ས་གནས་སྲིད་འཛིན་ལས་ཁུངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་གནས་སྲིད་འཛིན་ལས་ཁུངས།
ས་གནས་སྲིད་འཛིན་ལས་ཁུངས་ལ་སྤྱིར་བཏང་ཚད་རིམ་གསུམ་དུ་དབྱེ་ཡོད་པ་སྟེ། ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་དང་། རྫོང་དང་། རྫོང་རིམ་པའི་གྲོང་ཁྱེར། གྲོང་ཁྱེར་ཁོངས་གཏོགས་ས་ཁུལ་གྱི་མི་དམངས་སྲིད་གཞུང་། ཡུལ་ཚོ་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་སོགས་ཡོད། ལག་ལེན་ཁྲོད་རང་རྒྱལ་གྱི་ས་གནས་མང་པོ་ཞིག་ཏུ་ཞིང་ཆེན་རིམ་པའི་ས་གནས་སྲིད་འཛིན་ལས་ཁུངས་དང་རྫོང་རིམ་པའི་ས་གནས་སྲིད་འཛིན་ལས་ཁུངས་བར་ད་དུང་རིམ་པ་དང་པོའི་མི་དམངས་སྲིད་གཞུང་སྟེ། གྲོང་ཁྱེར(ཁོངས་གཏོགས་ས་ཁུལ་དང་རྫོང་གི་གྲོང་ཁྱེར)མི་དམངས་སྲིད་གཞུང་ཡོད་ལ། ས་གནས་དེ་དག་གི་སྲིད་འཛིན་ལས་ཁུངས་ནི་ཚད་རིམ་བཞི་པ་ཡིན་པ་ལས་ཚད་རིམ་གསུམ་པ་མིན། ས་གནས་སྲིད་འཛིན་ལས་ཁུངས་ཞེས་པ་ནི་བྱེད་སྒོའི་ཁྱབ་ཁོངས་སུ་སྲིད་འཛིན་ས་ཁོངས་ཀྱི་ཁྱབ་ཁོངས་ངེས་ཅན་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ལས་ཁུངས་ལ་ཟེར། དཔེར་ན། རང་རྒྱལ་གྱི་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འཇར་པན་གྱི་རིམ་པ་སོ་སོའི་ས་གནས་རང་སྐྱོང་སྒྲིག་གཞི་ལྟ་བུ་ཡིན། ས་གནས་སྲིད་འཛིན་ལས་ཁུངས་ཀྱི་འགན་དབང་སྤྱོད་པར་ཚོད་འཛིན་རིགས་གཉིས་ཐེབས་ཡོད་དེ། གཅིག་ནི་དེའི་བདག་སྐྱོང་བྱེད་ཁོངས་ཀྱི་ཚོད་འཛིན་ཐེབས་པས་དེས་སྲིད་འཛིན་ས་ཁོངས་དེ་གའི་ཁྱབ་ཁོངས་ནང་འགན་དབང་སྤྱོད་དགོས་པ་དང་། གཉིས་ནི་ཀྲུང་དབྱང་སྲིད་འཛིན་ལས་ཁུངས་ཀྱིས་ཚོད་འཛིན་བྱས་ཏེ། ས་གནས་ལ་དབང་བའི་འགན་དབང་ཁོ་ན་སྤྱོད་པ་ལས། རྒྱལ་ཡོངས་རང་བཞིན་གྱི་འགན་དབང་ལག་བསྟར་བྱེད་དབང་མེད། དཔེར་ན་རྒྱལ་སྲུང་དང་ཕྱི་འབྲེལ་གྱི་དབང་ཆ་ལྟ་བུའོ།། དུས་མཚུངས་སུ་ས་གནས་སྲིད་འཛིན་ལས་ཁུངས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་སྲོལ་དང་བཀའ་རྒྱ། ཀྲུང་དབྱང་སྲིད་འཛིན་ལས་ཁུངས་ཀྱི་ཁྲིམས་སྲོལ་དང་བཀའ་རྒྱ་ལ་རྒྱབ་འགལ་བྱས་མི་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
地方行政机关
ཚད་རིམ།
སྤྱིར་བཏང་དུ་ཚད་རིམ་གསུམ་དུ་དབྱེ་ཡོད།
1 ཚད་རིམ།

ས་གནས་ཀྱི་སྲིད་འཛིན་ལས་ཁུངས་ལ་སྤྱིར་བཏང་ཚད་རིམ་གསུམ་དུ་དབྱེ་ཡོད་པ་སྟེ། ཚད་རིམ་དང་པོ་ནི་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་ཡིན།

རིམ་པ་གཉིས་པ་ནི་རྫོང་དང་། རྫོང་རིམ་པའི་གྲོང་ཁྱེར། གྲོང་ཁྱེར་གྱི་ཐད་གཏོགས་ས་ཁུལ་བཅས་ཀྱི་མི་དམངས་སྲིད་གཞུང་ཡིན།

