ཐང་ཧྲན་ས་ཡོམ་རྗེས་ཤུལ་གྱི་དྲན་གསོའི་སྤྱི་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐང་ཧྲན་ས་ཡོམ་རྗེས་ཤུལ་གྱི་དྲན་གསོའི་སྤྱི་གླིང་།
ཐང་ཧྲན་ས་ཡོམ་རྗེས་ཤུལ་གྱི་དྲན་གསོའི་སྤྱི་གླིང་དེ་སྤྱི་ལོ2008ལོའི་ཟླ4པར་བསྐྲུན་འགོ་བཙུགས་པ་དང་སྤྱི་ལོ2008ལོའི་ཟླ7པར་འཛུགས་སྐྲུན་བྱས་ཚར་ནས་ཕྱི་ཕྱོགས་ལ་སྒོ་ཕྱེ། དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི40ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར6བཏང་ཡོད་ཅིང་། འཛམ་གླིང་ཐོག་གི“དྲན་གསོའི”བརྗོད་དོན་གཙོ་བོར་བྱས་པའི་ས་ཡོམ་རྗེས་ཤུལ་སྤྱི་གླིང་ཐོག་མ་དེ་རེད། སྤྱི་ལོ2011ལོའི་ཟླ6པར་སྤྱི་གླིང་དེ“རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་ཕུལ་བྱུང་མཛེས་ལྗོངས་ཁུལ”གྱི་མིང་ཐོའི་ནང་བཅུག་པ་དང་། སྤྱི་ལོ2011ལོའི་ཟླ7པར་ཀྲུང་གོ་ས་ཡོམ་ཅུས་ཀྱིས“རྒྱལ་ཁབ་ཀྱི་ཡོམ་འགོག་གེགས་སེལ་གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་དཔེ་སྟོན་རྟེན་གཞིའི”མཚན་སྙན་སྤྲད་པ་རེད། སྤྱི་ལོ2016ལོའི་ཟླ12པའི་ཚེས30ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་ཕུལ་བྱུང་མཛེས་ལྗོངས་ཁུལ་གྱི་མིང་གཞུང》ཁྱབ་བསྒྲགས་བྱས་པ་དང་ཕན་ཅ་ཡུས་ཀྱི་སྐྱོ་གནས་དྲན་གསོ་ཁང་བདམས་ཐོན་བྱུང་བ་རེད། སྤྱི་ལོ2018ལོའི་ཟླ10པའི་ཚེས11ཉིན“རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞིའི”མིང་ཐོའི་ནང་ཚུད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
唐山地震遗址公园
གཞི་ཁྱོན།
སྨི་གྲུ་བཞི་མ་ཁྲི40
ས་གནས།
ཧུ་པེ་ཐང་ཧྲན།
སྤྱིའི་མ་དངུལ།
དུང་ཕྱུར6
1 ​ངོ་སྤྲོད་མདོར་བསྡུས།  

ཐང་ཧྲན་ས་ཡོམ་རྗེས་ཤུལ་གྱི་དྲན་གསོའི་སྤྱི་གླིང་དེ་སྤྱི་ལོ2008ལོའི་ཟླ4པར་བསྐྲུན་འགོ་བཙུགས་པ་དང་སྤྱི་ལོ2008ལོའི་ཟླ7པར་འཛུགས་སྐྲུན་བྱས་ཚར་ནས་ཕྱི་ཕྱོགས་ལ་སྒོ་ཕྱེ། དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི40ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར6བཏང་ཡོད་ཅིང་། འཛམ་གླིང་ཐོག་གི“དྲན་གསོའི”བརྗོད་དོན་གཙོ་བོར་བྱས་པའི་ས་ཡོམ་རྗེས་ཤུལ་སྤྱི་གླིང་ཐོག་མ་དེ་རེད།

སྤྱི་ལོ2011ལོའི་ཟླ6པར་སྤྱི་གླིང་དེ“རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་ཕུལ་བྱུང་མཛེས་ལྗོངས་ཁུལ”གྱི་མིང་ཐོའི་ནང་བཅུག་པ་དང་། སྤྱི་ལོ2011ལོའི་ཟླ7པར་ཀྲུང་གོ་ས་ཡོམ་ཅུས་ཀྱིས“རྒྱལ་ཁབ་ཀྱི་ཡོམ་འགོག་གེགས་སེལ་གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་དཔེ་སྟོན་རྟེན་གཞིའི”མཚན་སྙན་སྤྲད་པ་རེད། སྤྱི་ལོ2016ལོའི་ཟླ12པའི་ཚེས30ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་ཕུལ་བྱུང་མཛེས་ལྗོངས་ཁུལ་གྱི་མིང་གཞུང》ཁྱབ་བསྒྲགས་བྱས་པ་དང་ཕན་ཅ་ཡུས་ཀྱི་སྐྱོ་གནས་དྲན་གསོ་ཁང་བདམས་ཐོན་བྱུང་བ་རེད། སྤྱི་ལོ2018ལོའི་ཟླ10པའི་ཚེས11ཉིན“རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞིའི”མིང་ཐོའི་ནང་ཚུད་པ་རེད། 

