བརྗེད་པར་དཀའ་བའི་ཉིན་ཞིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྗེད་པར་དཀའ་བའི་ཉིན་ཞིག
རྩོམ་ཡིག་འདིར་ཇི་བཞིན་བརྗོད་པའི་རྩོམ་གྱི་འབྲི་ལུགས་སྤྱད་ནས་དུས་ཚོད་དང་། མི་སྣ། བྱ་བའི་འབྱུང་རྐྱེན། བྱ་བའི་འཕེལ་རིམ། བྱ་བའི་མཇུག་འབྲས་བཅས་ཀྱི་གོ་རིམ་དོན་སྙིང་ལྡན་པའི་སྒོ་ནས་བྲིས་ཡོད།
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
སྒྲོལ་མ་མཚོ་མོ།
ཕ་ཡུལ།
ལྷ་ས།
སློབ་གྲྭ།
ལྷ་ས་གྲོང་ཁྱེར་སློབ་ཆུང་གསུམ་པ།
1 ངོ་སྤྲོད།

རྩོམ་ཡིག་འདིར་ཇི་བཞིན་བརྗོད་པའི་རྩོམ་གྱི་འབྲི་ལུགས་སྤྱད་ནས་དུས་ཚོད་དང་། མི་སྣ། བྱ་བའི་འབྱུང་རྐྱེན།  བྱ་བའི་འཕེལ་རིམ། བྱ་བའི་མཇུག་འབྲས་བཅས་ཀྱི་གོ་རིམ་དོན་སྙིང་ལྡན་པའི་སྒོ་ནས་བྲིས་ཡོད།

2 རྩོམ་དངོས།

དེ་རིང་རེས་གཟའ་ཉི་མ་ཡིན་པས་ང་དང་གཅེན་མོ་སྔར་རྒྱུན་བཞིན་དབྱིན་ཡིག་གི་ཟུར་ཁྲིད་ཉན་རྗེས། དགའ་དགའ་སྤྲོ་སྤྲོའི་ངང་ཁྱིམ་དུ་ལོག་བཞིན་ཡོད།

གནམ་གཤིས་ཚ་བ་ཧ་ཅང་ཆེ་བས་ལམ་འགྲུལ་པ་འགའ་ཞིག་གཡུ་ལོ་རྒྱས་པའི་ལྗོན་ཤིང་གི་གྲིབ་གཟུགས་འོག་ཏུ། ཚ་གཡོལ་གྱི་ངལ་གསོ་བརྒྱབ་ནས་བསྡད་འདུག་པ་ལས་གཞན། གཞུང་ལམ་དུ་འཁོར་རིགས་མ་གཏོགས་འགྲུལ་བཞུད་བྱེད་མཁན་མང་པོ་མ་མཆིས། དེ་ལྟར་ང་དང་གཅེན་མོ་གཉིས་གཏམ་གླེང་བྱེད་ཀྱིན་ལམ་དུ་སྐྱོད་སྐབས། གློ་བུར་དུ་སྣམ་བུའི་ཕྱུ་པ་གྱོན་པའི་སྤོ་བོ་ལགས་ཤིག་གིས་རྡོག་ཁྲེས་ལྗིད་པོ་ཞིག་ཁྱེར་ནས། ང་གཉིས་ཀྱི་ཕྱོགས་སུ་ཡོང་བ་མཐོང་བ་དང་ཆབས་ཅིག་ངའི་ཡིད་ལ་སྤོ་བོ་ལགས་དེ་གྲོང་གསེབ་ནས་ཡོང་བ་ཡིན་ངེས་རེད་སྙམ་བྱུང་།