ཚད་རིམ་གསུམ་པ་ནི་ཡུལ་ཚོ་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་ཡིན།

ལག་ལེན་ཁྲོད་རང་རྒྱལ་གྱི་ས་གནས་མང་པོ་ཞིག་ཏུ་ཞིང་ཆེན་རིམ་པའི་ས་གནས་སྲིད་འཛིན་ལས་ཁུངས་དང་རྫོང་རིམ་པའི་ས་གནས་སྲིད་འཛིན་ལས་ཁུངས་བར་ད་དུང་རིམ་པ་དང་པོའི་མི་དམངས་སྲིད་གཞུང་སྟེ། གྲོང་ཁྱེར(ཁོངས་གཏོགས་ས་ཁུལ་དང་རྫོང་གི་གྲོང་ཁྱེར)མི་དམངས་སྲིད་གཞུང་ཡོད་ལ། ས་གནས་དེ་དག་གི་སྲིད་འཛིན་ལས་ཁུངས་ནི་ཚད་རིམ་བཞི་པ་ཡིན་པ་ལས་ཚད་རིམ་གསུམ་པ་མིན།

2 འགན་དབང་།

ས་གནས་སྲིད་འཛིན་ལས་ཁུངས་ཀྱིས་དམིགས་བསལ་སྲིད་འཛིན་ས་ཁོངས་ནང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་འགན་འཁུར་དགོས། རང་རྒྱལ་གྱི་ས་གནས་སྲིད་འཛིན་ལས་ཁུངས་ནི་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་ཡིན་ཞིང་། དེ་དག་གིས“འགན་འཁྲི་ཉིས་བརྩེགས་འཁུར་བའི་ལམ་ལུགས”(གཅིག་ནས་རིམ་པ་གཅིག་མཚུངས་ཀྱི་ས་གནས་མི་དམངས་འཐུས་ཚོགས་ལ་འགན་འཁུར་དགོས་པ་དང་ལས་དོན་སྙན་ཞུ་འབུལ་དགོས་ལ། གཉིས་ནས་གོང་རིམ་སྲིད་འཛིན་ལས་ཁུངས་ལ་འགན་འཁུར་དགོས་པ་དང་ལས་དོན་སྙན་ཞུ་འབུལ་དགོས)ཀྱི་རྩ་དོན་ལ་གཞིགས་ནས་ལས་དོན་སྤེལ་དགོས། དེའི་འགན་དབང་གཙོ་བོ་གཤམ་གསལ་གྱི་དོན་ཚན་འགའ་ཡོད་པ་སྟེ།

1. རིམ་པ་དེ་གའི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་བཀའ་རྒྱ་ལག་བསྟར་བྱས་ནས་གོང་རིམ་སྲིད་གཞུང་གིས་སྤྲད་པའི་ལས་འགན་ཁག་ལེགས་འགྲུབ་བྱེད་དགོས།

2. གྲོས་ཆོད་དང་བཀའ་རྒྱ་ཁྱབ་བསྒྲགས་དང་སྲིད་འཛིན་བྱེད་ཐབས་གཏན་འབེབས་བྱ་དགོས།

3. རང་གི་སྲིད་འཛིན་ས་ཁོངས་ཁྲོད་ཀྱི་དཔལ་འབྱོར་དང་། རིག་གནས། སློབ་གསོ། སྤྱི་བདེ་སོགས་ཀྱི་ལས་དོན་ལ་དོ་དམ་བྱ་དགོས་པ་དང་། སྲིད་འཛིན་ལས་བྱེད་པ་ཁྲིམས་ལྟར་བསྐོ་འཐེན་དང་བྱ་དགའ་དང་ཆད་པ་གཅོད་པའི་ལས་དོན་སྒྲུབ་དགོས།

4. སྤྱི་ཚོགས་ཀྱི་དམངས་ཡོངས་ལ་དབང་བའི་རྒྱུ་ནོར་དང་། ངལ་རྩོལ་པ་མང་ཚོགས་ཐུན་མོང་ལ་དབང་བའི་རྒྱུ་ནོར། དེ་མིན་སྤྱི་དམངས་སྒེར་ལ་དབང་བའི་ཁྲིམས་མཐུན་རྒྱུ་ནོར་སོགས་ལ་སྲུང་སྐྱོབ་བྱ་དགོས།

5. རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་ཁོངས་ཀྱི་སྡེ་ཁག་སོ་སོ་དང་འོག་རིམ་སྲིད་གཞུང་གི་འོས་འཚམ་མིན་པའི་གྲོས་ཆོད་དང་བཀའ་རྒྱ་བསྒྱུར་བའམ་ཕྱིར་འཐེན་བྱས་ཆོག

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་གནས། སྲིད་གཞུང་། མི་དམངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-30

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།