ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནི་རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དོ་དམ་བྱེད་པའི་རྒྱལ་ཁབ་ཅུས་ཤིག་ཡིན་ལ། དེ་པུའུ་རིམ་པ་གཞོན་པའི་ཚད་རིམ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》བཅས་ལ་གཞིགས་ནས་བཙུགས་པ་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家药品监督管理局
ཕྱི་ཡིག་གི་མིང་།
National Medical Products Administration
ཁོངས་གཏོགས་ལས་ཁུངས།
རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས།
ཚད་རིམ།
པུའུ་རིམ་པ་གཞོན་པ།
ཅུས་ཀྲང་།
ཅའོ་ཧུང་།
ཏང་ཙུའུ་ཡི་ཧྲུའུ་ཅི།
ལི་ལེ།
1 ​ལས་ཁུངས་ཀྱི་རྒྱབ་ལྗོངས་།

རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སྒྲིག་འཛུགས་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་མ་ལག་སྒྱུར་བཅོས་གནང་སྟེ་གཅིག་གྱུར་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལག་བསྟར་བྱ་རྒྱུ་ནི། གཅིག་གྱུར་སྒོ་འབྱེད་དང་གོ་རིམ་ལྡན་པའི་དེང་རབས་ཀྱི་ཚོང་རའི་མ་ལག་འཛུགས་པའི་གཙོ་གནད་ཅིག་ཡིན་ལ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་གྱི་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ། གཞུང་དྲང་དང་དྲང་གཞག་གྱི་སྒོ་ནས་འགྲན་རྩོད་བྱེད་པའི་ཁྲོམ་རའི་ཁོར་ཡུག་བསྐྲུན་པར་མ་ཟད། ཁྲོམ་རའི་ལྟ་སྐུལ་དོ་དམ་ཕྱོགས་བསྡུས་ཁྲིམས་འཛིན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་བློ་བདེའི་ངང་ཉོ་ཐུབ་པ་དང་བེད་སྤྱོད་ཐུབ་པ། ཟ་ཐུབ་པ་བཅས་བྱ་ཆེད། ཇུས་གཞིའི་ནང་རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འགན་འཁྲི་དང་། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་རྟག་ཞིབ་སྤྱི་ཁྱབ་ཅུས་ཀྱི་འགན་འཁྲི། རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འགན་འཁྲི། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་རིན་གོང་ལྟ་སྐུལ་ཞིབ་བཤེར་དང་སྒེར་གཅོད་ངོ་རྒོལ་གྱི་ཁྲིམས་འཛིན་འགན་འཁྲི། ཚོང་དོན་པུའི་གཉེར་སྐྱོང་བས་གཅིག་སྡུས་ཀྱིས་སྒེར་གཅོད་ངོ་རྒོལ་གྱི་ཁྲིམས་འཛིན་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒེར་གཅོད་ངོ་རྒོལ་ཨུ་ཡོན་ལྷན་ཁང་སོགས་ཀྱི་འགན་འཁྲི་སྡེབ་སྒྲིག་བྱས་ནས་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཙུགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་བཅུག་ལ། དེའི་འགན་ནུས་གཙོ་བོ་ནི་ཁྲོམ་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་འགན་འཁུར་བ་དང་། ཁྲོམ་རའི་བྱེད་པོ་གཅིག་གྱུར་གྱིས་ཐོ་འགོད་བྱས་ནས་ཆ་འཕྲིན་ཡོངས་བསྒྲགས་དང་མཉམ་སྤྱོད་གྱི་ལམ་སྲོལ་འཛུགས་པ། ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་ལས་དོན་སྒྲིག་འཛུགས་བྱེད་པ་དང་། ཚོང་དོན་སྒེར་གཅོད་ལ་ངོ་རྒོལ་བྱེད་པའི་གཅིག་གྱུར་གྱི་ཁྲིམས་འཛིན་བྱེད་པའི་འགན་འཁུར་དགོས། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་། སྤུས་ཚད་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་སྒྲིག་འཛུགས་ལག་བསྟར་བྱེད་དགོས། བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་། བཟའ་བཅའི་བདེ་འཇགས། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་བཅས་ཀྱི་འགན་འཁུར་བར་མ་ཟད། ཚད་འཇལ་ཚད་གཞི་དང་ཞིབ་བཤེར་ཚད་ལེན། དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཁས་ལེན་གྱི་ལས་དོན་གཅིག་གྱུར་སྒོས་དོ་དམ་བྱེད་པ་སོགས་རེད།

སྨན་རྫས་ལྟ་སྐུལ་དོ་དམ་གྱི་དམིགས་བསལ་རང་བཞིན་ལ་གཞིགས་ནས་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ལོགས་སུ་བཙུགས་ཏེ་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དོ་དམ་བྱེད་དགོས་ལ། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་རིམ་དབྱེ་དོ་དམ་གྱི་བྱེད་ཐབས་སྤྱོད་པ་དང་། སྨན་རྫས་ལྟ་སྐུལ་དོ་དམ་ལས་ཁུངས་དེ་ཞིང་ཆེན་རིམ་པ་དང་། སྨན་རྫས་གཉེར་སྐྱོང་བྲིན་ཚོང་སོགས་ཀྱི་བྱེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་དེ་གྲོང་ཁྱེར་དང་རྫོང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གཅིག་གྱུར་གྱིས་འགན་འཁུར་དགོས། 

