རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྲིད་གཞུང་གི་ཚན་ཧྲི་བྱ་བའི་གཙོ་གཉེར་ལས་ཁུངས་ཡིན་ལ། སྲིད་གཞུང་གིས་ཇུས་ཐག་གཅོད་པའི་རིག་སྟོབས་ཀྱི་རྒྱབ་སྐྱོར་ལས་ཁུངས་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国务院参事室
གཞུང་ཕྱོགས་དྲ་ཚིགས།
http://www.counsellor.gov.cn/
ལས་ཁུངས་ངོ་སྤྲོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས།
1 ​ངོ་སྤྲོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྲིད་གཞུང་གི་ཚན་ཧྲི་བྱ་བའི་གཙོ་གཉེར་ལས་ཁུངས་ཡིན་ལ། སྲིད་གཞུང་གིས་ཇུས་ཐག་གཅོད་པའི་རིག་སྟོབས་ཀྱི་རྒྱབ་སྐྱོར་ལས་ཁུངས་ཀྱང་ཡིན། 

2 སྒྲིག་གཞི་ངོ་སྤྲོད།      

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཡིན་པ་དང་། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་རྣམས་ཀྱིས་དངོས་སུ་གྲོས་འགོ་བཏོན་འོག་སྤྱི་ལོ1949ལོའི་ཟླ11པར་བཙུགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་ལ་བློ་འདྲིའི་རང་བཞིན་གྱི་ཁྱད་ཆོས་ལྡན་པ་སྟེ་བརྟག་དཔྱད་ཞིབ་འཇུག་དང་། ཐབས་འདོན་ཇུས་འདོན། རྒྱལ་དོན་བློ་འདྲི་བཅས་ཡིན།      

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་གདན་ཞུས་ལས་བསྐོས་བྱ་བ་ལ་བརྗོད། རྒྱལ་ཁབ་བཙུགས་པ་ནས་བཟུང་སྔ་རྗེས་སུ་ཚན་ཧྲི191ཡོད་པ་དང་ད་ལྟ་ཚན་ཧྲི41ཡོད་པ་རེད། ཁོང་ཚོ་མང་ཆེ་བ་ནི་དམངས་གཙོའི་ཏང་ཤོག་གི་ཁོངས་མི་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་དྲག་ཡིན་ལ། ཀྲུང་གུང་གི་རིགས་གཅིག་མཁས་པ་དང་། མཁས་དབང་། སྤྱི་བབ་ནས་དོ་དམ་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པའི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱང་ཡོད། ལས་དོན་ནང་ཞུགས་མཁན་ཚོ་ཤེས་རྒྱ་ཆེ་བ། མི་ཚེའི་ཉམས་མྱོང་ཕུན་སུམ་ཚོགས་པ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེ་བ་བཅས་ཡིན། ཁོང་ཚོས་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་། དོན་དངོས་དང་མཐུན་ཞིང་དྲང་གཞག་གི་སྒོ་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་གོང་ལ་ཞུ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་ལ་ཐད་ཀར་བསམ་འཆར་དང་གྲོས་འགོ་འདོན་པ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ཡོད། སྲིད་གཞུང་གི་བྱ་བའི་ལམ་ལུགས་ནི་མི་དམངས་ཀྱིས་བཅའ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ཐབས་ལམ་དང་རྣམ་པ་ཞིག་ཡིན།      

