མཆོང་འཕེན་འགྲན་བསྡུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཆོང་འཕེན་འགྲན་བསྡུར།
མཆོང་འཕེན་འགྲན་བསྡུར་ནི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་རིགས་ཤིག་ཡིན་པ་དང་། དེ་ནི་མཆོང་རྒྱུག་འཕེན་གསུམ་གྱི་གཏན་འཁེལ་བྱས་པའི་ས་ཁོངས་ནང་མཆོང་ལྡིང་དང་འཕེན་པའི་རྣམ་གྲངས་འགྲན་བསྡུར་གྱི་སྤྱི་མིང་ཡིན་ཞིང་། མཆོང་བ་དང་འཕེན་པའི་རྣམས་གྲངས་གཉིས་སུ་དབྱེ་ཡོད། དེའི་ནང་མཆོང་བའི་རྣམ་གྲངས་ལ་མཐོ་མཆོང་དང་། རྒྱང་མཆོང་། གོམ་གསུམ་རྒྱང་མཆོང་། དབྱུག་བཀན་མཐོ་མཆོང་སོགས་ཡོད་པ་དང་། འཕེན་པའི་རྣམ་གྲངས་ལ་ཞན་གོང་དང་། ལྕགས་ལེབ། འཕང་མདུང་། ཕྲེང་གྲུག་སོགས་ཡོད། མཐོ་ཚད་དམ་བར་ཐག་ལ་བརྟེན་ནས་གྲུབ་འབྲས་བརྩི་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
田赛
རྣམ་གྲངས།
མཆོང་འཕེན།
འཛམ་གླིང་གི་རྩ་འཛུགས།
རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས། (IAAF)
1 ​ངོ་སྤྲོད་མདོར་བསྡུས།

