འཛིན་གྲྭའི་སློབ་ཁྲིད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཛིན་གྲྭའི་སློབ་ཁྲིད།
འཛིན་གྲྭའི་སློབ་ཁྲིད་ཞེས་པ་ནི་སློབ་མའི་ལོ་ན་དང་ཤེས་ཚད་ལ་གཞིགས་ཏེ་སོ་སོ་གཏན་ཁེལ་ཡོད་པའི་འཛིན་གྲྭ་ཁག་ལ་བགོས་ནས་སློབ་ཁྲིད་བྱེད་པའི་རྣམ་པ་ཞིག་་ཡིན་ཏེ། འཛིན་གྲྭ་གཅིག་གི་སློབ་མ་རྣམས་ནི། ལོ་ན་དང་ཤེས་ཚད་ཧ་ལམ་མཉམ་པ་དང་། མི་གྲངས་གཏན་ཁེལ་ཡིན་པ། དགེ་རྒན་གྱིས་དུས་ཚོད་གཏན་ཁེལ་གྱི་ནང་དུ་ཐུན་མོང་གི་སྒོ་ནས་འཛིན་གྲྭའི་སློབ་མ་ཀུན་ལ་ནང་དོན་འདྲ་བའི་སློབ་ཁྲིད་བྱེད་རྒྱུ་དེ་རེད། དེའི་ཕྱིར་འཛིན་གྲྭའི་སློབ་ཁྲིད་ཀྱི་རྣམ་པ་ལ་གཤམ་གསལ་གྱི་ཁྱད་ཆོས་འགའ་ཡོད།
གཞི་རྩའི་གནས་ཚུལ།

རིགས།
སློབ་གསོ་རིག་པ།
དམིགས་ཡུལ།
སློབ་ཁྲིད།
1 ཁྱད་ཆོས། 

གཅིག སློབ་མའི་ལོ་ན་དང་ཤེས་ཚད་ལ་གཞིགས་ནས་འཛིན་གྲྭ་ཁག་ལ་བགོ་བ་དང་མི་གྲངས་གཏན་ཁེལ་ཡིན། 

གཉིས། སློབ་ཁྲིད་ཀྱི་དུས་ཚོད་གཏན་ཁེལ་ཡོད་པ་དང་སློབ་ཚན་སོ་སོ་རེས་མོས་བྱས་ནས་སློབ་ཁྲིད་བྱེད་དགོས་ཤིང་སློབ་ཐུན་བར་ངལ་གསོའི་དུས་ཚོད་ངེས་ཅན་རེ་ཡོད་པ།

གསུམ། སློབ་ཚན་སོ་སོའི་ནང་དོན་སློབ་ཐུན་དུ་མར་བགོས་ཤིང་སློབ་ཐུན་རེ་རའི་ནང་དོན་དཀའ་སླ་ལྕི་ཚད་ཕལ་ཆེར་ཆ་སྙོམས་པོ་བྱས་ནས་སློབ་ཁྲིད་བྱེད་པ།

བཞི། འཛིན་གྲྭ་ཚང་མར་དགེ་རྒན་གཏན་ཁེལ་ཡོད་པ་དང་དེས་སློབ་སྟོན་འོག་འཛིན་གྲྭའི་སློབ་ཁྲིད་བྱེད་སྒོ་སྤེལ་བ་བཅས་སོ༎

དེང་སང་མི་འགའ་རེས་འཛིན་གྲྭའི་སློབ་ཁྲིད་ཀྱི་རྣམ་པ་ལ་ཁྱད་ཆོས་གསུམ་གྱི་ནང་དུ་བསྡུས་པའང་ཡོད་དེ། འཛིན་གྲྭ་དང་སློབ་ཐུན། དུས་ཚོད་བཅས་སོ༎

2 རིམ་འབྱེད་སློབ་ཁྲིད།

དེ་ནི་གཙོ་བོ་རིག་སྟོབས་ཚོད་ལེན་དང་སྦྱངས་འབྲས་ལ་བརྟེན་ནས་སློབ་མ་རྣམས་ཆུ་ཚད་མི་འདྲ་བའི་འཛིན་གྲྭའམ་ཚོ་ཆུང་ཁག་གི་དངོས་ཡོད་ཆུ་ཚད་ལ་གཞིགས་ནས་སློབ་ཁྲིད་བྱེད་རྒྱུའི་སློབ་ཁྲིད་རྣམ་པ་ཞིག་ཡིན།

3 ཚོ་ཆུང་མཉམ་ལས།

ཚོ་ཆུང་མཉམ་ལས་ཀྱིས་སློབ་སྦྱོང་བྱེད་པའི་རྣམ་པ། དེ་ནི་ཁྱད་ཆོས་མི་འདྲ་བའི་སློབ་མ་ཆ་ཤས་ཚོ་ཆུང་གཅིག་གི་ནང་དུ་བགོས་ཤིང་ཚོ་ཆུང་གཙོ་གཞིར་བྱེད་པ་སྟེ། ཚོ་ཆུང་གི་བྱེད་སྒོ་ཡིས་ནང་རྐྱེན་བྱེད་པ་དང་། ཚོ་ཆུང་གི་དམིགས་ཡུལ་འགྲུབ་མིན་གྱིས་ཚད་གཞིར་བྱེད་པ། ཚོ་ཆུང་གི་སྦྱངས་འབྲས་ལ་གཞིགས་ནས་གཟེངས་བསྟོད་བྱེད་པའི་སློབ་ཁྲིད་ཀྱི་རྣམ་པ་ཞིག་ཡིན།

4 སློབ་ཁྲིད་ཀྱི་རྣམ་པ།

དེ་ནི་འཛིན་གྲྭ་རེ་ལ་ཕལ་ཆེར་མི་གྲངས15ནས25བར་བཀོད་སྒྲིག་བྱས་ཤིང་། དགེ་རྒན་གཅིག་གིས་འཛིན་གྲྭའི་སློབ་ཚན་ཆ་ཚང་འགན་ལེན་བྱས་ནས་སློབ་ཁྲིད་བྱེད་རྒྱུའི་རྣམ་པ་ཞིག་ཡིན།

བརྡ་འགྲེལ་གདོང་འཛར།

འཛིན་གྲྭ། སློབ་ཁྲིད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-30

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།