་བྱེད་དུས་ཆ་འཕྲིན་དེ་དག་ཕྱི་བསྒྲགས་མི་བྱེད་པར་རམ་འདེགས་བྱེད། 

8 སྒེའུ་ཁུང་གསུམ་ཅན་གྱི་ཞིབ་ལྟ་ངོས་པར་སྤྱད་ནས་ཡིག་ཆ་ཞིབ་བསྡུར་དང་ཟླ་སྒྲིག་བྱེད་པ།   Office Word2007སྤྱད་ན་ཡིག་ཆ་བཟོ་བཅོས་བྱེད་པའི་གནས་སླ་མོར་འཚོལ་ནུས།  དེས་སྒེའུ་ཁུང་གསུམ་ཅན་གྱི་ཞིབ་ལྟའི་ངོས་པང་སྤྱད་ནས་ཡིག་ཆའི་པར་གཞི་མི་འདྲ་གཉིས་ཀ་ཞིབ་བསྡུར་བྱས་ནས་གསུབ་པ་དང་བར་འཇུག   སྤོ་འགུལ་བྱས་པའི་གནས་སོགས་གསལ་པོར་དགོད་པར་བྱ་ངེས།

9 ཡིག་ཆ་ཆུང་དུ་བཏང་ནས་དེའི་སོར་ཆུད་ནུས་པ་ཇེ་ཆེར་གཏོང་པ།  Ecma Office Open XMLརྣམ་གཞག་གསར་པས་ཡིག་ཆ་ཆུང་དུ་གཏོང་བ་མ་ཟད་ཡིག་ཆའི་སོར་ཆུད་ནུས་པའང་ཆེ་རུ་བཏང་བས།  རྣམ་གཞག་གསར་པ་འདིས་ཉར་ཆས་བར་སྟོང་དང་ཐགས་ཡང་གྲོན་ཆུང་བྱས་ཡོད། 


བརྡ་འགྲེལ་གདོང་འཛར།

མཉེན་ཆས། Office Word2007
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།