མུ་མཐུད་ང་དང་གཅེན་མོ་གཉིས་མདུན་ཕྱོགས་སུ་ཅུང་ཙམ་བསྐྱོད་པའི་སྐབས་དེར། ངའི་མདུན་གྱི་ས་སྟེང་དུ་སྣམ་བུ་ལས་བཟོས་པའི་དངུལ་ཁུག་གཅིག་ཡོད་པ་མཐོང་འཕྲལ་ངས་དངུལ་ཁུག་དེ་ཡར་བླངས་ནས་ཁ་ཕྱེ་ནས་ལྟ་སྐབས།  དེའི་ནང་མི་དམངས་ཤོག་སྒོར་ལྔ་བརྒྱ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་གཅིག་འདུག་པས། ངས་སྐད་ཤུགས་ཆེན་པོས་དངུལ་ཁུག་འདི་སུ་ཞིག་གི་ཡིན་ཞེས་བོས་པས་སྤོ་བོ་ལགས་དེས་དངངས་སྐྲག་ཆེན་པོའི་སྒོ་ནས་བུ་མོ། བུ་མོ་ངའི་དངུལ་ཁུག་རེད་ཅེས་གསུངས་པ་དང་། ངས་དོགས་འཆར་སྤུ་ཙམ་མེད་པར་དངུལ་ཁུག་དེ་ཁོང་ལ་རྩིས་འབུལ་ཞུ་སྐབས། སྤོ་བོ་ལགས་དེ་སྐྲ་ལོ་སྐྱ་ཕྱེད་སྔོ་ཕྱེད་སྟེང་སྟོང་སྐུད་དམར་པོས་སླས་མ་བསླས་ཏེ་མགོ་བོའི་སྟེང་དུ་དཀྲིས་ལ། རྣ་བ་གཡོན་མར་གཡུ་སྔོ་ཐིང་ཐིང་ཞིག་བཏགས་ཡོད་པ་དང་། གདོང་པར་གཉེར་མའི་ཆུ་རིས་ལྡན་པར་བལྟས་ན། ཕལ་ཆེར་དགུང་ལོ་དྲུག་ཅུ་ལྷག་ཙམ་ལ་སླེབས་འདུག དེ་རྗེས་ཁོང་གིས་ངའི་ལག་པ་ནས་འཇུས་ཏེ་ཐུགས་རྗེ་ཆེ་བུ་མོ་ཞེས་གསུངས་བྱུང་བས་ངས་བྱེད་འོས་པ་ཞིག་རེད་ཅེས་བཤད་པ་དང་། མུ་མཐུད་ནས་སྤོ་བོ་ལགས་ཁྱེད་རང་གང་ནས་ཡིན་ནམ། ད་ལྟ་གང་དུ་ཕེབས་ཞེས་དྲིས་པས་ཁོང་གིས་ང་གྲོང་གསེབ་ཆུ་ཤུལ་ནས་ལྷ་སར་བུ་མོ་ཐུག་པར་ཡོང་བ་ཡིན། ཡིན་ནའང་ད་ལྟ་ལྷ་སར་གནམ་ས་བླ་འོག་གི་འགྱུར་ལྡོག་ཕྱིན་འདུག་པས། ངས་དེ་སྔོན་གྱི་སྡོད་གནས་མི་ཤེས་ཞེས་གསུངས་བྱུང་། 

དེ་ནས་ངས་ཁོང་ལ་ཁྱོད་ཀྱི་བུ་མོའི་མཚན་ལ་གང་ཟེར་བ་དང་། ལས་ཀ་གང་དུ་བྱེད་ཀྱི་ཡོད་ཅེས་དྲིས་པ་ཡིན། ཁོང་གིས་བུ་མོའི་མིང་ལ་སྒྲོལ་མ་ཟེར་ཞིང་བོད་ལྗོངས་ཚགས་པར་ལས་ཁུངས་སུ་ལས་ཀ་བྱེད་ཀྱི་ཡོད་ཅེས་གསུངས། 

དེ་ལྟར་ངེད་གསུམ་གཏམ་གླེང་བྱེད་ཀྱིན་བོད་ལྗོངས་ཚགས་པར་ལས་ཁུངས་ཀྱི་ཕྱོགས་སུ་བསྐྱོད་པ་ཡིན། བོད་ལྗོངས་ཚགས་པར་ལས་ཁུངས་ཀྱི་སྒོ་འགྲམ་དུ་སླེབས་པ་ན། ཁོང་གི་བུ་མོས་སྒོ་འགྲམ་དུ་ཁོང་ལ་སྒུག་ཡོད་པ་དང་འཕྲད་རྗེས། ང་དང་གཅེན་མོ་ཡང་དགའ་སྤྲོ་ཆེན་པོས་བྱ་འཕུར་བ་ལྟར་ཁྱིམ་དུ་ལོག་པ་ཡིན། ནང་དུ་སླེབས་རྗེས་ཆུ་ཚོད་གསུམ་པ་ཟིན་འདུག་པས། ཨ་མ་ལགས་ཀྱིས་ངེད་གཉིས་ལ་ད་བར་གང་དུ་འཁྱམས་པ་ཡིན་ཞེས་བཀའ་བཀྱོན་གནང་བྱུང་ཡང་ངའི་སེམས་ལ་བརྗོད་མི་ཤེས་པའི་སྤྲོ་སྣང་གིས་ཁེངས།

རྗེས་སུ་གཅེན་མོས་གནས་ཚུལ་དེ་ཇི་མ་ཇི་བཞིན་ནང་མི་ལ་བཤད་པས་པཱ་ལགས་ཀྱིས་ཀྱང་ང་གཉིས་ལ་བསྔགས་བརྗོད་ཡང་ཡང་གནང་བྱུང་།

3 དཔྱད་གཏམ།

རྩོམ་ཡིག་འདིར་ཇི་བཞིན་བརྗོད་པའི་རྩོམ་གྱི་འབྲི་ལུགས་སྤྱད་ནས་དུས་ཚོད་དང་། མི་སྣ། བྱ་བའི་འབྱུང་རྐྱེན།  བྱ་བའི་འཕེལ་རིམ། བྱ་བའི་མཇུག་འབྲས་བཅས་ཀྱི་གོ་རིམ་ལྟར་དོན་སྙིང་ལྡན་ལ་བརྗེད་པར་དཀའ་བའི་ཉིན་མོ་ཞིག་གི་གནས་ཚུལ་བརྗོད་དེ་།   མི་རྣམས་ལ་ཡ་རབས་སྤྱོད་བཟང་གི་ལས་ལ་བརྩོན་དགོས་པའི་འབོད་སྐུལ་བྱས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།