མཆོང་འཕེན་འགྲན་བསྡུར་ནི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་རིགས་ཤིག་ཡིན་པ་དང་། དེ་ནི་མཆོང་རྒྱུག་འཕེན་གསུམ་གྱི་གཏན་འཁེལ་བྱས་པའི་ས་ཁོངས་ནང་མཆོང་ལྡིང་དང་འཕེན་པའི་རྣམ་གྲངས་འགྲན་བསྡུར་གྱི་སྤྱི་མིང་ཡིན་ཞིང་། མཆོང་བ་དང་འཕེན་པའི་རྣམས་གྲངས་གཉིས་སུ་དབྱེ་ཡོད། དེའི་ནང་མཆོང་བའི་རྣམ་གྲངས་ལ་མཐོ་མཆོང་དང་། རྒྱང་མཆོང་། གོམ་གསུམ་རྒྱང་མཆོང་། དབྱུག་བཀན་མཐོ་མཆོང་སོགས་ཡོད་པ་དང་། འཕེན་པའི་རྣམ་གྲངས་ལ་ཞན་གོང་དང་། ལྕགས་ལེབ། འཕང་མདུང་། ཕྲེང་གྲུག་སོགས་ཡོད། མཐོ་ཚད་དམ་བར་ཐག་ལ་བརྟེན་ནས་གྲུབ་འབྲས་བརྩི་བ་ཡིན། མཆོང་འཕེན་འགྲན་བསྡུར་གྱི་འགྲན་བསྡུར་ཁག་ནང་། གལ་ཏེ་འགྲན་བསྡུར་ནང་ཞུགས་མཁན་མི་གྲངས་མང་དྲགས་ན། སྔོན་ལ་ཚད་ལོན་པའི་འགྲན་བསྡུར་བྱས་ཆོག ཚད་གཞི་ལོན་པའི་ལུས་རྩལ་པ་རྣམས་འགྲན་བསྡུར་དངོས་ལ་ཞུགས་ཆོག རིང་ཚད་ཀྱི་རྣམ་གྲངས(འཕེན་པ་དང་རྒྱང་མཆོང་བྱེད་པ)དངོས་སུ་འགྲན་བསྡུར་བྱེད་མཁན་མི8ལས་བརྒལ་སྐབས་མི་རེས་སྔོན་ལ་ཚོད་ལྟ་ཐེངས3བྱས་ནས་མི8བདམས་པ་དང་། མི་རེས་སླར་ཡང་ཚོད་ལྟ་ཐེངས3བྱས་ནས་ཐེངས6ནང་གི་གྲུབ་འབྲས་ཡག་ཤོས་དེ་འགྲན་བསྡུར་གྱི་གྲུབ་འབྲས་ལ་བརྩིས་ནས་ཨང་རིམ་གཏན་འཁེལ་བྱེད་པ་ཡིན། མཐོ་ཚད་ཀྱི་རྣམ་གྲངས(མཐོ་མཆོང)འགྲན་བསྡུར་བྱེད་སྐབས། ཤན་འབྱེད་པ་ཡིས་ཐོག་མར་མཆོང་འགོ་རྩོམ་པའི་མཐོ་ཚད་དང་འཕྲེད་རྒྱུག་གི་འཕར་ཚད་འཆར་གཞི་ཁྱབ་བསྒྲགས་བྱེད་པ་དང་། མཐོ་མཆོང་ལུས་རྩལ་པ་ཚང་མས་མཆོང་ཐེངས་གསུམ་ལ་ཚོད་ལྟ་བྱས་ཆོག ལུས་རྩལ་པས་མཆོང་འགོ་རྩོམ་པའི་མཐོ་ཚད(གཏན་འབེབས་བྱས་པའི་མཐོ་ཚད་ལས་མི་དམའ་བ)བདམས་ཆོག་ལ། མཐོ་ཚད་གང་རུང་ཞིག་ལ་མི་མཆོང་པའི་རེ་བ་བཏོན་ཆོག མཆོང་ལྡིང་ཚོད་ལྟ་བྱེད་སྐབས་བསྟུད་མར་ཐེངས་གསུམ་ལ་ཕམ་ཁ་བྱུང་ན་མུ་མཐུད་དུ་འགྲན་བསྡུར་བྱེད་མི་ཆོག། ཚོད་ལྟའི་མཆོང་ལྡིང་གི་ཆེས་མཐོའི་གྲུབ་འབྲས་ནི་རང་ཉིད་ཀྱི་འགྲན་བསྡུར་གྱི་གྲུབ་འབྲས་ཡིན་པ་དང་། དེ་ལ་བརྟེན་ནས་ཨང་རིམ་སྒྲིག་པ་ཡིན། མཆོང་འཕེན་རྣམ་གྲངས་ཡོད་ཚད་ལ་ལུས་རྩལ་པས་ངེས་པར་དུ་གཏན་འཁེལ་བྱས་པའི་དུས་ཚོད་ནང་ཚོད་འཕེན་ནམ་ཚོད་མཆོང་ལེགས་འགྲུབ་བྱེད་དགོས། དེ་དང་འགལ་ན་ཕམ་ཁ་ཐེངས་ཤིག་ལ་བརྩི་དགོས། གལ་ཏེ་ད་དུང་རྒྱུ་རྐྱེན་མེད་པར་འགོར་འགྱངས་བྱས་ན། མུ་མཐུད་དུ་འགྲན་བསྡུར་བྱེད་མི་ཆོག