རྒྱལ་ཁབ་གྱི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སྤྱི་ཁྱབ་ཅུས་ཀྱི་རྒྱལ་མཚམས་འགྲོ་འོང་ཞིབ་དཔྱད་དང་ནད་ཡམས་བརྟག་ཞིབ་དོ་དམ་གྱི་འགན་འཁྲི་དེ་མཚོ་འགག་སྤྱི་ཁྱབ་ཧྲུའུ་ནང་བཅུག་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་དོན་སྒེར་གཅོད་ངོ་རྒོལ་ཨུ་ཡོན་ལྷན་ཁང་སོར་འཇོག་བྱས་པ་དང་། ཞིབ་ཕྲའི་བྱ་བ་དག་རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་སྒྲུབ་པའི་འགན་འཁུར་བར་མ་ཟད། རྒྱལ་ཁབ་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཁས་ལེན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ཚད་ལྡན་ཅན་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་དེ་རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སུ་བཅུག་ནས་ཕྱི་ཕྱོགས་སུ་སྒོ་བྱང་སོར་འཇོག་བྱས། 

རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་དང་། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་རིམས་ནད་ཞིབ་བཤེར་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་སོར་འཇོག་མི་བྱེད། 

2 ལས་ཁུངས་ཀྱི་འགན་ནུས།

རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཏང་ཀྲུང་དབྱང་གི་སྨན་རྫས་ལྟ་སྐུལ་དོ་དམ་ལས་དོན་སྐོར་གྱི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། འགན་འཁྲི་ལག་བསྟར་བྱེད་རིང་ཏང་གིས་སྨན་རྫས་ལྟ་སྐུལ་དོ་དམ་ལས་དོན་ལ་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་དགོས། དེའང་འགན་ནུས་གཙོ་བོ་གཤམ་གསལ་ལྟར། 

གཅིག སྨན་རྫས(ཀྲུང་ལུགས་སྨན་དང་། མི་རིགས་ཀྱི་སྨན། གཤམ་དུ་དེ་དང་མཚུངས)དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་དགོས་པ་དང་། ལྟ་སྐུལ་དོ་དམ་གྱི་སྲིད་ཇུས་འཆར་འགོད་བཟོ་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་མ་ཟིན་འགོད་རྒྱུ་སྒྲིག་འཛུགས་བྱེད་པ་དང་། སྒྲིག་སྲོལ་བཟོ་འགོད་བྱེད་པ་དང་འབྲེལ་ལག་ལེན་བྱས་ཚུལ་ལ་ལྟ་སྐུལ་བྱེད་དགོས། སྨན་རྫས་དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ཀྱི་ལག་རྩལ་གསར་བ་དང་ཐོན་རྫས་གསར་བའི་དོ་དམ་དང་ཞབས་ཞུའི་སྲིད་ཇུས་ལ་ཞིབ་འཇུག་དང་སྐུལ་འདེད་ཀྱི་འཆར་ཟིན་བཟོ་འགོད་བྱ་དགོས།

གཉིས། སྨན་རྫས་དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ཀྱི་ཚད་གཞི་དོ་དམ་བྱེད་པའི་འགན་འཁུར་བ་དང་། རྒྱལ་ཁབ་ཀྱི་སྨན་གཞུང་སོགས་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་ཚད་གཞི་གཏན་འབེབས་དང་ཁྱབ་བསྒྲགས་བྱེད་པར་སྒྲིག་འཛུགས་བྱེད་དགོས། མཛེས་འདོན་བྱུག་རྫས་ཀྱི་ཚད་གཞི་བཟོ་འགོད་སྒྲིག་འཛུགས་དང་རིགས་འབྱེད་དོ་དམ་ལམ་ལུགས་གཏན་འབེབས་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས་པར་མ་ཟད། དེ་ལག་བསྟར་བྱས་ཚུལ་ལའང་ལྟ་སྐུལ་བྱེད་དགོས་ལ། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་གཏན་འབེབས་བྱེད་པའི་ནང་ཞུགས་པ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱེད་པར་གཞོགས་འདེགས་བྱེད་པའི་འགན་ཡང་འཁུར་དགོས།

གསུམ། སྨན་རྫས་དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ཐོ་འགོད་དོ་དམ་བྱེད་པའི་འགན་འཁུར་བ་དང་། ཐོ་འགོད་དོ་དམ་ལམ་ལུགས་བཟོ་བ་དང་། ཁྲོམ་ཞུགས་ཞིབ་མཆན་འགོད་རྒྱུ་ནན་དུ་གཏོང་བ། ཞིབ་བཤེར་དང་ཞིབ་མཆན་འགོད་པའི་ཞབས་ཞུ་སྟབས་བདེ་ཅན་དུ་གཏོང་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་ཀྱི་འགན་འཁུར་དགོས་པར་མ་ཟད། དེ་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་ཀྱང་བྱ་དགོས། 

བཞི། སྨན་རྫས་དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ཀྱི་སྤུས་ཚད་དོ་དམ་བྱེད་པའི་འགན་འཁུར་བ་དང་། སྤུས་ཚད་དོ་དམ་ཚད་ལྡན་ཅན་དུ་གཏོང་བར་ཞིབ་འཇུག་བགྱིས་ཏེ། ལག་བསྟར་བྱས་ཚུལ་ལའང་ལྟ་སྐུལ་བྱེད་དགོས། ཐོན་སྐྱེད་སྤུས་ཚད་ཀྱི་དོ་དམ་ཚད་གཞི་བཟོས་ནས་འགན་འཁྲི་ལྟར་ལག་བསྟར་བྱས་ཚུལ་ལའང་ལྟ་སྐུལ་བྱེད་དགོས་པ་དང་། གཉེར་སྐྱོང་དང་བེད་སྤྱོད་ཀྱི་སྤུས་ཚད་དོ་དམ་ཚད་ལྡན་ཅན་དུ་གཏོང་བའི་འགན་ཡང་འཁུར་དགོས།

