གནའ་བོའི་རོ་མའི་ཞིག་རོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་བོའི་རོ་མའི་ཞིག་རོ།
དེའང་རོ་མ་ནི་མཛེས་ཤིང་ལྟ་ན་སྡུག་པའི་བཟོ་སྐྲུན་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཡིན་པ་དང་ལྷག་པར་དུ་གཞི་ཁྱོན་ཆེ་ཞིང་གཟི་མདངས་བཀྲ་བའི་ཧྥན་ཏི་ཀང་ཧྲེང་པི་ཏེ་ཆོས་ཁང་ཆེ་མོ་དང་། ནམ་མཁའི་དབྱིངས་སུ་རེག་པའི་ལྷའི་ཕོ་ཉའི་མཁར་རྫོང་། བརྗིད་ཉམས་ལྡན་པའི་ཨའེ་མན་ཉིའུ་འར་སྐུ་ཐོག་གཉིས་པའི་རྐང་འཁོར་བཅིབས་རྟའི་དྲན་གསོའི་རྡོ་རིང་། ངོ་མཚར་ཆེ་བའི་སྨོན་ལམ་གྱི་ཆུ་གཏོར་ཆུ་མིག་བཅས་ནི་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བཟོ་སྐྲུན་སྒྱུ་རྩལ་ལས་འཛམ་བུའི་གླིང་དུ་སྐད་གྲགས་ཆོད་ཡོད། དེར་བརྟེན། ངའི་བསམ་པའི་འཆར་སྒོ་རུ་རོ་མ་ནི་ཧ་ཅང་མཛེས་ལ་འདུ་འཛི་ཆེ་བ་ཞིག་ཡིན་མོད། འོན་ཀྱང་རླངས་འཁོར་གྲོང་ཁུལ་དུ་སྐྱོད་སྐབས་རང་ཉིད་ཀྱི་མིག་ཟུང་གིས་མཐོང་བ་དག་ལ་ཡིད་ཆེས་གཏན་ནས་བྱེད་མ་ཕོད། ཚོན་མདངས་དང་སྐྱེ་སྟོབས་ཀྱི་དཔལ་མེད་པར་ཡོད་ཚད་ཞིག་རོར་གྱུར་ཡོད་ལ། ཁྲོམ་གཞུང་དང་ཁང་བ་རྙིང་པ་ཡིན་པ་དང་རོ་མ་ཧྲིལ་པོ་རྟེན་རྫས་བཤམས་མཛོད་ཁང་ནང་བཤམས་པའི་ལོ་རྒྱུས་ཀྱི་རིག་དངོས་ཤིག་དང་མཚུངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
古罗马废墟
ཁོངས་གཏོགས།
གནའ་བོའི་རོ་མ་བཙན་རྒྱལ་གྱི་ལྟེ་བ།
ས་གནས།
རི་དྭགས་འཐབ་ར།
1 ངོ་སྤྲོད་མདོར་བསྡུས།

དེའང་རོ་མ་ནི་མཛེས་ཤིང་ལྟ་ན་སྡུག་པའི་བཟོ་སྐྲུན་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཡིན་པ་དང་ལྷག་པར་དུ་གཞི་ཁྱོན་ཆེ་ཞིང་གཟི་མདངས་བཀྲ་བའི་ཧྥན་ཏི་ཀང་ཧྲེང་པི་ཏེ་ཆོས་ཁང་ཆེ་མོ་དང་། ནམ་མཁའི་དབྱིངས་སུ་རེག་པའི་ལྷའི་ཕོ་ཉའི་མཁར་རྫོང་། བརྗིད་ཉམས་ལྡན་པའི་ཨའེ་མན་ཉིའུ་འར་སྐུ་ཐོག་གཉིས་པའི་རྐང་འཁོར་བཅིབས་རྟའི་དྲན་གསོའི་རྡོ་རིང་། ངོ་མཚར་ཆེ་བའི་སྨོན་ལམ་གྱི་ཆུ་གཏོར་ཆུ་མིག་བཅས་ནི་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བཟོ་སྐྲུན་སྒྱུ་རྩལ་ལས་འཛམ་བུའི་གླིང་དུ་སྐད་གྲགས་ཆོད་ཡོད། དེར་བརྟེན། ངའི་བསམ་པའི་འཆར་སྒོ་རུ་རོ་མ་ནི་ཧ་ཅང་མཛེས་ལ་འདུ་འཛི་ཆེ་བ་ཞིག་ཡིན་མོད། འོན་ཀྱང་རླངས་འཁོར་གྲོང་ཁུལ་དུ་སྐྱོད་སྐབས་རང་ཉིད་ཀྱི་མིག་ཟུང་གིས་མཐོང་བ་དག་ལ་ཡིད་ཆེས་གཏན་ནས་བྱེད་མ་ཕོད། ཚོན་མདངས་དང་སྐྱེ་སྟོབས་ཀྱི་དཔལ་མེད་པར་ཡོད་ཚད་ཞིག་རོར་གྱུར་ཡོད་ལ། ཁྲོམ་གཞུང་དང་ཁང་བ་རྙིང་པ་ཡིན་པ་དང་རོ་མ་ཧྲིལ་པོ་རྟེན་རྫས་བཤམས་མཛོད་ཁང་ནང་བཤམས་པའི་ལོ་རྒྱུས་ཀྱི་རིག་དངོས་ཤིག་དང་མཚུངས། 