2 འབྱུང་ཁུངས།

མཆོང་རྒྱུག་འཕེན་གསུམ་ལུས་རྩལ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་རིམ་བཞིན་བྱུང་བ་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན། གནའ་བོའི་དུས་སུ། མི་རྣམས་འཚོ་གནས་ཀྱི་ཆེད་དུ་རང་བྱུང་ཁམས་དང་རི་དྭགས་དང་འཐབ་རྩོད་བྱེད་དགོས་ཤིང་། རྒྱུན་དུ་གཡང་གཟར་དང་། འདམ་རྫབ་ཐང་། ཆུ་ཕྲན་འཕྲེད་དུ་བརྒལ་བ་སོགས་ཀྱི་འགུལ་སྐྱོད་བྱེད་ཀྱི་ཡོད། དབྱུག་པ་དང་རྔོན་རྒྱག་ཡོ་བྱད་སྣ་ཚོགས་བཟོ་བ་ཡིན། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ། མི་རྣམས་ཀྱིས་རྒྱུན་ཆད་མེད་པར་འགུལ་སྟངས་འདི་དག་བསྐྱར་ཟློས་དང་ལེགས་བཅོས་བྱས་ཏེ། རིམ་གྱིས་འགྲོ་བ་དང་། རྒྱུགས་པ། མཆོང་བ། འཕེན་པ་སོགས་འཚོ་བའི་ངལ་རྩོལ་སྣ་ཚོགས་ཀྱི་ནུས་རྩལ་གྲུབ་པ་མ་ཟད། ནུས་རྩལ་འདི་དག་མི་རབས་ནས་མི་རབས་ལ་བརྒྱུད་སྤྲོད་བྱས། གནའ་དུས་སུ་འགྲོ་བ། རྒྱུགས་པ། མཆོང་བ། འཕེན་སྟངས་སོགས་ཀྱི་སྦྱོང་བརྡར་ལ་བརྟེན་ནས་དམག་མི་གདམ་གསེས་དང་སྦྱོང་བརྡར་བྱེད་ཀྱི་ཡོད། གནའ་རབས་ཀྱི་མི་རྣམས་ཀྱིས་ཐོག་མར་རང་འགུལ་ལམ་ཡང་ན་རྩ་འཛུགས་དང་སྒྲིག་སྲོལ་ངེས་ཅན་ཡོད་པའི་སྒོ་ནས་རྒྱུགས་པ་དང་། མཆོང་བ། འཕེན་པ་བཅས་ཀྱི་འགྲན་བསྡུར་བྱེད་ཀྱི་ཡོད་པ་དང་། བྱེད་སྒོ་དེ་དག་ལས་རིམ་བཞིན་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་ཕྲུ་གུ་བྱུང་བ་རེད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་བྱུང་བ་དང་། བཟོ་ལས་དང་ཞིང་ལས་ཀྱི་ཐོན་སྐྱེད་དང་ཚན་རིག་ལག་རྩལ་གྱི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། མཆོང་རྒྱུག་འཕེན་གསུམ་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་དང་། འགྲན་བསྡུར་གྱི་ཆ་རྐྱེན། འགྲན་བསྡུར་གྱི་བྱེད་ཐབས་བཅས་ཀྱང་རིམ་གྱིས་ལེགས་བཅོས་བྱས་ཏེ། དེང་རབས་ཀྱི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་དུ་གྱུར།

3 རྣམ་གྲངས་ཀྱི་ནང་དོན།

མཆོང་འཕེན་འགྲན་བསྡུར་གྱི་རྣམ་གྲངས་ནི་མཆོང་ལྡིང་དང་འཕེན་པའི་ཁག་གཉིས་སུ་དབྱེ་ཆོག

མཆོང་བའི་རྣམ་གྲངས་ལ་མཐོ་མཆོང་དང་། རྒྱང་མཆོང་། གོམ་གསུམ་རྒྱང་མཆོང་། དབྱུག་བཀན་མཐོ་མཆོང་སོགས་ཡོད།

འཕེན་པའི་རྣམ་གྲངས་ལ་ཞན་གོང་དང་། ལྕགས་ལེབ། འཕང་མདུང་། ཕྲེང་གྲུག་སོགས་ཡོད།


4 ཨོ་རྩལ་འགྲན་ཚོགས།

སྤྱི་ལོ2004ལོར་སྐབས་བརྒྱད་པའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས46ཡོད་པའི་ནང་སྐྱེས་པའི་རྣམ་གྲངས24དང་བུད་མེད་ཀྱི་རྣམས་གྲངས22ཡོད།

5 འཛམ་གླིང་གི་རྩ་འཛུགས།

རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས། (IAAF)

6 འགྲན་བསྡུར་གལ་ཆེན།

ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས།

འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར།

གསེར་གྱི་མཆོང་རྒྱུག་འཕེན་གསུམ་གྱི་མཉམ་འབྲེལ་འགྲན་བསྡུར། 


བརྡ་འགྲེལ་གདོང་འཛར།

ལུས་རྩལ་འགྲན་བསྡུར། མཆོང་འཕེན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།