རིས་དབྱིབས་སྒྲིག་གཅོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིས་དབྱིབས་སྒྲིག་གཅོད།
སྟོན་འགྲེམས་ཟིན་བྲིས་བཟོ་བའི་དམིགས་ཡུལ་ནི་མི་གཞན་ལ་རང་གི་ལྟ་བ་ངོ་སྤྲོད་བྱེད་པ་དང་། བསམ་བློ་དྲིལ་བསྒྲགས། ཕུལ་བྱུང་ཐོན་རྫས་འོས་སྦྱོར་བྱེད་པ་སོགས་ཡིན། གལ་སྲིད་སྟོན་འགྲེམས་ཟིན་བྲིས་ནང་དུ་ཡི་གེ་ཁོ་ན་མིན་པར་ཕུན་སུམ་ཚོགས་པའི་རིས་དབྱིབས་དང་མཉམ་དུ་སྡེབ་སྒྲིག་བྱས་ཚེ་སྟོན་འགྲེམས་ཟིན་བྲིས་ཀྱི་མཐོང་འབྲས་ཧ་ཅང་ལེགས་པོ་ཡོང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
图形剪切
རིགས།
PPT
1 ​སྒྲོན་བརྙན་ནང་དུ་པར་རིས་བར་འཇུག་བྱ་ཚུལ།

སྟོན་འགྲེམས་ཟིན་བྲིས་ནང་དུ་པར་རིས་ནང་འཇུག་བྱ་ཚེ། བརྗོད་གཞི་དང་མཚོན་བྱའི་བསམ་བློ་རྒྱས་བཤད་བྱེད་ཐུབ་ཀྱང་ནང་འཇུག་བྱས་པའི་པར་རིས་དང་བརྗོད་གཞི་མཐུན་མིན་ལ་བསམ་བློ་ཡག་པོ་གཏོང་དགོས།  

2 དྲས་སྦྱར་རི་མོ་བར་འཇུག 

PowerPoint2007གྱི་དྲས་སྦྱར་རི་མོའི་མཛོད་ལ་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ལ། པར་རིས་ཚང་མ་ཆེད་ལས་ཇུས་འགོད་བྱས་པ་ཞིག་ཡིན།  དེ་ཚོས་བརྗོད་གཞི་མི་འདྲ་བ་མཚོན་ཐུབ་ལ་ཁྱད་ཆོས་མི་འདྲ་བའི་སྟོན་འགྲེམས་ཟིན་བྲིས་བཟོ་བར་ཡང་སྤྱོད་ཐུབ། 

དྲས་སྦྱོར་རི་མོ་བར་འཇུག་བྱེད་སྐབས་བྱང་བུ“བར་འཇུག” གི“པར་རིས་བར་འཇུག”ཚོའི་ནང་གི་མཐེབ་གནོན“དྲས་སྦྱོར་རི་མོ”ལ་ཆིག་རྡེབ་བྱས་ཚེ་གཤམ་གསལ་གྱི་དཔེ་རིས་ལྟར་ལས་འགན་སྒེའུ་ཁུང“དྲས་སྦྱར་རི་མོ”དྲས་སྦྱར་རི་མོཁ་ཕྱེ་བ་ཡིན། 

Microsoft Officeདྲས་སྦྱར་རི་མོའི་མཛོད་ནང་དུ་ཧ་ཅང་ཕུན་སུམ་ཚོགས་པའི་ནང་དོན་ཡོད་ལ།  དྲ་རྒྱའི་གནས་ས“hppt://offine.microsoft.com/clipart’default.aspx”ལ་ལྟ་སྤྱོད་བྱས་ཏེ།  དེ་ལས་མང་བའི་དྲས་སྦྱར་རི་མོ་སྐུད་ཐོག་ནས་ཕབ་ལེན་བྱེད་ཐུབ།

.png


ལས་འགན་སྒེའུ་ཁུང“དྲས་སྦྱར་རི་མོ”ཡི་ཡིག་སྒྲོམ“པར་རིས་བཤེར་འཚོལ”རུ་དྲས་སྦྱར་རི་མོའི་མིང་ནང་འཇུག་བྱས་ཏེ།  མཐེབ་གནོན“འཚོལ”ལ་ཆིག་རྡེབ་བྱས་ཚེ།  དེ་དང་མཐུན་པའི་དྲས་སྦྱར་རི་མོ་འཚོལ་ཐུབ་པ་ཡིན།  མར་འཐེན་རེའུ་སྒྲོམ“བཤེར་འཚོལ་རྒྱ་ཁྱོན”དང“མཇུག་འབྲས་རིགས་གྲས”ཀྱི་དམིགས་འཛུགས་བྱས་པའི་རྒྱ་ཁྱོན་ནང་དུ་དམིགས་འཛུགས་བྱས་པའི་སྨྱན་གཟུགས་ཡིག་ཆའི་རིགས་འཚོལ་ཐུབ།