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་ཧྲི་ཁང་བཙུགས་པ་ཕུད། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་དང་ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་མང་པོ་ལའང་སྲིད་གཞུང་གི་ཚན་ཧྲི་ཁང་བཙུགས་ཡོད། སྤྱི་ལོ2014ལོར་རྒྱལ་ཡོངས་སུ་ཚན་ཧྲི900ལྷག་ཙམ་ཡོད་པ་རེད།     ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་གཉིས་མཉམ་འབྲེལ་གྱིས་གཞུང་ལས་བྱེད་པ་ཞིག་ཡིན། རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་ནི་བློ་མཐུན་མའོ་ཙེ་ཏུང་སྐུ་ངོ་མས་གྲོས་འགོ་བཏོན་ནས་བཙུགས་པ་ཞིག་ཡིན་པ་དང་། དེ་ནི་རིག་གནས་དང་ལོ་རྒྱུས་ཞིབ་འཇུག་ཁང་ཡིན་ཞིང་། དེའི་དམིགས་ཡུལ་ནི་རྒན་བཀུར་ཡིག་བཀུར་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དེ་ཡིན། གཞུང་ཚབ་ཁང་གི་འགོ་འཛིན་དང་གཞུང་ཚབ་ཁང་གི་ཁོངས་མི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་གདན་ཞུས་ལས་བསྐོ་བྱ་རྒྱུ་དང་། ཏང་ཕྱིའི་མི་སྣ་གཙོ་བོར་འཛིན་པ། ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་འགོ་ཁྲིད་དང་འགོ་ཁྲིད་མི་སྣ་ལ་ཧྥུ་ཏིང་དབྱི་དང་། ཀྲང་ཧྲི་ཀྲའོ། ལིའུ་ཡ་ཙི། ཡེ་ཀུང་ཁྲུའུ། ཆི་པའེ་ཧྲི། ཞུས་སེན་ཡུས། ཁྲེན་དབྱིན་ཅི། ཧྲེན་དབྱི་མའོ། ཞེ་ཝུའུ་ཝུའུ། ཀྲུའུ་ཆི་ཧྥང་། ཡེ་ཧྲེང་ཐའོ། ཀྲང་ཨའེ་ཧྲུའེ། ཀྲང་པོ་ཅུས། ཞའོ་ཆན། ཆི་ཀུང་། ཀྲུའུ་ཅ་ཡུས་སོགས་ཡོད། ད་ལྟའི་གཞུང་ཚབ་ཁང་གི་འགོ་འཛིན་ནི་པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་སྟེ་ཡོན་རྒྱལ་རབས་ཀྱི་དགེ་རྒན་ཆེ་མོ་བ་ཞིག་ཡིན་པ་དང་། ད་ལྟ་གཞུང་ཚབ་ཁང་ལ་མི་སྣ44ཡོད་པ་རེད། ཚན་ཧྲི་ཁང་དང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གཉིས་ནི་ཀྲུང་གུང་ཏང་ཙུའུ་གཅིག་གི་ཁོངས་སུ་གཏོགས།      ཚན་ཧྲི་ཁང་བཙུགས་པའི་ས་གནས་སྲིད་གཞུང་མང་ཆེ་བར་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་བཙུགས་ཡོད། ས་གནས་ཀྱི་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་འཛིན་དང་གཞུང་ཚབ་ཁང་གི་འགོ་འཛིན་ནི་ས་གནས་སྲིད་གཞུང་གི་འགོ་འཛིན་གྱིས་གདན་ཞུས་ལས་བསྐོ་བྱེད་པ་ཡིན། 

3 ལས་ཁུངས་ཀྱི་འགན་འཁྲི།      

གཅིག སྲིད་གཞུང་གི་ལས་དོན་དང་དེ་བཞིན་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་སྐོར་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་གྲོས་འགོ་འདོན་པ་དང་།      

གཉིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོ་འགོད་བྱས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གལ་ཆེན་དང་དེ་བཞིན་ཡིག་ཆའི་མ་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་དང་གྲོས་འགོ་འདོན་རྒྱུའི་སྒྲིག་འཛུགས་བྱེད་པ།      

གསུམ། སྤྱི་ཚོགས་ལས་རིགས་ཁག་དང་འབྲེལ་བ་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་སྙན་སེང་བྱེད་པ།      

