སྟོན་འགྲེམས་ཟིན་བྲིས་སྟོན་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟོན་འགྲེམས་ཟིན་བྲིས་སྟོན་ཚུལ།
སྟོན་འགྲེམས་ཟིན་བྲིས་བཟོ་པའི་བརྒྱུད་རིམ་ནང་དུ་སྒྲོམ་བརྙན་བསྟན་ནས་སྒྲོན་བརྙན་གྱི་མངོན་ཚུལ་དང་འགུལ་རིས་ཀྱི་མཐོང་འབྲས་སོགས་ལ་བལྟ་དགོས་པ་དང་། སྤྱོད་པ་པོས་བཟོས་པའི་སྟོན་འགྲེམས་ཟིན་བྲིས་ཀྱི་མཇུག་འབྲས་ཀྱང་ཉར་ཚགས་བྱེད་དགོས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
演示文稿
1 སྟོན་འགྲེམས་ཟིན་བྲིས་སྟོན་ཚུལ། 

སྤྱོད་པ་པོས་བཟོས་པའི་སྟོན་འགྲེམས་ཟིན་བྲིས་དེ་ཡུལ་མི་འདྲ་བ་དང་། ལྟ་མཁན་མི་འདྲ་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སྟོན་ཚུལ་མི་འདྲ་བ་གདམ་དགོས། 

PowerPoint2007ནང་དུ་སྒྲོན་བརྙན་ནས་སྟོན་པ།   རང་བཟོས་སྒྲོན་བརྙན་གྱི་སྟོན་ཚུལ་མི་འདྲ་བ་བ་གསུམ་མཁོ་འདོན་བྱས་ཡོད་དེ་འགོ་ནས་སྟོན་པ་དང་།   མིག་སྔའི་སྒྲོན་བརྙན་ནས་སྟོན་པ།  རང་བཟོས་སྒྲོན་བརྙན་སྟོན་པ་བཅས་ཡིན། 

◆འགོ་ནས་སྟོན་པ་ནི་ཐད་ཀར་མཐེབ་གཞོང་སྟེང་གི་མཐེབF5མནན་ནས་སྟོན་པའམ།  བྱང་བུ“སྒྲོན་བརྙན་སྟོན་པ” ནང་གི“སྒྲོན་བརྙན་སྟོན་མགོ་འཛུགས”ཚོའི་མཐེབ་གནོན“འགོ་ནས་སྟོན་པ”ལ་ཆིག་རྡེབ་བྱས་ནས་སྟོན་པ་ལ་ཟེར། 

◆མིག་སྔའི་སྒྲོན་བརྙན་ནས་སྟོན་པ་ནི་ཐད་ཀར་མྱུར་མཐེབShift+F5མནན་ནས་སྟོན་པའམ།  བྱང་བུ“སྒྲོན་བརྙན་སྟོན་པ”ནང་གི“སྒྲོན་བརྙན་སྟོན་མགོ་འཛུགས”ཚོའི་མཐེབ་གནོན“མིག་སྔའི་སྒྲོན་བརྙན་ནས་སྟོན་པ”ལ་ཆིག་རྡེབ་བྱས་ནས་སྟོན་པ་ལ་ཟེར། 

◆རང་བཟོས་སྒྲོན་བརྙན་སྟོན་པ་ནི་རང་བཟོས་སྒྲོན་བརྙན་སྟོན་ཚུལ་བེད་སྤྱད་ན་བདམས་པའི་སྒྲོན་བརྙན་སྟོན་པ་ལས་གོ་རིམ་བཞིན་སྒྲོན་བརྙན་ཚང་མ་མི་སྟོན་པ་ལ་ཟེར།

PowerPointཡི་སོར་བཞག་གི་སྒྲོན་བརྙན་སྟོན་ཚུལ་ནི་ཡོལ་གང་སྟོན་ཚུལ་ཡིན་པ་དང་།   ཙིག་མདའ་ལ་ཆིག་རྡེབ་བྱེད་པའམ་མཐེབ་གཞོང་སྟེང་གི་མཐེབ་གང་རུང་མནན་ན་ལམ་སང་སྒྲོན་བརྙན་འོག་མ་སྟོན་པ་ཡིན་ལ་མཐེམEseམནན་ན་སྒྲོན་བརྙན་སྟོན་པ་ལས་ཕྱིར་ཐོན་པ་ཡིན།

2 སྟོན་འགྲེམས་ཟིན་བྲིས་ཉར་ཚགས་བྱ་ཚུལ།

ཡིག་ཆ་ཉར་ཚགས་ནི་རྒྱུན་སྲོལ་གྱི་བཀོལ་སྤྱོད་ཅིག་ཡིན།  སྟོན་འགྲེམས་ཟིན་བྲིས་བཟོ་བའི་བརྒྱུད་རིམ་དུ་གཞི་གྲངས་མི་འབོར་བའི་ཆེད་དུ་ལས་ཀའི་མཇུག་འབྲས་ཉར་ཚགས་བྱེད་དགོས།

PowerPointནང་གི་སྟོན་འགྲེམས་ཟིན་བྲིས་ཉར་ཚགས་བྱེད་ཐབས་དེWindowsཉེར་སྤྱོད་བྱ་རིམ་གཞན་དང་ཧ་ཅང་འདྲ་བ་ཡིན།

2_1  རྒྱུན་སྲོལ་ཉར་ཚགས།

རྒྱུན་སྲོལ་གྱི་ཡིག་ཆ་ཉར་ཚགས་བྱེད་སྐབས་མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་ནང་གི“ཉར་ཚགས”ཞེས་པའི་མཐེབ་གནོནCtrl+sཆིག་རྡེབ་བྱེད་པའམ་ཡང་ན།  མཐེབ་གནོནOfficeལ་ཆིག་རྡེབ་བྱས་ཏེ་ཐོན་པའི་གདམ་བྱང་ནས་བཀའ་བརྡ“ཉར་ཚགས”བདམས་ཀྱང་ཆོག་པ་ཡིན།   སྟོན་འགྲེམས་ཟིན་བྲིས་ཉར་ཚགས་ཐེངས་དང་པོ་བྱེད་པའི་སྐབས་གཤམ་གྱི་དཔེ་རིས་ལྟར།  གླེང་སྒྲོན“གཞན་ཉར”ཁ་ཕྱེ་ནས་སྤྱོད་པ་པོས་ཉར་ཚགས་དང་སྟོན་འགྲེསམ་ཟིན་བྲིས་ཀྱི་མིང་སོགས་བཅོས་ཆོག་པ་ཡིན།

.png

2_2 གསང་སྡོམ་ཉར་ཚགས།

དབང་སྤྲད་མེད་པའི་སྤྱོད་པ་པོས་སྟོན་འགྲེམས་ཟིན་བྲིས་ཁ་ཕྱེ་བ་དང་བཟོ་བཅོས་བྱེད་པར་གསང་སྡོམ་ཉར་ཚགས་ཀྱིས་བཀག་འགོག་བྱས་ཏེ་ཡིག་ཚགས་ཀྱི་བདེ་འཇགས་རང་བཞིན་མཐོ་རུ་འགྲོ་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-24

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།