ལྔ། སྨན་རྫས་དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ཚོང་རར་བཏོན་རྗེས་ཉེན་འགོག་དོ་དམ་བྱེད་པའི་འགན་འཁུར་དགོས། སྨན་རྫས་ཀྱི་ནུས་པ་མི་ལེགས་པ་དང་སྨན་བཅོས་ཡོ་བྱད་མི་ལེགས་པའི་དོན་རྐྱེན། མཛེས་འདོན་བྱུག་རྫས་ཀྱི་འགྱུར་འབྱུང་མི་ལེགས་པ་བཅས་ལ་ལྟ་ཞིབ་ཚད་ལེན་དང་། གདེང་འཇོག ཐག་གཅོད་བཅས་བྱེད་པའི་ལས་ཀ་སྒྲིག་འཛུགས་བྱེད་པར་མ་ཟད། ཁྲིམས་ལྟར་སྨན་རྫས་དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ཀྱི་བདེ་འཇགས་མཁོ་བསྟུན་དོ་དམ་ལས་ཀ་སྒྲུབ་པའི་འགན་ཡང་འཁུར་དགོས། 

དྲུག ལས་གཉེར་སྨན་སྦྱོར་བའི་ཐོབ་ཐང་ཆོག་འཐུས་དོ་དམ་བྱེད་པའི་འགན་འཁུར་བ་དང་། ལས་གཉེར་སྨན་སྦྱོར་བའི་ཐོབ་ཐང་ཆོག་འཐུས་ལམ་ལུགས་བཟོས་ནས་ལས་གཉེར་སྨན་སྦྱོར་བའི་ཐོ་འགོད་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས། 

བདུན། སྨན་རྫས་དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས་ལ། ཞིབ་བཤེར་ལམ་ལུགས་བཟོས་ནས་སྨན་རྫས་དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ཐོ་འགོད་སྐབས་ཀྱི་ཁྲིམས་འགལ་བྱ་སྤྱོད་རིགས། འགན་འཁྲི་གཞིར་བཟུང་ནས་ཐོན་སྐྱེད་དུས་སྐབས་ཀྱི་ཁྲིམས་འགལ་བྱ་སྤྱོད་རིགས་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་དགོས།

བརྒྱད། སྨན་རྫས་དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ཀྱི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་མཉམ་ལས་དང་འབྲེལ་འདྲིས་བྱེད་པའི་འགན་འཁུར་རྒྱུ་དང་། འབྲེལ་ཡོད་རྒྱལ་སྤྱིའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་ཚད་གཞི་གཏན་འབེབས་བྱ་བའི་ནང་ཞུགས་རྒྱུ།

དགུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གི་ལས་ཀར་སློབ་སྟོན་བྱེད་པའི་འགན་འཁུར་དགོས།

བཅུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་བྱ་བ་གཞན་དག་ལེགས་འགྲུབ་བྱེད་དགོས།

བཅུ་གཅིག འགན་ནུས་འཕོ་འགྱུར།

1. ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། བྱེ་བྲག་གི་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་ཇེ་ཉུང་དུ་གཏོང་བ་དང་། རིམ་བཞིན་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་མཚམས་སྦྱོར་བརྡ་ཁྱབ། སྨན་རྫས་ནད་ཐོག་ཚོད་ལྟའི་སྒྲིག་གཞི། དམིགས་བསལ་སྤྱོད་སྒོ་མེད་པའི་མཛེས་འཆོས་བྱུག་རྫས་ནང་འདྲེན་བྱེད་པ་སོགས་ཞིབ་མཆན་འགོད་པའི་དོན་ཚན་མེད་པར་བཟོ་བའམ་ཐོ་འགོད་བྱེད་པར་བསྒྱུར་དགོས། མཛེས་འཆོས་བྱུག་རྫས་ཀྱི་རྒྱུ་ཆ་གསར་བ་དང་ཉེན་ཁ་ཆེ་བའི་རིགས་ལ་ཆོག་འཐུས་དོ་དམ་དང་ཉེན་ཁ་ཆུང་བའི་རིགས་ལ་ཐོ་འགོད་སྙན་སེང་དོ་དམ་བྱེད་དགོས། 

2. ལས་དོན་སྒྲུབ་པའི་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དོ་དམ་བྱེད་སྟངས་གསར་བ་བཏོན་ནས། ཡིད་རྟོན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག” “མཉམ་འབྲེལ་དྲ་རྒྱ+ལྟ་སྐུལ་དོ་དམ”བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་བའི་སྤྱི་དམངས་ཀྱི་སྨན་སྤྱོད་ཡོ་བྱད་ཀྱི་དགོས་མཁོ་སྐོང་དགོས། 

3. ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། སྨན་རྫས་དང་སྨན་བཅོས་ཡོ་བྱད་ལ་ཞིབ་དཔྱད་དང་ཞིབ་བཤེར་ཆོག་མཆན་འགོད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཚོང་རར་བཏོན་ཆོག་པའི་ཆོག་འཐུས་འཛིན་མཁན་ལམ་ལུགས་འཛུགས་པ། གློག་རྡུལ་ཅན་གྱི་ཞིབ་དཔྱད་དང་ཞིབ་བཤེར་ཆོག་མཆན་འགོད་པར་སྐུལ་འདེད་གཏོང་བ། བརྒྱུད་རིམ་ལེགས་སྒྱུར་དང་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། གསར་གཏོད་ལ་སྐུལ་མ་གཏོང་བ་དང་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁོར་ཡུག་བསྐྲུན་དགོས། སྨན་རྫས་ཐོ་འགོད་རེ་ཞུའི་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས་རེ་ཞུ་བྱེད་མཁན་གྱིས་གོ་རིམ་ལྡན་པའི་ངང་ཞིབ་འཇུག་གསར་སྤེལ་དང་རེ་ཞུ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། 

4. ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། “ཚད་གཞི་གཟབ་ནན་དང་ལྟ་སྐུལ་དོ་དམ་ནན་ཏན། ཆད་གཅོད་ནན་ཏན། འགན་འཁྲི་བདའ་འདེད་ནན་མོ”བཅས་ཀྱི་བླང་བྱ་གཞིར་བཟུང་ནས་སྨན་རྫས་དང་། སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ཞིབ་བཤེར་དཔྱད་བསྡུར་དང་ལྟ་ཞིབ་ཚད་ལེན་སོགས་ཀྱི་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ལྟ་སྐུལ་དོ་དམ་དཔུང་སྡེ་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། འདྲ་བཟོའི་སྨན་རྫས་ཀྱི་སྤུས་ཚད་དང་ཕན་ནུས་ལ་གཅིག་གྱུར་གྱི་གདེང་འཇོག་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་བདའ་འདེད་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། རྒྱུད་ཁོངས་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཉེན་ཁར་དོགས་ཟོན་བྱེད་པ། སྨན་རྫས་དང་སྨན་བཅོས་ཡོ་བྱད་བདེ་འཇགས་ནུས་ལྡན་ཡོང་བའི་འགན་ལེན་བཅས་བྱེད་དགོས། 

བཅུ་གཉིས། འབྲེལ་ཡོད་འགན་འཁྲི་བགོས་ཚུལ། 

1. རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་འབྲེལ་བའི་འགན་འཁྲི་ལས་བགོས། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྨན་རྫས་དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་བཟོ་དགོས་པ་མ་ཟད། སྨན་རྫས་དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ཞིབ་འཇུག་གསར་བཟོ་སྐབས་ཀྱི་ཆོག་འཐུས་དང་ཞིབ་བཤེར། ཆད་གཅོད་བཅས་ཀྱི་འགན་འཁུར་དགོས། ཞིང་ཆེན་རིམ་པའི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྨན་རྫས་དང་སྨན་བཅོས་ཡོ་བྱད། བྱུག་རྫས་ཐོན་སྐྱེད་སྐབས་ཀྱི་ཆོག་འཐུས་དང་ཞིབ་བཤེར་ཆད་གཅོད། དེ་བཞིན་སྨན་རྫས་སྡེབ་ཚོང་ཆོག་འཐུས་དང་། སིལ་ཚོང་རྒྱུད་འབྲེལ་སྤྱི་ཁྱབ་པུའུ་ཡི་ཆོག་འཐུས། དྲ་སྦྲེལ་ཕྱིར་འཚོང་ཕྱོགས་གསུམ་པའི་ལས་སྟེགས་ཐོ་འགོད་སྙན་སེང་དང་དེ་བཞིན་ཞིབ་བཤེར་དང་ཆད་གཅོད་ཀྱི་འགན་འཁུར་དགོས། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྨན་རྫས་སིལ་ཚོང་དང་སྨན་བཅོས་ཡོ་བྱད་གཉེར་སྐྱོང་གི་ཆོག་འཐུས་དང་། ཞིབ་བཤེར། ཆད་གཅོད་བཅས་དང་དེ་བཞིན་བྱུག་རྫས་གཉེར་སྐྱོང་དང་སྨན་རྫས་དང་སྨན་བཅོས་ཡོ་བྱད་བེད་སྤྱོད་སྐབས་ཀྱི་སྤུས་ཚད་ལ་ཞིབ་བཤེར་དང་ཆད་གཅོད་བྱེད་པའི་འགན་འཁུར་དགོས།

2. རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་འབྲེལ་བའི་འགན་འཁྲི་ལས་བགོས། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཉམ་དུ་རྒྱལ་ཁབ་སྨན་གཞུང་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱེད་པ་དང་འབྲེལ། རྒྱལ་ཁབ་སྨན་གཞུང་བཟོས་ནས་སྨན་རྫས་ཀྱི་སྨན་ལོག་དང་སྨན་བཅོས་ཡོ་བྱད་ཀྱི་ཚུལ་མིན་དོན་རྐྱེན་ཚབས་ཆེན་ཕན་ཚུན་བརྡ་ཁྱབ་གཏོང་བའི་ལམ་སྲོལ་དང་མཉམ་འབྲེལ་ཐག་གཅོད་ལམ་སྲོལ་འཛུགས་དགོས། 

3. ཚོང་དོན་པུའུ་དང་འབྲེལ་ཡོད་འགན་འཁྲི་ལས་བགོས། ཚོང་དོན་པུའུ་ཡིས་སྨན་རྫས་འཁོར་རྒྱུག་འཕེལ་རྒྱས་ཀྱི་འཆར་འགོད་དང་སྲིད་ཇུས་བཟོ་རྒྱུའི་འགན་འཁུར་རྒྱུ་དང་། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྨན་རྫས་ལྟ་སྐུལ་དོ་དམ་ལས་དོན་ཁྲོད་སྨན་རྫས་འཁོར་རྒྱུག་འཕེལ་རྒྱས་ཀྱི་འཆར་འགོད་དང་སྲིད་ཇུས་ལག་བསྟར་བྱ་རྒྱུར་གཞོགས་འདེགས་བྱེད་དགོས། ཚོང་དོན་པུའུ་ཡིས་སྨན་རྫས་རིགས་ཀྱི་དུག་རྫས་བཟོ་སླ་བའི་ནང་འདྲེན་ཆོག་འཐུས་མ་སྤྲད་གོང་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་མོས་མཐུན་བྱུང་དགོས། 

