སྨི5000ཡི་རྒྱུག་འགྲན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨི5000ཡི་རྒྱུག་འགྲན།
སྨི5000ཡི་རྒྱག་འགྲན་ནི་རིང་རྒྱུག་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་པ་དང་སྙུགས་ཤུགས་ཀྱི་བླང་བྱ་ཅུང་ནན་པོ་ཡོད། འཐབ་རྩལ་བཀོལ་སྤྱོད་བྱེད་པ་ཡིས་རྒྱུན་ལྡན་གྱི་ནུས་པ་འདོན་ཐུབ་མིན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། གལ་ཏེ་འཐབ་རྩལ་བཀོལ་སྤྱོད་བྱས་པ་འོས་འཚམ་མིན་ན། ལུས་པོར་གནོད་པ་ངེས་ཅན་ཞིག་ཐེབས་སྲིད། སྤྱིར་བཏང་དུ་བཤད་ན། ལུས་རྩལ་པས་འགྲན་བསྡུར་མ་བྱས་གོང་དུ་སྔོན་སྦྱོང་ལུས་རྩལ་བྱེད་དགོས་པ་དང་། འགྲན་བསྡུར་བྱེད་སྐབས་དབུགས་ཀྱི་འབྱིན་རྔུབ་ལེགས་སྒྲིག་བྱེད་པར་དོ་སྣང་བྱེད་དགོས་ལ། སྤྱིར་བཏང་དུ་གོམ་པ་བཞི་ལ་དབུགས་ཐེངས་གཅིག་གཏོང་དགོས་པ་དང་། འགྲན་བསྡུར་མཇུག་འགྲིལ་རྗེས་སྔོན་ལ་ལྷོད་གཡེང་གི་འགུལ་སྐྱོད་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
5000米跑
ལུས་རྩལ་རིག་གྲས།
རིང་རྒྱུག་རྣམ་གྲངས།
1 ​ངོ་སྤྲོད་མདོར་བསྡུས།

རྒྱུགས་འགོ་བརྩམས་མ་ཐག་པའི་སྐབས་སུ་ཤུགས་འདོན་དགོས་པ་དང་། ཚོགས་པ་དང་པོར་ཅུང་ཕན་པ་ཡོད་པའི་གོ་གནས་ཤིག་བཟུང་པ་དང་། ལམ་བར་དུ་རྒྱུགས་པའི་གོ་རིམ་ཁྲོད་རྣམ་པ་ལེགས་སྒྲིག་བྱས་ཏེ་མདུན་གྱི་མི་ལས་བརྒལ་བ་དང་། སྤྱིར་བཏང་དུ་རྗེས་འདེད་ཀྱི་ཐབས་ཇུས་སྤྱོད་འོས། སྨི150-300ཡོད་པའི་སྐབས་སུ་དབུགས་གཏོང་ལེན་ལེགས་སྒྲིག་དང་ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བྱེད་དགོས། ལུས་རྩལ་པ་མི་འདྲ་བར་མཚོན་ན་རང་ཉིད་ཀྱི་གནས་ཚུལ་དང་སྦྱོང་བརྡར་གྱི་ཁྱད་ཆོས་ལ་གཞིགས་ནས་མི་འདྲ་བ་ལོས་ཡིན།

