གནས་བཟུང་རྟགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནས་བཟུང་རྟགས།
གནས་བཟུང་རྟགས་ནི་ཡི་གེ་དང་པར་རིས་སོགས་ཀྱི་འཇུག་སྣོན་ཡིན་ལ། དེ་ནི་སྒྲོན་བརྙན་ནང་དོན་གྲུབ་པའི་གཞི་རྩའི་བྱ་ཡུལ་ཞིག་ཡིན་པ་མ་ཟད་རང་གི་གཏོགས་གཤིས་ཀྱང་ཡོད། སྤྱོད་པ་པོས་དེའི་ནང་གི་ཡི་གེར་བཀོལ་སྤྱོད་བྱས་ཆོག་ལ་གནས་བཟུང་རྟགས་རང་ལ་ཡང་ཆེ་ཆུང་ལེགས་སྒྲིག་དང་། སྤོ་བ། འདྲ་ཕབ། སྦྱར་བ། སུབ་པ་སོགས་ཀྱི་བཀོལ་སྤྱོད་བྱས་ཆོག གནས་བཟུང་རྟགས་ལ་ཡིག་རྐྱང་རྩོམ་སྒྲིག་དང་སྤྱི་ཡོངས་གདམ་པའི་བཀོལ་སྤྱོད་གཉིས་ཡོད་དེ། ཡིག་རྐྱང་རྩོམ་སྒྲིག་རྣམ་པས་གནས་བཟུང་རྟགས་ནང་གི་ཡིག་རྐྱང་ལ་རྩོམ་སྒྲིག་བྱས་ཆོག་ལ། སྤྱི་ཡོངས་གདམ་པའི་རྣམ་པས་གནས་བཟུང་རྟགས་སྤོ་བ་དང་། གནས་བཟུང་རྟགས་ཆེ་ཆུང་ལེགས་སྒྲིག་སོགས་ཀྱི་བཀོལ་སྤྱོད་ཀྱང་བྱས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
文本框
རིགས།
PPT
1 གནས་བཟུང་རྟགས་གདམ་པ། 

སྒྲོན་བརྙན་ནང་གི་གནས་བཟུང་རྟགས་གདམ་དགོས་ན་གཤམ་གྱི་ཐབས་ཤེས་སྤྱད་ཆོག 

◆ཡིག་རྐྱང་རྩོམ་སྒྲིག་རྣམ་པའི་འོག་ཏུ་གནས་བཟུང་རྟགས་ཀྱི་མཐའ་སྒྲོམ་ལ་ཆིག་རྡེབ་བྱེད་པ། 

◆སྒྲོན་བརྙན་ནང་དུ་ཙིག་མདའ་དྲུད་ནས་གནས་བཟུང་རྟགས་འདེམས་པ།

◆མཐེབ་གཞོང་སྟེང་གི་མཐེབShiftའམCtrlམནན་ན་རིམ་བཞིན་དུ་གནས་བཟུང་རྟགས་ལ་ཆིག་རྡེབ་བྱས་ན་དེ་ཚོ་ཚང་མ་བདམས་པ་ཡིན།

གནས་བཟུང་རྟགས་ཀྱི་ཡིག་རྐྱང་རྩོམ་སྒྲིག་རྣམ་པ་དང་བདམས་པའི་རྣམ་པའི་དབྱེ་བ་གཙོ་བོ་ནི་མཐའ་སྒྲོམ་གྱི་བཟོ་ལྟ་མི་འདྲ་བ་ཡིན།  

2 གནས་བཟུང་རྟགས་སྤོ་བ།

གནས་བཟུང་རྟགས་བདམས་པའི་རྣམ་པའི་འོག་ཙིག་མདའ་གནས་བཟུང་རྟགས་ཀྱི་མཐའ་སྒྲོམ་མཚམས་སུ་སྤོ་སྐབས་ཙིག་མདའི་དབྱིབས་དེ་མདའ་རྩེ་ཕྱོགས་བཞི་མ་ཞིག་ཏུ་གྱུར་སྐབས།  ཙིག་མདའ་དྲུད་ནས་དམིགས་པའི་གནས་སུ་ལྷོད་ཆོག་ལ། གནས་བཟུང་རྟགས་བདམས་པའི་རྣམ་པའི་འོག་མཐེབ་གཞོང་སྟེང་གི་ཁ་ཕྱོགས་མཐེབ་བརྒྱུད་ནས་གནས་བཟུང་རྟགས་སྤོ་ཐུབ་པ་དང་།  དེའི་སྐབས་མཐེབCtrl དང་མཉམ་དུ་བེད་སྤྱད་ན་བཟུང་རྟགས་ག་ལེར་སྤོ་ཐུབ།  