4. སྤྱི་བདེ་པུའུ་ཡི་འབྲེལ་ཡོད་འགན་འཁྲི་ལས་བགོས། སྤྱི་བདེ་པུའུ་ཡིས་སྨན་རྫས་དང་སྨན་བཅོས་ཡོ་བྱད། བྱུག་རྫས་བཅས་ཀྱི་ཉེས་གསོག་གྱོད་གཞིར་མྱུལ་ཞིབ་བྱེད་པའི་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་པའི་འགན་འཁུར་བ་དང་། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྤྱི་བདེ་པུའུ་དང་མཉམ་དུ་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་ལས་དོན་འབྲེལ་མཐུད་ལམ་སྲོལ་བཙུགས་ཡོད། སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་ལ་བྱས་ཉེས་བསགས་པའི་དོགས་པ་ཡོད་པ་ཤེས་ཚེ། འབྲེལ་ཡོད་གཏན་འབེབས་ལྟར་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་སྐྱེལ་སྤྲོད་བྱ་དགོས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་མགྱོགས་མྱུར་ངང་ཞིབ་བཤེར་བྱ་དགོས་པ་མ་ཟད། ཁྲིམས་ལྟར་གྱོད་དོན་ཐོ་འགོད་དམ་ཡང་ན་གྱོད་དོན་ཐོ་འགོད་མི་བྱེད་པའི་ཐག་གཅོད་ཀྱང་བྱ་དགོས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཞིབ་བཤེར་དང་གསལ་འབྱེད། ངོས་འཛིན་སོགས་ཀྱི་གཞོགས་འདེགས་བྱེད་པའི་རེ་ཞུ་ཞུས་ནས། སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དེར་རོགས་རམ་བྱེད་དགོས། 

3  ལས་ཁུངས་ཀྱི་སྒྲིག་གཞི།

ནང་གི་ལས་ཁུངས་དག་ནི་སི་ཅུས་ཀྱི་རིམ་པ་གཞོན་པ་ཡིན།

གཅིག ནོར་དོན་སིའི་བྱ་བར་ཕྱོགས་བསྡུས་དང་འཆར་འགོད་བྱེད་པ།

ཆ་འཕྲིན་དང་བདེ་འཇགས། གསང་དོན། ཡིག་སྐུར་འཚམས་འདྲི་དང་སྲིད་དོན་ཡོངས་བསྒྲགས། ཆ་འཕྲིན་ཅན། གསར་འགྱུར་དྲིལ་བསྒྲགས་སོགས་ཀྱི་ལས་འགན་འཁུར་དགོས། གོང་སྤེལ་འཆར་འགོད་དང་ཆེད་དམིགས་འཛུགས་སྐྲུན་འཆར་གཞི་བཟོ་འགོད་དང་ལག་བསྟར་སྒྲིག་འཛུགས་བྱས་ནས་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ལས་ཁུངས་དང་ཐད་གཏོགས་སྡེ་ཁག་གི་སྔོན་རྩིས་དང་ངེས་རྩིས། ནོར་དོན། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་དང་ནང་ཁུལ་གྱི་རྩིས་བཤེར་ལས་ཀ་སྒྲུབ་པའི་འགན་འཁུར་བར་མ་ཟད། ཕྱོགས་བསྡུས་རང་བཞིན་གྱི་ཟིན་བྲིས་དང་ཚོགས་འདུའི་ཡིག་ཆ་གལ་ཆེན་འཆར་ཟིན་འགོད་རྒྱུ་སྒྲིག་འཛུགས་བྱས་ཡོད།

གཉིས། སྲིད་ཇུས་ཁྲིམས་སྲོལ་སི།

སྨན་རྫས་དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྲིད་ཇུས་གལ་ཆེན་ལ་ཞིབ་འཇུག་བྱེད་དགོས། བཅའ་ཁྲིམས་ཁྲིམས་སྲོལ་དང་སྡེ་ཁག་གི་སྒྲིག་སྲོལ་འཆར་ཟིན་འགོད་རྒྱུ་སྒྲིག་འཛུགས་བྱས་ནས་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་ཞིབ་བཤེར་ལས་དོན་སྒྲུབ་པའི་འགན་འཁུར་དགོས། ཁྲིམས་བསྟར་ལྟ་སྐུལ་དང་སྲིད་འཛིན་བསྐྱར་གྲོས། སྲིད་འཛིན་ཞུ་ལན་གནང་བ་བཅས་ཀྱི་ལས་ཀ་སྒྲུབ་པའི་འགན་འཁུར་དགོས། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་དོ་དམ་བྱེད་པའི་འགན་འཁུར་ལ། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལས་ཀ་སྒྲུབ་པའི་འགན་ཡང་འཁུར་དགོས།

གསུམ། སྨན་རིགས་ཐོ་འགོད་དོ་དམ་སི། (ཀྲུང་ལུགས་སྨན་རྫས་སྨན་རྫས་ལྟ་སྐུལ་དོ་དམ་སི)

རྒྱལ་ཁབ་ཀྱི་སྨན་གཞུང་སོགས་སྨན་རྫས་ཀྱི་ཚད་གཞི་དང་ལག་རྩལ་ཁྲིད་སྟོན་བྱེད་པའི་རྩ་དོན་བཟོ་འགོད་དང་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱེད་པ་དང་། སྨན་རྫས་ཐོ་འགོད་དོ་དམ་ལམ་ལུགས་བཟོ་འགོད་དང་ལག་བསྟར་བྱ་རྒྱུར་ལྟ་སྐུལ་བྱས་ཏེ། ནད་ཐོག་སྨན་བཅོས་མིན་པའི་སྨན་རྫས་ཞིབ་འཇུག་དང་ནད་ཐོག་ཚོད་ལྟའི་སྤུས་ཚད་དོ་དམ་ཚད་ལྡན། རྒྱ་ལུགས་སྨན་སྦྱོར་ཚད་ལྡན་བཅས་ལག་བསྟར་བྱེད་པར་ལྟ་སྐུལ་དང་། ཀྲུང་ལུགས་སྨན་རྫས་ཀྱི་རིགས་རྒྱུད་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱེད་དགོསཔར་མ་ཟད། རིགས་དབྱེ་དོ་དམ་ལམ་ལུགས་ལག་བསྟར་དང་ཡུལ་དངོས་ཞིབ་བཤེར། འབྲེལ་ཡོད་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བཅས་ཀྱི་ལས་ཀ་སྒྲུབ་པའི་འགན་འཁུར་དགོས་ལ། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་གཏན་འབེབས་བྱེད་པར་ཞུགས་པ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱེད་པར་གཞོགས་འདེགས་བྱ་དགོས།