བཞི། ཞིང་ཆེན་ཁག་གི་ཚན་ཧྲི་ཁང་ལ་ལས་སྒོའི་མཛུབ་ཁྲིད་བྱེད་འགན་འཁུར་བ།      རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་གདན་ཞུས་ལས་བསྐོས་བྱེད་པ། ཁོང་ཚོ་ནི་ཀུན་སྤྱོད་ལྡན་པ་དང་། ཡོན་ཏན་ཡོད་པ། རེ་བ་ཡོད་པ་བཅས་ཀྱི་ཤེས་ལྡན་པ་ཡིན་པ་དང་དེའི་ནང་མི་མི་ཉུང་བ་ཞིག་ནི་ཀྲུང་གོའི་དམངས་གཙོའི་ཏང་ཤོག་ཁག་གི་མི་སྣ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། དེ་བཞིན་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་རེད། སྲིད་ཞུགས་སྲིད་གཞུང་གི་ལས་དོན་ནང་ཞུགས་པའི་གཞི་རྩའི་འགན་འཁྲི་ནི། སྲིད་ཞུགས་སྲིད་མོལ་དང་། ཐབས་འདོན་ཇུས་འབུལ། རྒྱལ་དོན་བློ་འདྲི་བཅས་ཡིན། སྲིད་གཞུང་གི་ཚན་ཧྲི་ཡིས་ཏང་ཤོག་གང་ཞིག་གི་ཚབ་མི་བྱེད་པ་དང་སྡེ་ཚན་གྱི་ཁེ་ཕན་གྱི་ཚབ་མི་བྱེད་པ་དང“ཐད་སྐྱོད་མེ་འཁོར”གྱི་རྣམ་པའི་ཐོག་ནས་ཐད་ཀར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་གཞན་དག་ལ་གནས་ཚུལ་ཞུས་ནས་བསམ་འཆར་དང་གྲོས་འགོ་བཏོན་ཡོད།      སྲིད་གཞུང་གི་ཚན་ཧྲིའི་ལས་ཀའི་ལམ་ལུགས་ཀྱིས་ཀྲུང་གོ་གསར་པའི་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་ཐོན་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་དང་གྲགས་ཅན་མི་སྣ་མང་པོས་སྲིད་གཞུང་གི་ཚན་ཧྲི་ལས་གནས་ཐོག་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 

སྤྱི་ལོ2014ལོར་ཀྲུང་གོ་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན། ས་ཁོངས་དཔལ་འབྱོར་འཕེལ་རྒྱས། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། ཁོར་ཡུག་སྲུང་སྐྱོང་། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་གསར་སྤེལ་བེད་སྤྱོད། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས། སྤྱི་ཚོགས་འགན་ལེན། གློ་བུར་དུ་ཐོན་པའི་སྤྱི་པའི་དོན་རྐྱེན་འཕྲལ་སྡོམ་དོ་དམ་སོགས་ཀྱི་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཚང་མས་བསམ་འཆར་དང་གྲོས་འགོ་བཏོན་པ་དང་འབྲེལ་ཀྲུང་གོ་སྲིད་གཞུང་གི་ཐབས་ཇུས་ནང་བཅུག་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་དུང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་ལ་བཟོ་བཅོས་བརྒྱབས་པ་དང་ཆབས་ཅིག་བཟོ་བཅོས་རྒྱག་པའི་ལས་དོན་ནང་ཡང་ཞུགས་ཡོད་པ་རེད།      