2 ས་ཡོམ་རྗེས་ཤུལ།

ཐང་ཧྲན་འཕྲུལ་འཁོར་བཟོ་གྲྭའི་ངར་ལྕགས་བཟོ་ཁང་དེ་སྤྱི་ལོ1959ལོར་བསྐྲུན་པ་དང་ད་ཆ་ཉར་ཚགས་བྱས་པའི་རྗེས་ཤུལ་ནི་ལྷོ་བྱང་ཕྱོགས་སུ་སྐྱོད་པའི་བཟོ་ཁང3པ་ཡིན་ཞིང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ9072ཡོད། ས་ཡོམ་བྱུང་སྐབས་བཟོ་ཁང་དེ་གཞི་ཆེའི་ས་ཡོམ་ཁྲོད་གནས་པ་དང་བཀད་ཚད་ཏུའུ11ཡིན་པ་དང་། བཟོ་ཁང3ལས་བརྒལ་བའི་དཀྱིལ་གྱི་འཁྱོག་ཀ་དང་འཁྱོག་པ་ཕུད་པའི་མཐའ་འཁོར་གྱི་གྱང་ཚང་མ་རྡིབ་པ་དང་ཁང་སྒྲོམ་ས་ལ་ལྷུང་ཡོད། 

3 མཛེས་ལྗོངས་གཙོ་བོ།

ས་ཡོམ་རྟེན་རྫས་བཤམས་སྟོན་དྲན་གསོ་ཁང་།

དྲན་གསོའི་འགྲེམས་སྟོན་ཁང་དེ་རྟེན་རྫས་བཤམས་སྟོན་ཁང་གི་ས་འོག་ཏུ་ཆགས་ཡོད་ཅིང་། འདྲ་པར500ཙམ་དང་དངོས་པོ300ལྷག སྔར་ཡོད་རྣམ་པའི་མཛེས་ལྗོངས་ཚོགས་ཆུང4བཅས་འགྲེམས་སྟོན་བྱས་ཡོད། གཙོ་བོ་ཐང་ཧྲན་ས་ཡོམ་ཆེན་པོས་བཟོས་པའི་གོད་ཆག་ཆེན་པོ་དང་དེ་བཞིན་ས་ཡོམ་བྱུང་རྗེས་ཀྱི་ཐང་ཧྲན་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འགོ་ཁྲིད་འོག ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ལ་བརྟེན་ནས་ཡོམ་འགོག་གེགས་སེལ་དང་ཁྱིམ་གཞིས་བསྐྱར་སྐྲུན་གྱི་རླབས་ཆེའི་བྱ་སྤྱོད་མངོན་པར་བྱས་ཡོད།  