དབྱི་ཐ་ལིའི་གནའ་བོའི་རོ་མའི་ཞིག་རོ་ནི་རི་དྭགས་འཐབ་རའི་འགྲམ་དུ་གནས་པ་དང་། དེ་ནི་གནའ་བོའི་རོ་མ་བཙན་རྒྱལ་གྱི་ལྟེ་གནས་ཡིན་པ་དང་། ད་ཡོད་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་གནའ་བོའི་རོ་མའི་ཞིག་རོ་ཞིག་ཡིན་ཞིང་། དེར་ཕོ་བྲང་དང་བཟོ་སྐྲུན་གྱི་ཚོགས་གྲངས་མེད་ཡོད་ཀྱང་། ཉམས་རྒུད་དུ་གྱུར་པའི་རྫ་གཡམ་ཁོ་ན་ལས་ལུས་མེད། ཉེ་འགྲམ་དུ་ད་དུང་གོང་མ་ཅུན་ཧྲི་ཐན་ཏིང་གི་རྒྱལ་ཁའི་སྒོ་ཆེན་ཡོད་པ་དང་། ཕ་རི་སིའི་རྒྱལ་ཁའི་སྒོ་མོ་ཆེ་དེ་འདིར་འདྲ་བཟོ་བྱས་པ་དང་། དེའི་རྐོས་རིས་བཟོ་རྩལ་ཧ་ཅང་ཞིབ་ཚགས་རེད། 

2 མཛེས་ལྗོངས་ཁུལ།

གནའ་བོའི་རོ་མའི་ཞིག་རོ་དང་། མཐོ་ཞིང་ཀྲོང་ངེར་ལངས་པའི་ཏི་ཨའོ་སི་ཁུའུ་ལེ་ཧྲེན་ལྷ་ཁང་དུ་རྡོ་ཀ་མ་རུའི་ཀ་བ་གསུམ་དང་སྐྱ་ཐེར་ཐེར་གྱི་ལྷ་ཁང་གི་ཀ་རྟེན་གསུམ་ལས་ལྷག་མེད། ད་དུང་ས་ཐུར་ནོ་ནོང་ལྷ་ཁང་དང་། ཝེ་ན་སིའི་ལྷ་མོའི་ལྷ་ཁང་། ལུའོ་མོ་ལོ་ལྷ་ཁང་། ཁའེ་ས་ལྷ་ཁང་། ཞི་བདེའི་ལྷ་ཁང་བཅས་ཀྱང་རྡོའི་གདུང་མ་རེ་རེ་བཞིན་དང་། རྡོ་ཀ་མ་རུ་སྤུང་ནས་ཕར་ཡོར་ཚུར་ཡོར་ཚུར་ཡོར་གྱི་ཕ་བོང་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་སྐབས་དེའི་དར་རྒྱས་ཆེ་བའི་སྣང་ཚུལ་དེ་བསམ་ཚོད་བྱེད་ཁག་པོ་རེད།      ཤིན་ཏུ་བརྗིད་ཉམས་ལྡན་པའི་འཇོང་དབྱིབས་ཀྱི་བཟོ་བཀོད་དེ་ནི་གནའ་བོའི་རོ་མའི་རི་དྭགས་འཐབ་རའི་ཞིག་རོ་ཡིན། སྤྱི་ལོ72ལོར་བཟུང་དམག་ཁྲི4ལྷག་ཙམ་གྱིས་ལོ8ཀྱི་དུས་ཚོད་སྤྱད་ནས་བསྐྲུན་པའི་བཟོ་བཀོད་ཆེན་པོ་དེ་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད་མོད། འོན་ཀྱང་དེ་ནི་མིའི་རིགས་ཀྱི་བཟོ་སྐྲུན་ལོ་རྒྱུས་ཐོག་གི་ཕུལ་བྱུང་བརྩམས་ཆོས་ཡིན་པ་སྨྲ་མི་དགོས་པ་ཞིག་རེད། དེའི་དབྱིབས་ནི་དེ་རིང་གི་ལུས་རྩལ་ར་བ་དང་ཧ་ཅང་འདྲ་སྟེ། མཐོ་ཚད་ལ་སྨི50ཙམ་ཡོད་པའི་ཕྱིའི་གྱང་ནི་སོ་ཕག་གིས་བརྩིགས་པའི་རྡོ་ཀ་གཞུ་དབྱིབས་ཀྱི་བར་ཁྱམས་ཡིན་པ་དང་། མཐའ་འཁོར་དུ་འཇུག་སྒོ80ཡོད་ཅིང་། ནང་གི་སྐས་དབྱིབས་འདུག་སྟེགས་ཀྱིས་དུས་མཉམ་དུ་ལྟད་མོ་བ་ཁྲི5.5ཤོང་ཐུབ། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། གནས་སྐོར། གནའ་བོའི་རོ་མ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།