བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ།
དེབ་འདི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཤར་ཡུལ་ཕུན་ཚོགས་ཚེ་རིང་མཆོག་གིས་རྩོམ་སྒྲིག་བྱས་པ་དང་། དེབ་བྱང་ཁ་ཚང་ལ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ་ཞེས་ཟེར། དེབ་འདིར་ལོ་རྒྱུས་དོན་ཆེན་གནད་བསྡུས་དང་། རྒྱལ་ཕྲན་སིལ་མ་བཅུ་གཉིས་ནས་བོད་སྡོད་ཨམ་བན་ཚུན་ཆད་ཀྱི་རེའུ་མིག་གསལ་བར་བཀོད་ཡོད་པ་དང་། སྤྱི་ལོ་དང་བོད་ལོ་ཤན་སྦྱར་གྱི་རེའུ་མིག་སོགས་ཀྱང་འདུས་པས་བོད་ཀྱི་ལོ་རྒྱུས་ལ་ལས་དང་པོར་འཇུག་མཁན་དང་དེ་ལ་ཞིབ་འཇུག་བྱེད་པ། བོད་ཀྱི་ལོ་རྒྱུས་སློབ་ཁྲིད་བཅས་བྱེད་པའི་མི་སྣ་དག་ལ་འཚམ་པའི་འཁྱེར་བདེའི་ཀློག་དེབ་ཅིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西藏历史年表
རྩོམ་པ་པོ།
ཤར་ཡུལ་ཕུན་ཚོགས་ཚེ་རིང་།
དཔེ་སྐྲུན་ཁང་།
མི་རིགས་དཔེ་སྐྲུན་ཁང་།
དཔེ་རྟགས།
ISBN 978-7-105-00578-9
དཔེ་ཚད།
850mm*1168  1/32
ཤོག་ངོས།
346
རིན་གོང་།
22.5
པར་ཐེངས།
2014ལོའི་ཟླ7པར་པར་ཐེངས་དྲུག་པ་བརྒྱབ།
1 ​ངོ་སྤྲོད།

དེབ་འདི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཤར་ཡུལ་ཕུན་ཚོགས་ཚེ་རིང་མཆོག་གིས་རྩོམ་སྒྲིག་བྱས་པ་དང་། དེ་བྱང་ཁ་ཚང་ལ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ་ཞེས་ཟེར། དེབ་འདིར་ལོ་རྒྱུས་དོན་ཆེན་གནད་བསྡུས་དང་། རྒྱལ་ཕྲན་སིལ་མ་བཅུ་གཉིས་ནས་བོད་སྡོད་ཨམ་བན་ཚུན་ཆད་ཀྱི་རེའུ་མིག་གསལ་བར་བཀོད་ཡོད་པ་དང་། སྤྱི་ལོ་དང་བོད་ལོ་ཤན་སྦྱར་གྱི་རེའུ་མིག་སོགས་ཀྱང་འདུས་པས་བོད་ཀྱི་ལོ་རྒྱུས་ལ་ལས་དང་པོར་འཇུག་མཁན་དང་དེ་ལ་ཞིབ་འཇུག་བྱེད་པ། བོད་ཀྱི་ལོ་རྒྱུས་སློབ་ཁྲིད་བཅས་བྱེད་པའི་མི་སྣ་དག་ལ་འཚམ་པའི་འཁྱེར་བདེའི་ཀློག་དེབ་ཅིག་རེད།

2 ནང་དོན།

འདིའི་ནང་དོན་གཙོ་བོ་ནི་གནའ་རབས་བོད་ཀྱི་ཤེས་རིག་ཇི་ལྟར་འཕེལ་བ་དང་། རྒྱ་བོད་མི་རིགས་བར་གྱི་མཛའ་བརྩེའི་འབྲེལ་བ། ཀྲུང་དབྱང་སྲིད་གཞུང་རིམ་པས་བོད་ས་གནས་ཀྱི་དབང་འཛིན་པར་འཇའ་ས་དང་ཆོ་ལོ། གསེར་དམ་སོགས་ཇི་ལྟར་གནང་བའི་སྐོར། ལོ་རྒྱུས་དུམ་མཚམས་སོ་སོར་ཐོན་སྐྱེད་ལམ་ལུགས་དང་ཚན་རིག་ལག་རྩལ་གསར་གཏོད་བྱེད་ཚུལ། ལོ་རྒྱུས་ཐོག་འབངས་གྱེན་ལོག་དང་དབང་བསྒྱུར་གྲལ་རིམ་ནང་ཁུལ་དུ་སྲིད་དབང་འཕྲོག་ལེན་བྱེད་པའི་འཐབ་རྩོད་སྐོར། ལོ་རྒྱུས་མི་སྣ་གྲགས་ཅན་ཁག་གི་འཁྲུངས་ལོ་དང་འདས་ལོ་སོགས་ཀྱི་སྐོར། བོད་ཀྱི་གནས་ཁྱད་པར་ཅན་ཁག་བཏབ་པའི་ལོ་ཁམས། ཕྱིའི་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་དང་མེས་རྒྱལ་མཐའ་མཚམས་བརྟན་སྲུང་བྱས་པའི་དོན་ཆེན་སོགས་བཀོད་ཡོད།