3  གནས་བཟུང་རྟགས་ལེགས་སྒྲིག 

གནས་བཟུང་རྟགས་ལེགས་སྒྲིག་ནི་གཙོ་བོ་གནས་བཟུང་རྟགས་ཀྱི་ཆེ་ཆུང་ལེགས་སྒྲིག་བྱེད་རྒྱུ་དེ་ཡིན།  གནས་བཟུང་རྟགས་བདམས་པའི་རྣམ་པའི་འོག་ཙིག་མདའ་གནས་བཟུང་རྟགས་གཡས་འོག་གི་ཚོད་འཛིན་ཚེག་མཚམས་སུ་སྤོ་སྐབས་ཙིག་མདའ་དེ་མདའ་རྩེ་ཕྱོགས་གཉིས་མར་གྱུར་སྐབས་ཙིག་མདའ་དྲུད་ནས་འོས་འཚམས་ཀྱི་གནས་སུ་སྤོས་ནས་ལྷོད་ཆོག 

4  གནས་བཟུང་རྟགས་ཀྱི་རྩོམ་སྒྲིག་བྱ་ཚུལ།

གནས་བཟུང་རྟགས་ཀྱི་བཀོལ་སྤྱོད་དང་བྱ་ཡུལ་གཞན་གྱི་བཀོལ་སྤྱོད་གཉིས་འདྲ་པོ་ཡོད་ལ། གནས་བཟུང་རྟགས་བདམས་རྗེས་བྱང་བུ“མགོ་འཛུགས” ཀྱི“སྦྱར་པང”ཚོ་ནས་འོས་མཚམས་གྱི་མཐེབ་གནོན་འདྲ་ཕབ་དང་།  “སྦྱར་བ”“དྲས་གཏུབ”སོགས་གདམ་ཆོག་སྟེ།

◆གནས་བཟུང་རྟགས་འདྲ་ཕབ་དང་དྲས་གཏུབ་ཀྱི་སྐབས་སུ་གནས་བཟུང་རྟགས་ནང་གི་ནང་དོན་རྣམ་གཞག་དང་། གནས་བཟུང་རྟགས་ཀྱི་ཆེ་ཆུང་།  གཏོགས་གཤིས་གཞན་སོགས་མཉམ་དུ་འདྲ་ཕབ་དང་དྲས་གཏུབ་བྱེད་པ་ཡིན། 

◆འདྲ་ཕབ་བྱས་པའི་གནས་བཟུང་རྟགས་དེ་མིག་སྔའི་སྒྲོན་བརྙན་ནང་དུ་སྦྱོར་སྐབས་སྦྱར་བའི་གནས་བཟུང་རྟགས་དེ་སྔོན་མའི་གནས་བཟུང་རྟགས་ཀྱི་ཉེ་འགྲམ་དུ་གནས་པ་ཡིན།  འདྲ་ཕབ་བྱས་པའི་གནས་བཟུང་རྟགས་དེ་སྒྲོན་བརྙན་གཞན་གྱི་ནང་དུ་སྦྱོར་སྐབས་སྦྱར་བའི་གནས་བཟུང་རྟགས་དེ་སྔོན་མའི་གནས་ས་དང་མཚུངས་པ་ཡིན།

◆གནས་བཟུང་རྟགས་ཀྱི་དྲ་གཏུབ་དེ་རྒྱུན་དུ་སྒྲོན་བརྙན་མི་འདྲ་བའི་དབར་ནས་ནང་དོན་སྤོ་བར་བེད་སྤྱོད་པ་ཡིན། 

◆གནས་བཟུང་རྟགས་བདམས་རྗེས་མཐེབDeleteམནན་ན་གནས་བཟུང་རྟགས་དང་དེ་ཡི་ནང་དོན་ཚང་མ་སུབ་པ་ཡིན།

བརྡ་འགྲེལ་གདོང་འཛར།

ལག་རྩལ། འདྲ་ཕབ། གནས་བཟུང་རྟགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-24

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།