བཞི། སྨན་རྫས་ལྟ་སྐུལ་དོ་དམ་སི།

སྨན་རྫས་ཐོན་སྐྱེད་ཀྱི་སྤུས་ཀར་དོ་དམ་བྱེད་པའི་ཚད་གཞི་བཟོ་འགོད་བྱ་རྒྱུའི་སྒྲིག་འཛུགས་བྱེད་པ་དང་། གཉེར་སྐྱོང་དང་བེད་སྤྱོད་ཀྱི་སྤུས་ཀར་དོ་དམ་བྱེད་པའི་ཚད་གཞི་བཟོ་འགོད་དང་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་ཀྱང་བྱེད་དགོས། ཐོན་སྐྱེད་བྱ་ཡུལ་དངོས་ལ་ཞིབ་བཤེར་བྱེད་པར་མཛུབ་སྟོན་བྱེད་པ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་རྩད་ཞིབ་ཐག་གཅོད་བྱེད་པའི་ལས་ཀ་སྒྲིག་འཛུགས་བྱེད་པའི་འགན་འཁུར་དགོས། སྤུས་ཚད་ལ་དཔེ་འཐེན་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་དུས་བཀག་ལྟར་སྤུས་ཚད་སྤྱི་བསྒྲགས་བྱེད་པ་དང་། འགྱུར་འབྱུང་མི་ལེགས་པའི་ལྟ་ཞིབ་ཚད་ལེན་སྒྲིག་འཛུགས་བྱེད་པ་མ་ཟད་ཁྲིམས་ལྟར་ཐག་གཅོད་ཀྱང་བྱེད་དགོས་ལ། འཕྲོ་ནུས་ལྡན་པའི་སྨན་རྫས་དང་ཁྲེ། དུག་ཤེད་ཅན་གྱི་སྨན་རྫས་བཅས་དང་དེ་བཞིན་དུག་བཟོ་སླ་བའི་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་དགོས།

ལྔ། སྨན་བཅོས་ཡོ་བྱད་ཐོ་འགོད་དོ་དམ་སི།

སྨན་བཅོས་ཡོ་བྱད་ཀྱི་ཚད་གཞི་དང་རིགས་འབྱེད་སྒྲིག་སྲོལ། མིང་འདོགས་སྒྲིག་སྲོལ། ཨང་སྒྲིག་སྒྲིག་སྲོལ་བཅས་བཟོ་འགོད་དང་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་དང་ལྟ་སྐུལ་བྱེད་པ་དང་། སྨན་བཅོས་ཡོ་བྱད་ཐོ་འགོད་དོ་དམ་ལམ་ལུགས་བཟོ་འགོད་དང་ལག་བསྟར་བྱས་ཏེ། སྨན་བཅོས་ཡོ་བྱད་ནད་ཐོག་ཚོད་ལྟའི་སྤུས་ཚད་དོ་དམ་ཚད་ལྡན་དང་ལག་རྩལ་མཛུབ་ཁྲིད་ཀྱི་རྩ་དོན་བཟོ་འགོད་དང་ལག་བསྟར་བྱེད་པར་ཡང་ལྟ་སྐུལ་བྱེད་དགོས། ལས་ཡུལ་དངོས་ལ་ཞིབ་བཤེར་དང་ཞིབ་འཇུག་གསར་བཟོ་བྱེད་པའི་བྱ་བ་སྒྲིག་འཛུགས་དང་། ཁྲིམས་འགལ་གྱི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་བྱེད་པའི་ལས་ཀ་སྒྲུབ་པའི་འགན་འཁུར་དགོས།

དྲུག སྨན་བཅོས་ཡོ་བྱད་ལྟ་སྐུལ་དོ་དམ་སི།

སྨན་བཅོས་ཡོ་བྱད་ཀྱི་ཐོན་སྐྱེད་སྤུས་ཚད་དོ་དམ་གྱི་ཚད་གཞི་བཟོ་བ་དང་འབྲེལ་འགན་འཁྲི་ལྟར་ལྟ་སྐུལ་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་བྱེད་པ་དང་། གཉེར་སྐྱོང་དང་བེད་སྤྱོད་སྤུས་ཚད་དོ་དམ་ཚད་ལྡན་བཟོ་བ་དང་། ཐོན་སྐྱེད་བྱ་ཡུལ་དངོས་ལ་ཞིབ་བཤེར་བྱེད་པར་ཁྲིད་སྟོན་སྒྲིག་འཛུགས་བྱེད་དགོས། ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་རྩད་ཞིབ་ཐག་གཅོད་བྱེད་པའི་ལས་ཀ་སྒྲིག་འཛུགས་བྱེད་པིའ་འགན་འཁུར་བ་དང་། སྤུས་ཚད་ལ་དཔེ་འཐེན་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་དུས་བཀག་ལྟར་སྤུས་ཚད་སྤྱི་བསྒྲགས་བྱས་ནས། དོན་རྐྱེན་ངན་པར་ལྟ་ཞིབ་ཚད་ལེན་བྱ་རྒྱུ་སྒྲིག་འཛུགས་བྱེད་པར་མ་ཟད་ཁྲིམས་ལྟར་ཐག་གཅོད་ཀྱང་བྱེད་དགོས།