3 ཁྱད་ཆོས།

དེབ་འདི་རྩོམ་སྒྲིག་བྱེད་སྐབས་རྩོད་སྒྲུབ་དངོས་གཙོ་སྨྲ་བ་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་དང་། ལངས་ཕྱོགས་བྱེད་ཐབས་ལ་སོགས་ལ་བསྟེན་ནས་མི་ལོ་སྟོང་ཕྲག་གསུམ་ཙམ་གྱི་རིང་གི་བོད་ཀྱི་རྒྱུས་དོན་ཆེན་གཙོ་བོ་རྣམས་ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་རིམ་ལ་གཞིགས་ཏེ་ཚིག་ཉུང་ལ་དོན་གསལ་བ་དང་། གོ་བདེ་ལ་ནང་དོན་ཕུན་སུམ་ཚོགས་པའི་སྒོ་ནས་རྩོམ་སྒྲིག་བྱས་ཡོད།

4 ཡིག་ཆ།

ལོ་རྒྱུས་དོན་ཆེན་འདི་དག་གཙོ་བོ་ལི་ཡུལ་ནས་ཐོན་པའི་བོད་ཡིག་རྙིང་མ་ཁག་དང་། དེབ་ཐེར་སྔོན་པོ། དེབ་ཐེར་དམར་པོ་གསར་རྙིང་ཁག་གཉིས། དེབ་ཐེར་དཀར་པོ། ཆོས་འབྱུང་མཁས་པའི་དགའ་སྟོན། ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད། ལ་དྭགས་རྒྱལ་རབས། ཡར་ལུང་ཇོ་བོའི་ཆོས་འབྱུང་། སྦ་བཞེད། རླངས་ཀྱི་པོ་ཏི་བསེ་རུ། བཀའ་ཆེམས་མཐོང་བ་དོན་ལྡན། ཡུམ་བུ་ལྷ་ཁང་གི་དཀར་ཆག་འབྲིང་བ། ཁྱུང་པོ་རྒོད་ཚང་གི་ལོ་རྒྱུས། ལེགས་བཤད་རིན་ཆེན་གཏེར་མཛོད། མདོ་གཟེར་མིག བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། རྩ་རྒྱུད་ཉི་མའི་འོད་ཟེར། ཐོབ་རྒྱུད་སྨན་རི་དགོན་པའི་དཀར་ཆག བསྟན་རྩིས་རེའུ་མིག དེ་བཞིན་རྒྱ་ཡིག་གི་ཡིག་ཆ་ཀྲུང་གོའི་ལོ་རྒྱུས་ཆེ་མོ་དང་། རྒྱ་གར་བའི་ལོ་རྒྱུས་ཆེ་མོ། བལ་པོའི་ལོ་རྒྱུས་ཆེ་མོ་སོགས་ཚད་ལྡན་ལོ་རྒྱུས་ཡིག་རིགས་ཁག་ལ་སློབ་སྦྱོང་དང་དཔྱད་བསྡུར། ཞིབ་འཇུག་བཅས་ནན་ཏན་བྱས་ཐོག་རྩོམ་སྒྲིག་བྱས་པ་རེད།

5 དཀར་ཆག

ལོ་རྒྱུས་དོན་ཆེན་གནད་བསྡུས།

རྒྱལ་ཕྲན་སིལ་བཅུ་གཉིས་ཀྱི་རེའུ་མིག

བོད་ཀྱི་བཙན་པོ་རིམ་བྱོན་གྱི་རེའུ་མིག

ས་སྐྱའི་སྲིད་འཛིན་པ་རིམ་བྱོན་གྱི་རེའུ་མིག

ཕག་གྲུའི་སྡེ་སྲིད་རིམ་བྱོན་གྱི་རེའུ་མིག

གཙང་པ་སྡེ་སྲིད་རིམ་བྱོན་གྱི་རེའུ་མིག

ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་རེའུ་མིག

སྡེ་སྲིད་དང་སྲིད་སྐྱོང་རིམ་བྱོན་གྱི་རེའུ་མིག

བཀའ་བློན་རིམ་བྱོན་གྱི་རེའུ་མིག

བོད་བཞུགས་ཨམ་བན་རིམ་བྱོན་གྱི་རེའུ་མིག

བོད་ཀྱི་མཛངས་མི་བདུན་གྱི་རེའུ་མིག

བོད་ཀྱི་རྩལ་པོ་ཆེ་མི་བདུན་གྱི་རིམ་བྱོན་རེའུ་མིག

བོད་ཀྱི་བཙན་པོ་ཁག་གི་བང་སོའི་རེའུ་མིག

མུ་ཁྲི་བཙན་པོའི་སྐུ་དུས་ཀྱི་བོན་གྱི་འདུ་གནས་ཆེན་པོ་སོ་བདུན་གྱི་རེའུ་མིག

ད་ཡོད་བོད་ཀྱི་བོན་དགོན་ཁག་གི་རེའུ་མིག

གྲུབ་མཐའ་ཁག་གི་སྲོད་གཏོད་པ་དང་སློབ་བརྒྱུད་པའི་སྐྱེས་དམ་པ་རྣམས་ཀྱི་རེའུ་མིག

བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་རེའུ་མིག

ས་སྐྱ་གོང་མ་རྣམ་ལྔའི་རེའུ་མིག

ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་རེའུ་མིག

དགའ་ལྡན་ཁྲི་པ་རིམ་བྱོན་གྱི་རེའུ་མིག

མཉམ་མེད་ཙོང་ཁ་པ་ཆེན་པོའི་ཐུགས་སྲས་བདུན་གྱི་རེའུ་མིག

བོད་ཀྱི་དགོན་གནས་གཙོ་བོ་ཁག་གི་ལོ་ཁམས་རེའུ་མིག

སྤྱི་ལོ་དང་བོད་ལོ་ཤན་སྦྱར་གྱི་རེའུ་མིག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-10

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།