ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས(The people's Republic of China State Bureau of Religious Affairs)ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་ལས་དོན་ཕྱོགས་ཀྱི་འགན་ནུས་སྡེ་ཁག་ཡིན། སྤྱི་ལོ2018ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》པར་འགྲེམས་བྱས་ནས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཁོངས་སུ་ཟླ་སྒྲིལ་བཏང་བ་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཕྱི་ཕྱོགས་སུ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་སྒོ་བྱང་སོར་འཇོག་བྱས་ལ། ལོགས་སུ་བཙུགས་པའི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་སོར་འཇོག་མི་བྱེད་པར་ཐག་བཅད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家宗教事务局
ཅུས་ཀྲང་།
ཝང་ཙུའོ་ཨན།
ཕྱི་ཡིག་གི་མིང་།
The people's Republic of China State Bureau of Religious Affairs
དྲ་ཚིགས།
www.sara.gov.cn
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1950ལོར། སྲིད་དོན་སྤྱི་ཁྱབ་ཁང་གིས་རིག་གནས་སློབ་གསོ་ཨུ་ཡོན་ལྷན་ཁང་གི་འོག་ཏུ་ཆོས་ལུགས་གནད་དོན་ཞིབ་འཇུག་ཚན་ཆུང་འཛུགས་རྒྱུ་ཐག་བཅད།

སྤྱི་ལོ1951ལོར། སྲིད་དོན་སྤྱི་ཁྱབ་ཁང་རིག་གནས་སློབ་གསོ་ཨུ་ཡོན་ལྷན་ཁང་གི་འོག་ཏུ་ཆོས་ལུགས་ལས་དོན་ཁྲུའུ་བཙུགས།

སྤྱི་ལོ1954ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུ་བརྙེས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལུགས་ལས་དོན་ཅུས་བཙུགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲོད་དུ་ཚུད་འགོ་ཚུགས།

སྤྱི་ལོ1975ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡིག་ཆ་བཀྲམ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལུགས་ལས་དོན་ཅུས་ཕྱིར་འཐེན་བྱས།

སྤྱི་ལོ1979ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སླར་གསོ་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལུགས་ལས་དོན་ཅུས་འཛུགས་རྒྱུར་ཐག་བཅད།

སྤྱི་ལོ1998ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལུགས་ལས་དོན་ཅུས་དེ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཞེས་པར་བསྒྱུར་རྒྱུར་ཐག་བཅད།

སྤྱི་ལོ2018ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》པར་འགྲེམས་བྱས་ནས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཁོངས་སུ་ཟླ་སྒྲིལ་བཏང་ནས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཕྱི་ཕྱོགས་སུ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་སྒོ་བྱང་སོར་འཇོག་བྱས་ལ། ལོགས་སུ་བཙུགས་པའི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་སོར་འཇོག་མི་བྱེད་པར་ཐག་བཅད།

2 འགན་ནུས།

(1) ཆོས་ལུགས་ཀྱི་གཞུང་ལུགས་དང་རྒྱལ་ཁབ་ཕྱི་ནང་གི་ཆོས་ལུགས་ཀྱི་ད་ལྟའི་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ། ཆོས་ལུགས་ཀྱི་འགུལ་རྣམ་དང་ཆ་འཕྲིན་ཕྱོགས་བསྡུས་དང་དབྱེ་ཞིབ་བྱེད་པའི་འགན་འཁུར་དགོས་པ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་སྲིད་ཇུས་ཀྱི་གྲོས་གཞི་འདོན་དགོས།

(2) ཆོས་ལུགས་ལས་དོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་འགོད་དགོས་པ་དང་། སྡེ་ཁག་གི་སྒྲིག་སྲོལ་དང་སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱ་རྒྱུ་མ་ཟད་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཆོས་ལུགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ལ་ལྟ་སྐུལ་ཞིབ་བཤེར་དང་དྲིལ་བསྒྲགས་སློབ་གསོའི་བྱ་བ་གཉེར་པའི་འགན་འཁུར་དགོས།

(3) ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་གྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། ཁྲིམས་ལྟར་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་དང་རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོབ་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཆོས་ལུགས་ཀྱི་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད་བྱེད་དགོས།

(4) ཆོས་ལུགས་ཚོགས་པས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བྱེད་སྒོ་སྤེལ་བར་མཛུབ་སྟོན་བྱེད་པ་དང་། ཆོས་ལུགས་ཚོགས་པས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་པ། ཆོས་ལུགས་ཚོགས་པས་ཆོས་ལུགས་སློབ་གླིང་དང་སློབ་གྲྭ་གཉེར་སྐྱོང་ལེགས་པོ་བྱེད་པར་རོགས་རམ་བྱེད་པ། ཆོས་ལུགས་ཚོགས་པས་ཆོས་ལུགས་ལས་རིགས་སུ་རྒྱལ་གཅེས་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས། མེས་རྒྱལ་གཅིག་གྱུར་ལ་བརྩི་བཀུར་བྱེད་པ། མི་རིགས་མཐུན་སྒྲིལ་ལ་བརྩི་བཀུར་བྱེད་པ་བཅས་ཀྱི་སློབ་གསོ་གཏོང་བར་སྐུལ་འདེད་བྱེད་པ། ཆོས་ལུགས་ཚོགས་པས་སྲིད་གཞུང་གི་ཐག་གཅོད་དམ་མཐུན་སྦྱོར་བྱེད་པའི་འབྲེལ་ཡོད་ལས་དོན་བསྒྲུབ་དགོས།