ཀྲུང་གོའི་སྲིད་གཞུང་གིས་ཀྱང་བྱ་བཞག་ཁག་ལ་སེམས་ཁུར་དང་མཐོང་ཆེན་བྱེད་ཀྱིན་ཡོད་པ་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཡིས་ལོ་ལྟར་སྐུ་ངོ་མའམ་ཡང་ན་ཙུང་ལི་གཞོན་པར་མངགས་བཅོལ་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་དང་བཞུགས་མོལ་གནང་ནས་ཚན་ཧྲི་ཡི་བརྟག་ཞིབ་ཕྱོགས་ཡོངས་ནས་གསན་པ་དང་། ཙུང་ལི་དང་། ཙུང་ལི་གཞོན་པ། རྒྱལ་སྲིད་ཨུ་ཡོན་བཅས་ཀྱིས་ད་དུང་རྟག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཁང་ལ་ཐད་ཀར་བརྟག་ཞིབ་ལས་འགན་བསྒྲུབ་རྒྱུར་རྩིས་སྤྲོད་བྱས་ཡོད།      ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་རིམ་པའི་སྲིད་གཞུང་དང་ཞིང་ཆེན་ཐད་སྐྱོང་གྲོང་ཁྱེར་གྱི་སྲིད་གཞུང་མང་ཆེ་བར་ཚན་ཧྲི་ཁང་བཙུགས་ཡོད། དེ་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚན་ཧྲི་ཁང་གི་འགན་ནུས་དང་འདྲ་མཚུངས་ཡིན་པ་དང་དེའི་ཚན་ཧྲི་ནི་ཧྲེང་ཀྲང་ངམ་ཡང་ན་ཧྲི་ཀྲང་གིས་གདན་ཞུས་ལས་བསྐོས་བྱས་ཏེ་ཞིང་ཆེན་རིམ་པའི་སྲིད་གཞུང་ངམ་ཡང་ན་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་སྲིད་གཞུང་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་པ་དེ་རེད།      ལོ་ངོ50ལྷག་ཙམ་རིང་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད་ཀྲུང་གོའི་སྲིད་གཞུང་གི་སྲིད་ཞུགས་ལས་དོན་དེ་སྲིད་གཞུང་གི་རིག་སྟོབས་རྒྱབ་སྐྱོར་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་པ་དང་། སྲིད་གཞུང་གིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཤེས་རྟོགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་པ། སྲིད་གཞུང་གིས་འགོ་ཁྲིད་བྱེད་པའི་བསམ་བློའི་བང་མཛོད་ཅིག་ཏུ་གྱུར་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་དང་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པར་ཇུས་ཐག་གཅོད་པར་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། 

4 ལས་ཁུངས་འཛུགས་པ།     

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚན་ཧྲི་ཁང་གི་སི་རིམ་པའི་སྒྲིག་གཞི5སྟེ། གཞུང་ལས་ཁང་དང་། ཚན་ཧྲི་ལས་སྒོ་སི། རིག་གནས་དང་ལོ་རྒྱུས་ལས་སྒོ་སི། ཕྱོགས་བསྡུས་ལས་སྒོ་སི། ལས་ཁུངས་ཏང་ཨུ་བཅས་ཡིན།      

5 གཞུང་ལས་ཁང་།      

གཞུང་ལས་ཁང་ནི་ཕྱོགས་བསྡུས་སྡེ་ཚན་ཡིན་ཞིང་། དེ་ནི་ཚན་ཁག་དང་ཚན་ཁག་གི་འགོ་ཁྲིད་ལ་གཞོགས་འདེགས་བྱས་ནས་རྒྱུན་གཏན་གྱི་ལས་དོན་ཐག་གཅོད་བྱེད་པ་དང་། ལས་ཁུངས་ཀྱི་ལས་དོན་ཁག་མཐུན་སྦྱོར་བྱེད་པ། ལས་ཁུངས་ཀྱི་རྒྱུན་གཏན་འཁོར་སྐྱོད་འགན་ལེན་བྱེད་པ། ཚོགས་དོན་དང་། ནོར་དོན་གྱི་འཆར་གཞི་དང་དོ་དམ་བྱེད་འགན་འཁུར་རྒྱུ། གཞུང་དབང་རྒྱུ་ནོར་དོ་དམ་བྱེད་འགན་འཁུར། 

6 ཚན་ཧྲི་ལས་གཉེར་སི།     

ཚན་ཧྲི་ལས་སྒོ་སི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་འགན་སྒྲུབ་འགན་འཁྲི་སྒྲུབ་པར་ཞབས་འདེགས་ཞུ་བའི་ལས་སྒོའི་སྒྲིག་གཞི་གཙོ་བོ་ཞིག་ཡིན། དེའི་འགན་འཁྲི་གཙོ་བོ་ནི་སྲིད་ཞུགས་སྲིད་གྲོས་དང་། ཐབས་འདོན་ཇུས་འབུལ། རྒྱལ་དོན་བློ་འདྲི་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་ཞབས་འདེགས་ཞུ་རྒྱུ་དེ་རེད། བརྟག་དཔྱད་ཞིབ་འཇུག་གི་འཆར་གཞི་དང་བརྗོད་གཞི་འདེམས་པའི་གྲོས་འགོ་འདོན་འགན་འཁུར་བ། དོན་སྒྲུབ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གི་སྒྲིག་འཛུགས་ཞབས་ཞུ། གྲུབ་འབྲས་ལེགས་སྒྲིག ས་གནས་ཀྱི་ཚན་ཧྲི་ཁང་གི་ལས་སྒོ་སྤེལ་རེས་དང་མཉམ་ལས་བྱེད་འགན་འཁུར་བ།      