དྲས་སྦྱོར་རི་མོ་འཚོལ་བའི་སྐབས་སུ་རྟགས་བེད་སྤྱད་ཆོག་པ་དང་།    ཡིག་རྟགས“*”འདིས་ཡིག་ཆའི་མིང་ནང་གི་ཡིག་རྟགས་མང་ཉུང་གང་རུང་མཚོན་ཐུབ་པ་དང་།  ཡིག་རྟགས“?”འདིས་མིང་ནང་གི་ཡིག་རྟགས་རྐྱང་བ་གང་རུང་མཚོན་ཐུབ་པ་ཡིན། བཙལ་རྗེས་མཇུག་འབྲས་སྔོན་ལྟའི་རེའུ་ཐོའི་ནང་དུ་བར་འཇུག་བྱེད་ཆོག་པའི་དྲས་སྦྱར་རི་མོ་སྒྲིག་པས།  དེའི་ནང་གི་པར་རིས་གང་རུང་ཞིག་ལ་ཆིག་རྡེབ་བྱས་ཚེ་སྒྲོན་བརྙན་ནང་དུ་བར་འཇུག་བྱེད་པ་ཡིན། 

2_1 སྒྲོན་བརྙན་ནང་དུ་དྲས་སྦྱར་རི་མོ་བར་འཇུག་བྱེད་ཚུལ་གཤམ་གསལ་ལྟར་ཡིན།

(1)PowerPoint 2007འགོ་བསླང་ནས།  སྔོན་ལ་བཟོས་པའི་སྟོན་འགྲེམས་ཟིན་བྲིས“རྩིས་འཁོར་ཤེས་བྱ”ཞེས་པ་ཁ་ཕྱེ་བ།

(2)སྒྲོན་བརྙན་སྔོན་ལྟའི་སྒེའུ་ཁུང་ནང་ནས་སྒྲོན་བརྙན་ཨང་དང་པོའི་བསྡུས་རིས་བདམས་ཏེ།  སྒྲོན་བརྙན་རྩོམ་སྒྲིག་ཆས་སྒེའུ་ཁུང་ནང་དུ་མངོན་པར་བྱེད་པ།

(3)བྱེད་ནུས་ཁུལ་ནང་གི་བྱང་བུ“བར་འཇུག” གི“པར་རིས་བར་འཇུག” ཚོའི་ནང་ནས་མཐེབ་གནོན“དྲས་སྦྱར་རི་མོ”ལ་ཆིག་རྡེབ་བྱས་ཏེ།  ལས་འགན་སྒེའུ་ཁུང“དྲས་སྦྱར་རི་མོ”ཁ་ཕྱེ་བ། 

(4)ཡིག་སྒྲོམ“ཡི་གེ་བཤེར་འཚོལ”ཡི་ནང་དུ་ཡི་གེ“རྩིས་འཁོར”ཞེས་པ་ནང་འཇུག་བྱས་ཏེ།   མཐེབ་གནོན“བཤེར་འཚོལ”ལ་ཆིག་རྡེབ་བྱས་ཚེ།  རྩིས་འཁོར་ད་འབྲེལ་བ་ཡོད་པའི་དྲས་སྦྱར་རི་མོ་སྔོན་ལྟའི་རེའུ་ཐོའི་ནང་དུ་མངོན་པ་ཡིན། 

(5)མཐར་མཐེབ་གནོནOfficeལ་ཆིག་རྡེབ་བྱས་ནས།  ཐོན་པའི་གདམ་བྱང་ནས་བཀའ་བརྡ“ཉར་ཚགས”བདམས་ནས་བཅོས་ཟིན་པའི་སྟོན་འགྲེམས་ཟིན་བྲིས་ཉར་ཚགས་བྱེད་པ།  


བརྡ་འགྲེལ་གདོང་འཛར།

PPT དྲས་སྦྱར། སྒྲོན་བརྙན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།