ས་ཡོམ་རྟེན་རྫས་བཤམས་སྟོན་ཁང་ཚན་རིག་ཁྱབ་གདལ་འགྲེམས་སྟོན་ཁང་།

ཚན་རིག་ཁྱབ་གདལ་འགྲེམས་ཁང་གི་ས་ངོས་དང་ས་འོག་གི་ཐོག་བརྩེགས་ཁག་ནི་དྲན་གསོའི་འགྲེམས་ཁང་ལ་བརྟེན་པ་དང་། ཚན་རྩལ་འགྲེམས་ཁང་གི་འགྲེམས་སྟོན་བྱེད་སྟངས་ལ་བརྟེན་ནས་གནའ་དེང་རྒྱལ་ཁབ་ཕྱི་ནང་གི་ས་ཡོམ་སྣང་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་དང་ས་ཡོམ་ཤེས་བྱ་ཁྱབ་གདལ་དྲིལ་བསྒྲགས་བྱས་ཏེ། ས་ཡོམ་རིག་ཚན་གྱི་སྤྱི་ཡོངས་གཟུགས་བརྙན་མཚོན་པའི་བརྗོད་དོན་གཙོ་བོའི་རང་བཞིན་གྱི་ཆེད་ལས་ཚན་རིག་ཁྱབ་གདལ་ཁང་ཞིག་ཡིན་པ་དང་། དེའི་འགྲེམས་སྟོན་བྱེད་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ6500ཟིན་ཞིང་། ས་ཡོམ་ཚན་རིག་འགྲེམས་ཁང་དང་ས་ཡོམ་བྱེད་སྒོའི་ལྟ་ཞིབ་ཚད་ལེན་འགྲེམས་ཁང་། ས་ཡོམ་གནོད་འཚེ་སྔོན་འགོག་འགྲེམས་ཁང་། ས་ཡོམ་འཕྲལ་སྡོམ་རོགས་སྐྱོབ་འགྲེམས་ཁང་། 4Dའགུལ་ཚོར་གློག་བརྙན་ཁང་། ས་ཡོམ་ལད་ཟློས་བརྙན་ཡོལ་གྱི་ལངས་གཟུགས་གློག་བརྙན་ཁང་། གནོད་འགོག་ཉམས་ལེན་སློབ་ཁང་སོགས་སུ་དབྱེ་ཡོད། མི་རྣམས་ཀྱིས་དེ་གར་ས་ཡོམ་གྱི་སྟོབས་ཤུགས་ཆེན་པོ་དངོས་སུ་ཚོར་ཐུབ་པར་མ་ཟད། ཉེན་གཡོལ་དང་རང་སྐྱོབ་ཀྱི་འབྲེལ་ཡོད་ཤེས་བྱ་ཤེས་རྟོགས་ཐུབ་པ་དང་། རང་བྱུང་གནོད་འཚེ་སྣ་ཚོགས་ལ་ཁ་གཏད་པའི་གསོ་སྦྱོང་སློབ་གསོ་དང་ལེན་བྱས་ཆོག 

དྲན་གསོའི་ནགས་ཚལ།

དྲན་གསོའི་གྱང་གི་བྱང་ངོས་ཀྱི་རྒྱབ་ཕྱོགས་སུ་སྨི་གྲུ་བཞི་ཁྲི14ཟིན་པའི་དྲན་གསོའི་ནགས་ཚལ་ཞིག་ཡོད། སྡོང་ཕྲུག་སྣ་ཚོགས་རྐང་ཁྲི3ལྷག་ཙམ་བཙུགས་ནས་གཙོ་བོ་སྡོང་པོའི་ཐོག་ནས་ཚེ་སྲོག་དང་དྲན་གསོའི་དོན་སྙིང་མཚོན་པ་མ་ཟད། རང་བྱུང་ལ་བཀུར་ཞིང་སྐྲག་པ་དང་ཚེ་སྲོག་ལ་གཅེས་སྐྱོང་བྱེད་པ་མཚོན་གྱིན་ཡོད།

དྲན་གསོའི་ཆུ་རྫིང་།

ཐང་ཆེན་གྱི་མདུན་ཕྱོགས་སུ་ཆུ་རྫིང་ཡོད་པ་དང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི3ཡོད་པ་རེད། ལྕགས་ལམ་ཀྱག་ཀྱོག་གིས་ས་ཡོམ་དྲག་པོ་བྱུང་ནས་ལྕགས་ལམ་ཡར་བཀྱགས་པ་མཚོན་ཡོད།

དྲན་གསོའི་གྱང་།

ཐང་ཆེན་གྱི་གཡོན་ངོས་ནི་ས་ཡོམ་དྲན་གསོའི་གྱང་ཡིན་པ་དང་ཚན་ཆུང་ལྔ་ཡི་ངོས13གྱི་གྱང་ལས་གྲུབ་པ་དང་། རིང་ཚད་ལ་སྨི493ཡོད་ཅིང་ངོས་རེར་མཐོ་ཚད་སྨི7.28ཡོད་པ་དེས་ཟླ7པའི་ཚེས28ཉིན་མཚོན་གྱིན་ཡོད། དྲན་གསོའི་གྱང་གི་སྣེ་གཅིག་ཏུ་སྐབས་དེའི་ས་ཡོམ་གྱི་ཡིད་སྐྱོ་ཞིང་ཤི་རྨས་ཐེབས་པའི་རྣམ་པར་དྲན་གསོ་བྱས་ཡོད།

དྲན་གསོའི་ཐང་ཆེན།

དྲན་གསོའི་ཐང་ཆེན་གྱི་ས་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི3ཟིན་པ་དང་། ས་ངོས་དེ་རྡོ་ཀ་མ་རུ་ལས་གྲུབ་ཅིང་མི་ཁྲི་ལྷག་གིས་འདུ་འཛོམས་ཀྱི་བྱེད་སྒོ་གལ་ཆེན་སྤེལ་ཆོག་པས། སྤྱི་གླིང་ནང་དུ་མི་རྣམས་ཀྱིས་རང་གི་འདས་སོང་བའི་གཉེན་ཉེ་ཚོར་དྲན་གསོ་ཞུ་བའི་གནས་གལ་ཆེན་ཞིག་རེད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།