2 འགྲན་བསྡུར་གྱི་སྒྲིག་སྲོལ།
2_1 སྨི5000ཡི་རིང་རྒྱུག

ཐིག་ལམ་དབྱེ་བའི་འགྲན་བསྡུར་གྱི་རྣམ་གྲངས་སམ་ཡང་ན་ཆ་ཤས་ཁྲོད་འགྲན་ཞུགས་པས་གཏན་འཁེལ་བྱས་པའི་འགྲན་ལམ་ལས་བརྒལ་མི་ཆོག དེ་ལྟར་མིན་ཚེ་ཐོབ་ཐང་མེད་པར་བཟོ་སྲིད། རྣམ་གྲངས་གང་རུང་གི་ཁྲོད་དུ། གལ་ཏེ་བརྡུངས་པ་དང་། གློ་བུར་དུ་འཇུག་པའམ་ཡང་ན་འགྲན་ཞུགས་མཁན་གཞན་ལ་བཀག་འགོག་བྱས་ན་ཡང་ཐོབ་ཐང་མེད་པར་བཟོ་ངེས། དེ་ལས་ལྡོག་ནས་བཤད་ན། འགྲན་བསྡུར་ནང་ཞུགས་མཁན་སུ་འདྲ་ཞིག་ཡིན་རུང་གཏན་འཁེལ་བྱས་པའི་འགྲན་ལམ་དང་བྲལ་ཚེ། དོན་དངོས་ཀྱི་ཁེ་ཕན་མ་ཐོབ་ཚེ་འགྲན་ཞུགས་ཐོབ་ཐང་མེད་པར་བཟོ་མི་དགོས། གནས་ཚུལ་དེ་དང་འདྲ་བར། འགྲན་ཞུགས་པ་སུ་འདྲ་ཞིག་ཡིན་རུང་དྲང་ལམ་ནས་བརྒལ་བའམ་ཡང་ན་འཁྱོག་ལམ་ནས་བརྒལ་ཏེ་རྒྱུག་ལམ་གྱི་ཕྱི་ཟུར་ནས་བརྒལ་ན། ཕན་པ་མེད་པ་དང་མི་གཞན་ལ་འགོག་རྐྱེན་བཟོས་མེད་ན་སྒྲིག་འགལ་དུ་མི་བརྩི།

2_2 གཏེན་འབེབས།

1.འགྲན་བསྡུར་ལ་ཞུགས་པའི་ལུས་རྩལ་པས་ངེས་པར་དུ་ཨང་རྟགས་འདོགས་དགོས། དེ་མིན་འགྲན་བསྡུར་ལ་ཞུགས་མི་ཆོག

2.རྒྱུག་འགྲན་རྣམ་གྲངས་ཀྱི་ལུས་རྩལ་པ་ངེས་པར་དུ་རྒྱུག་ལམ་ལྡོག་འཁོར་ཕྱོགས་སུ་བརྒྱུག་དགོས།

3.རྒྱུག་འགྲན་ལུས་རྩལ་པས་མི་གཞན་ལ་བཙིར་རྡུང་དང་བཀག་འགོག་བྱས་ཏེ་རྒྱུག་ན་འགྲན་བསྡུར་དེའི་ཐོབ་ཐང་མེད་པར་བཟོ་དགོས།

4.གལ་ཏེ་ལུས་རྩལ་པ་ཞིག་རྒྱུག་འགྲན་ཞིག་ལ་ཞུགས་པ་དང་། མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་གཅིག་ལའང་ཞུགས་པའམ། ཡང་ན་རྣམ་གྲངས་གཅིག་ཡན་གྱི་མཆོང་རྒྱུག་འཕེན་གསུམ་ལ་ཞུགས་ཡོད་པ། རྣམ་གྲངས་འདི་དག་དུས་མཉམ་དུ་འགྲན་བསྡུར་བྱེད་སྐབས། འབྲེལ་ཡོད་ཤན་འབྱེད་པ་གཙོ་བོས་ལུས་རྩལ་པར་ཚོད་མཆོང་ཐེངས་གཅིག་བྱེད་དུ་འཇུག་དགོས་པ་དང་། ཕྱིར་ཡོང་རྗེས་ཤོར་ཟིན་པའི་ཚོད་མཆོང་གོ་རིམ་ཚང་མ་ཁ་གསབ་མི་བྱེད།

5.ཨང་རིམ་འདྲ་མཚུངས་ཡིན་སྐབས་མིང་རིམ་གཏན་འཁེལ་བྱེད་པའི་ཐབས་ཤེས། རྒྱུག་འགྲན་གྱི་རྣམ་གྲངས་ཁྲོད། ལུས་རྩལ་པ་མཐའ་སྣེ་ལ་སླེབས་པའི་གོ་རིམ་ནི་ལུས་རྩལ་པའི་ལུས་གཞུང་གི་ཆ་ཤས་གང་ཞིག་མཐའ་ཐིག་ཏུ་སླེབས་པའི་དྲང་འཕྱང་ངོས་ཀྱི་སྔ་གཞུག་ཏུ་བརྩི་བ་ཡིན། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་གྱི་གྲུབ་འབྲས་ནི་མི་སྒེར་གྱི་ཆེས་མཐོ་བའི་གྲུབ་འབྲས་ཡིན་ལ། སྔོན་འགྲན་དང་། བསྐྱར་འགྲན་བཅས་ཀྱི་གྲུབ་འབྲས་ཀྱིས་ཆེས་མཐའ་མཇུག་གི་ཨང་རིམ་ཐག་གཅོད་མི་བྱེད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལུས་རྩལ། རིང་རྒྱུག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།