བདུན། མཛེས་འདོན་བྱུག་རྫས་ལྟ་སྐུལ་དོ་དམ་སི།

མཛེས་འཆོས་བྱུག་རྫས་ཐོ་འགོད་སྙན་སེང་ལས་ཀ་སྒྲིག་འཛུགས་བྱས་ཏེ། མཛེས་འཆོས་བྱུག་རྫས་ཀྱི་ཚད་གཞི་དང་རིགས་འབྱེད་སྒྲིག་སྲོལ། ལག་རྩལ་ཁྲིད་སྟོན་བཅས་ཀྱི་རྩ་དོན་བཟོ་འགོད་དང་ལྟ་སྐུལ་བྱེད་དགོས་ལ། མཛེས་འཆོས་བྱུག་རྫས་ཞིབ་བཤེར་ལམ་ལུགས་བཟོ་འགོད་དང་བཟོ་སྐྲུན་བྱེད་ཡུལ་དངོས་ལ་ཞིབ་བཤེར། འགན་འཁྲི་ལྟར་ཐོན་སྐྱེད་བྱ་ཡུལ་དངོས་ལ་ཞིབ་བཤེར་དང་ཞིབ་བཤེར་ཐག་གཅོད་བཅས་བྱེད་པའི་ལས་ཀར་འགོ་ཁྲིད་བྱེད་པའི་འགན་ཡང་འཁུར་དགོས། སྤུས་ཚད་ལ་དཔེ་འཐེན་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་དུས་བཀག་ལྟར་སྤུས་ཚད་སྤྱི་བསྒྲགས་དང་། འགྱུར་འབྱུང་མི་ལེགས་པའི་ལྟ་ཞིབ་ཚད་ལེན་སྒྲིག་འཛུགས་བྱེད་པ་མ་ཟད་ཁྲིམས་ལྟར་ཐག་གཅོད་ཀྱང་བྱ་དགོས།

བརྒྱད། ཚན་རྩལ་དང་རྒྱལ་སྤྱིའི་མཉམ་ལས་སི། (ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གཞུང་ལས་ཁང)

སྨན་རྫས་དང་སྨན་བཅོས་ཡོ་བྱད། མཛེས་འདོན་བྱུག་རྫས་བཅས་ཀྱི་ཞིབ་བཤེར་དཔྱད་བསྡུར་དང་། ཞིབ་འཇུག་བྱེད་པའི་ཚན་རིག་དང་མཐུན་པའི་ཡོ་བྱད་དང་བྱེད་ཐབས་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་དང་། ལག་རྩལ་གསར་པ་དང་ཐོན་རྫས་གསར་པར་དོ་དམ་དང་ཞབས་འདེགས་ཞུ་བར་སྐུལ་འདེད་བྱེད་པའི་སྲིད་ཇུས་ཞིབ་འཇུག་དང་བཟོ་འགོད་བྱེད་དགོས་པར་མ་ཟད། ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་པའི་ཚད་གཞི་དང་དོ་དམ་ཚད་གཞི། ཞིབ་བཤེར་ཞིབ་དཔྱད་ལས་ཁུངས་ཀྱི་ཐོབ་ཐང་ངོས་འཛིན་ཆ་རྐྱེན་དང་ཞིབ་བཤེར་ཚད་གཞི་བཅས་བཟོ་འགོད་དང་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་དགོས། ཚན་རྩལ་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་རྒྱུ་དང་། རྒྱལ་སྤྱིའི་འབྲེལ་འདྲིས་དང་མཉམ་ལས། ད་དུང་ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་བར་ལ་འབྲེལ་འདྲིས་དང་མཉམ་ལས་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་དང་། རྒྱལ་སྤྱིའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་ཚད་གཞི་གཏན་འབེབས་བྱེད་པར་ཞུགས་པར་མཐུན་སྦྱོར་བྱེད་དགོས།

དགུ། མི་དོན་སི། ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི་ལས་བྱེད་པའི་མི་དོན་དང་སྒྲིག་ཁོངས།

ངལ་རྩོལ་གླ་ཕོགས། སློབ་གསོའི་ལས་དོན་བཅས་ལ་འགན་འཁུར་རྒྱུ་དང་། འབྲེལ་ཡོད་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་བྱ་བར་མཛུབ་ཁྲིད་བྱེད་པར་མ་ཟད། ལས་གཉེར་སྨན་སྦྱོར་པའི་ཐོབ་ཐང་དོ་དམ་བྱེད་པའི་འགན་འཁུར་དགོས། 

ལས་ཁུངས་ཏང་ཨུ། ལས་ཁུངས་དང་པེ་ཅིང་དུ་ཡོད་པའི་ཐད་གཏོགས་སྡེ་ཚན་གྱི་ཏང་དང་མང་ཚོགས་སྐོར་གྱི་ལས་ཀ་སྒྲུབ་པའི་འགན་འཁུར་དགོས། 

ལས་བྲལ་དང་ལས་འཁྱུར་ངལ་གསོ་ལས་བྱེད་ཅུས། ལས་ཁུངས་ཀྱི་ལས་བྲལ་དང་ལས་འཁྱུར་ལས་བྱེད་ཀྱི་ལས་ཀའི་འགན་འཁུར་རྒྱུ་དང་། ཐད་གཏོགས་ལས་ཁུངས་ཀྱི་ལས་བྲལ་དང་ལས་འཁྱུར་ལས་བྱེད་པའི་བྱ་བར་མཛུབ་སྟོན་བྱེད་དགོས། 