(5) ས་གནས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཁྲིམས་ལྟར་དོ་དམ་འགན་ནུས་ལག་བསྟར་བྱེད་པར་མཛུབ་སྟོན་བྱེད་པ་དང་། ཆོས་ལུགས་ལས་དོན་གྱི་དོན་རྐྱེན་གལ་ཆེན་ཐག་གཅོད་བྱེད་པ། ཆོས་ལུགས་བེད་སྤྱད་ནས་ཁྲིམས་འགལ་དང་ཁྲིམས་འགལ་གྱི་བྱ་འགུལ་སྤེལ་བར་སྔོན་འགོག་བྱེད་པ། མངའ་ཁོངས་ཕྱི་ནས་ཆོས་ལུགས་བེད་སྤྱད་དེ་སིམ་འཛུལ་བྱེད་པའི་བྱ་འགུལ་སྤེལ་བར་བཀག་འགོག་བྱེད་དགོས།

(6) ཆོས་ལུགས་བྱ་བའི་རུ་ཁག་དང་འབྲེལ་ཡོད་མི་སྣའི་གསོ་སྦྱོང་བྱ་བ་རྩ་འཛུགས་བྱེད་པའི་འགན་ཁུར་དགོས།

(7) ཆོས་ལུགས་ཐད་ཀྱི་ཕྱི་དོན་ཁོངས་སྒྲིལ་དོ་དམ་བྱེད་པའི་འགན་འཁུར་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ཆོས་ལུགས་ལས་རིགས་ཀྱིས་ཕྱི་ཕྱོགས་དང་དེ་བཞིན་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ཆོས་ལུགས་འགྲོ་འོང་གི་བྱེད་སྒོ་རྩ་འཛུགས་དང་དེར་ཁྲིད་སྟོན་བྱ་དགོས། ཆོས་ལུགས་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ལས་ཀར་ཞུགས་དགོས།

(8) རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་དོན་དག་གཞན་དག་སྒྲུབ་པའི་འགན་འཁུར་དགོས།

3 ལས་ཁུངས་ཀྱི་སྒྲིག་བཀོད།

གཞུང་ལས་ཁང་།

སྲིད་ཁྲིམས་སི།

ལས་དོན་སི་དང་པོ།

ལས་དོན་སི་གཉིས་པ།

ལས་དོན་སི་གསུམ་པ།

ལས་དོན་སི་བཞི་པ།

ཕྱི་དོན་སི།

མི་དོན་སི།

ལས་ཁུངས་ཏང་ཨུ།

ཞིབ་འཇུག་ལྟེ་གནས།

ཞབས་ཞུ་ལྟེ་གནས་

གསོ་སྦྱོང་ལྟེ་གནས།

དུས་དེབ་ཁང་དང་དཔེ་སྐྲུན་ཁང་།

ཀྲུང་ཧྭ་ཆོས་ལུགས་རིག་གནས་བགྲོ་གླེང་མཐུན་ཚོགས།

4 འགོ་ཁྲིད་ལས་བྱེད་པ།

ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་། ཝང་ཙུའོ་ཨན།

ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་བཅས་ཡིན། ཀྲུང་ཧྭ་ཆོས་ལུགས་རིག་གནས་བགྲོ་གླེང་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། ཀྲུང་གོ་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ཆོས་ལུགས་སློབ་ཚོགས་ཀྱི་བློ་འདོན་པ་སོགས་ཀྱི་འགན་གཅིག་ལྕོགས་སུ་ཁུར་ཡོད།

སྐྱེས་པ། རྒྱ་རིགས། སྤྱི་ལོ1958ལོའི་ཟླ5པར་སྐྱེས། ཕ་ཡུལ་ནི་ཅང་སུའུ་དབྱི་ཞིན་ཡིན་ཞིང་། སློབ་ཆེན་གྱི་དངོས་གཞིའི་བསླབ་གནས་ཡིན། སྤྱི་ལོ1985ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་གི་ནང་དུ་ཞུགས་པ་དང་། སྤྱི་ལོ1977ལོའི་ཟླ9པར་ལས་ཀར་ཞུགས།

ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ། ཁྲེན་ཙུང་རུང་།

སྐྱེས་པ། རྒྱ་རིགས། སྤྱི་ལོ1964ལོའི་ཟླ11པར་སྐྱེས། ཕ་ཡུལ་ཀན་སུའུ་ཀྲེན་ཡོན་དང་། སྤྱི་པའི་དོ་དམ་གྱི་རབ་འབྱམས་པའི་བསླབ་གནས་ཡིན། སྤྱི་ལོ1988ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་གི་ནང་དུ་ཞུགས། སྤྱི་ལོ1986ལོའི་ཟླ8པར་ལས་ཀར་ཞུགས།

ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ། ཀྲང་ཡན་ཐུང་།

སྐྱེས་པ། རྒྱ་རིགས། སྤྱི་ལོ1963ལོའི་ཟླ8པར་སྐྱེས། ཧྲན་ཞི་ཅིན་ཀྲུང་ནས་ཡིན། “སློབ་གསོ་དང་དཔལ་འབྱོར་དོ་དམ”རིག་ཚན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་སློབ་དཔོན། མན་ཁྲེ་སི་ཐེ་སློབ་ཆེན་གྱི་སློབ་གསོ་རིག་པའི་འབུམ་རམས་པ་ཡིན། སྤྱི་ལོ1985ལོའི་ཟླ8པར་ལས་ཀར་ཞུགས། སྤྱི་ལོ1986ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་གི་ནང་དུ་ཞུགས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཆོས་ལུགས། ཏང་། འགན་ནུས། ལས་ཁུངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-02

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།