7 རིག་གནས་ལོ་རྒྱུས་བྱེད་སྒོ་སི།     

རིག་གནས་ལོ་རྒྱུས་ལས་སྒོའི་སི་ནི་གཞུང་ཚབ་ཁང་གི་ལས་མིར་འགན་འཁྲི་སྒྲུབ་པར་ཞབས་འདེགས་ཞུ་བའི་ལས་སྒོའི་སྒྲིག་གཞི་གཙོ་བོ་ཞིག་ཡིན། གཞུང་ཚབ་ཁང་གི་ལས་མིར་འབྲེལ་གཏུག་དང་ཞབས་ཞུའི་ལས་ཀ་དང་། དེ་བཞིན་གཞུང་ཚབ་ཁང་གི་ལས་དོན་བྱེད་སྒོ་བཅས་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་འགན་འཁུར་རྒྱུ། གཞུང་ཚབ་ཁང་གི་ལས་མིས་རིག་གནས་དང་ལོ་རྒྱུས་ཞིབ་འཇུག་དང་སྒྱུ་རྩལ་གསར་རྩོམ་གྱི་བྱེད་སྒོ་སྤེལ་བར་ཞབས་འདེགས་ཞུ་འགན་འཁུར་རྒྱུ། གཞུང་ཚབ་ཁང་གི་མི་སྣས་སྲིད་ཞུགས་སྲིད་མོལ་དང་ཐབས་འདོན་ཇུས་འདོན་བྱེད་པར་ཞབས་ཞུ་འདོན་སྤྲོད་བྱེད་འགན་འཁུར་བ། ས་གནས་ཀྱི་རིག་གནས་ལོ་རྒྱུས་ཁང་དང་ལས་སྒོ་སྤེལ་རེས་དང་མཉམ་ལས་བྱ་རྒྱུའི་འགན་འཁུར་དགོས།     

8 ཕྱོགས་བསྡུས་བྱེད་སྒོ་སི།     

ཕྱོགས་བསྡུས་ལས་སྒོ་སི་ནི་ཕྱི་ཕྱོགས་མཉམ་ལས་སྤེལ་རེས་དང་གསར་འགྱུར་དྲིལ་བསྒྲགས་སོགས་ཀྱི་ཐད་ལས་དོན་ནང་ཞུགས་མཁན་དང་གཞུང་ཚབ་ཁང་གི་མི་སྣས་འགན་འཁྲི་སྒྲུབ་པར་ཞབས་འདེགས་ཞུ་བའི་ལས་སྒོའི་སྒྲིག་གཞི་ཞིག་ཡིན་པ་རེད། ཁོང་ནི་སྒྲིག་འཛུགས་བྱས་ནས་ཕྱི་རྒྱལ་སྲིད་གཞུང་གི་བློ་འདྲིའི་སྒྲིག་གཞི་དང་སྤེལ་རེས་དང་མཉམ་ལས་ནང་ཞུགས་པ་དང་། གཞུང་ཚབ་ཁང་གི་ཁོངས་མི་སྒྲིག་འཛུགས་བྱས་ནས་ཕྱི་ཕྱོགས་རིག་གནས་ནང་ཞུགས་པ། ནང་ཁུལ། ཕྱི་ཕྱོགས་བཅས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་འགན་འཁུར་བ།      

9 ལས་ཁུངས་ཏང་ཨུ།     

ཚན་ཧྲི་ཁང་གི་ལས་ཁུངས་དང་པེ་ཅིང་དུ་ཡོད་པའི་ཐད་གཏོགས་ལས་ཁུངས་ཀྱི་ཏང་དང་མང་ཚོགས་ཀྱི་ལས་ཀའི་འགན་འཁུར་བ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-08

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།