མཆོང་བརྒལ་རྒྱུག་འགྲན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཆོང་བརྒལ་རྒྱུག་འགྲན།
མཆོང་བརྒལ་རྒྱུག་འགྲན་ནི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་། འགྲན་བསྡུར་པས་རྒྱུག་ལམ་དུ་ཆེད་བཟོས་ཀྱི་འགོག་སྒྲོམ་འགའ་བརྒལ་དགོས་པ་དང་། དེ་ནི་དབྱིན་ཇི་ནས་བྱུང་བ་རེད། འདི་ནི་སྔོན་ལུག་རྫི་ཡིས་ལུག་ར་བརྒལ་བའི་རོལ་རྩེད་ལས་རིམ་འགྱུར་བྱུང་པ་ཞིག་ཡིན། མཆོང་བརྒལ་རྒྱུག་འགྲན་ཆེས་སྔ་མོར་བཀོལ་བའི་འགོག་སྒྲོམ་ནི་ས་ངོས་སུ་སྦས་པའི་ཤིང་གི་འགོག་སྒྲོམ་ཡིན་པ་དང་། སྤྱི་ལོ1900ལོར་སྤོ་འགུལ་བྱེད་ཐུབ་པའིTདབྱིབས་ཀྱི་འགོག་སྒྲོམ་ཡིན། སྤྱི་ལོ1935ལོར་མི་ཞིག་གིསTདབྱིབས་ཀྱི་འགོག་སྒྲོམ་དེLདབྱིབས་ཀྱི་འགོག་སྒྲོམ་དུ་བསྒྱུར་བ་དང་། Lདབྱིབས་ཀྱི་འགོག་སྒྲོམ་གྱི་རྐང་སྣེ་གཞན་ཞིག་ལུས་རྩལ་པ་རྣམས་ཀྱི་རྒྱུག་ཕྱོགས་སུ་ཡོད་པས། འགོག་ཤུགས་ཅུང་ཙམ་བསྣན་ན་མདུན་ཕྱོགས་སུ་འགྱེལ་བས་ལུས་རྩལ་པ་འགོག་སྒྲོམ་བརྒལ་སྐབས་ཀྱི་སྐྲག་སྣང་ཇེ་ཆུང་དུ་བཏང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
跨栏赛跑
དབྱིན་ཡིག་གི་མིང་།
hurdle race; hurdles
ཁྱབ་ཁོངས།
ལུས་རྩལ།
རིགས་གྲས།
མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྣམ་གྲངས།
1 ངོ་སྤྲོད།

ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ལ་སྐྱེས་པའི་སྨི110དང་སྨི400(སྤྱི་ལོ1896ལོར་བཅུག)ཅན་གྱི་མཆོང་བརྒལ་རྒྱུག་འགྲན་ཡོད་པ་དང་། བུད་མེད་ཀྱི་སྨི100ཅན་གྱི་མཆོང་བརྒལ་རྒྱུག་འགྲན(1932ལོར་བཅུག་པ་དང་། སྐབས་དེར་སྨི80ཅན་གྱི་མཆོང་བརྒལ་རྒྱུག་འགྲན་ཡིན་པ་དང་སྤྱི་ལོ1972ལོར་སྨི100ཅན་གྱི་མཆོང་བརྒལ་རྒྱུག་འགྲན་དུ་བསྒྱུར)དང་སྨི400(སྤྱི་ལོ1984ལོར་བཅུག)ཅན་གྱི་མཆོང་བརྒལ་རྒྱུག་འགྲན་ཡོད་པ་རེད། སྐྱེས་པའི་སྨི110ཅན་གྱི་འགོག་སྒྲོམ་གྱི་མཐོ་ཚད་ནི་ལི་སྨི106དང་སྨི400ཅན་གྱི་འགོག་སྒྲོམ་གྱི་མཐོ་ཚད་ནི་ལི་སྨི91.4ཡིན། བུད་མེད་ཀྱི་སྨི100ཅན་གྱི་འགོག་སྒྲོམ་གྱི་མཐོ་ཚད་ནི་ལི་སྨི84ཡིན་པ་དང་། སྨི400ཅན་གྱི་འགོག་སྒྲོམ་གྱི་མཐོ་ཚད་ནི་ལི་སྨི76.2ཡིན། འགྲན་བསྡུར་བྱེད་སྐབས་ལུས་རྩལ་པ་ངེས་པར་དུ་འགོག་སྒྲོམ10ལས་བརྒལ་དགོས་ཤིང་། བསམ་བཞིན་དུ་ལག་པས་འདེད་པའམ་ཡང་ན་རྐང་བས་འགོག་སྒྲོམ་ལ་རྡོག་པས་གཞུས་པ་ཕུད། ལུས་པོའི་ཆ་ཤས་གཞན་དག་ལ་གདོང་ཐུག་བརྒྱབ་པ་དེ་སྒྲིག་འགལ་དུ་མི་བརྩི་བ་ཡིན། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།