4 མི་སྣའི་སྒྲིག་ཁོངས།

རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་ཁུངས་སྲིད་འཛིན་སྒྲིག་ཁོངས་མི216(དེའི་ནང་ཨུ་ཡོན་གཉིས་ཀྱི་སྒྲིག་ཁོངས་གཉིས་དང་རོགས་སྐྱོར་མངགས་གཏོངས་སྒྲིག་ཁོངས་གཉིས། ལས་བྲལ་ལས་འཁྱུར་ངལ་གསོ་བྱ་བའི་བྱེད་མཁན་གྱི་སྒྲིག་ཁོངས་མི་ཉི་ཤུ) ཅུས་ཀྲང་གཅིག་དང་ཅུས་ཀྲང་གཞོན་པ་བཞི། སྨན་རྫས་བདེ་འཇགས་སྤྱིའི་ལྟ་སྐུལ་བ་གཅིག སྨན་རྫས་རྟོག་ཞིབ་ཆེད་མཁས་པ་གཅིག སི་ཀྲང་དང་སི་ཀྲང་གཞོན་པའི་སྒྲིག་ཁོངས་སོ་གཉིས(དེའི་ནང་ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མི་གཅིག) ལས་བྲལ་དང་ལས་འཁྱུར་ངལ་གསོ་ལས་བྱེད་ཅུས་ཀྱི་འགོ་ཁྲིད་སྒྲིག་ཁོངས་མི་གཉིས།

5 སྨན་བཅོས་གློག་རྡུལ་ཚོང་དོན་གཏན་འབེབས། 

རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་ཡིག་ཆའི་གཏན་འབེབས་ལྟར་ན། རང་རྒྱལ་གྱི་སྨན་བཅོས་དང་སྨན་རྫས་ཀྱི་དྲ་ཐོག་ཚོང་དོན་རིགས་ཁ་ཤས་ལས་མེད་པ་སྟེ།

ལག་ཁྱེརA རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཡོངས་སུ་ལག་ཁྱེར16ལས་མེད།(2015ལོའི་ཟླ4བའི་ཚེས15ཉིན་བར) 

བྱེད་སྟངས། སྨན་རྫས་མིན་པའི་གཉེར་སྐྱོང་ཁེ་ལས་ཀྱིས་བཙུགས་པའི་ཁེ་ལས་ཀྱིས་ཁེ་ལས(B2B)ཕྱོགས་གསུམ་པའི་ཉོ་ཚོང་ལས་སྟེགས་ལ་བཀོལ་བ། ཉོ་ཚོང་བྱེད་མཁན་ཕྱོགས་གཉིས་ཀ་ངེས་པར་དུ་ཁྲིམས་མཐུན་གྱི་སྨན་རྫས་གཉེར་སྐྱོང་ཁེ་ལས་སམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་ཡིན་དགོས། དྲ་ཚིགས་ཐོག་ལག་རྩལ་གྱི་རྒྱབ་སྐྱོར་དང་ཞབས་ཞུ་མཁོ་འདོན་བྱེད་པ་ལས་སྨན་རྫས་རང་ངོས་ཀྱི་ཉོ་ཚོང་བྱེད་སྤྱོད་ནང་ཞུགས་མི་ཆོག བྱེད་ཐབས་དེ་རིགས་ཀྱིས་ཚད་གཞི་མཐོན་པོས་སྨན་རྫས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། དྲ་ཐོག་གི་སྨན་དང་སྨན་རྫས་ཚོང་འདུས་ཆགས་དུ་འཇུག་ཐུབ།

ལག་ཁྱེརB ཞིང་ཆེན་ཅུས་ཀྱིས་ཞིབ་མཆན་འགོད་པ།

བྱེད་ཐབས། ཁེ་ལས་རང་ཉིད་ཀྱིས་ཁྲིམས་མཐུན་སྨན་རྫས་སྡེབ་འཚོང་བཙུགས་པ་དང་། རང་ཉིད་ཀྱི་ཚོང་གཉེར་སྣ་རིགས་ཁོ་ནར་ཞབས་འདེགས་ཞུ་བའི་གློག་རྡུལ་ཉོ་ཚོང་དྲ་ཚིགས་བཅས་ཡིན། ཉོ་སྒྲུབ་བྱེད་མཁན་གྱིས་ངེས་པར་དུ་ཁྲིམས་མཐུན་གྱི་སྨན་རྫས་གཉེར་སྐྱོང་ཁེ་ལས་སམ་ཡང་ན། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་ལ་ཁྲིམས་མཐུན་གྱི་སྨན་རྫས་གཉེར་སྐྱོང་ཐོབ་ཐང་ལྡན་དགོས་ཤིང་། དེ་ལ་དྲ་ཐོག་སྨན་རྫས་སྡེབ་འཚོང་ཀུང་ཟི་ཟེར།

ལག་ཁྱེརC ཞིང་ཆེན་ཅུས་ཀྱིས་ཞིབ་མཆན་འགོད་པ།

བྱེད་ཐབས། ཁྲིམས་མཐུན་སྨན་རྫས་སིལ་འཚོང་རྒྱུད་འབྲེལ་ཁེ་ལས་རང་གིས་བསྐྲུན་པ་དང་། མི་སྒེར་གྱི་འཛད་སྤྱོད་པར་དྲ་ཐོག་ནས་གློག་རྡུལ་ཚོང་དོན་སིལ་ཚོང་བྱེད་པར་ཞབས་འདེགས་ཞུ་དགོས། དྲ་ཚིགས་ཡོད་པའི་ཁེ་ལས་ཀྱིས་ངེས་པར་དུ་ཁྲིམས་མཐུན་གྱི་སྨན་རྫས་སིལ་འཚོང་མུ་འབྲེལ་ཁེ་ལས་ཡིན་དགོས་པ་དང་། རྒྱལ་ཁབ་ཀྱིས་ཁྱབ་བསྒྲགས་བྱས་པའི་སྨན་རྫས་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་ཡོད་དགོས་ཤིང་། དེར་སྤྱིར་བཏང་དུ་དྲ་ཐོག་སྨན་རྫས་ཚོང་ཁང་ཟེར། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།