གཞུང་ལས་ལས་ཁུངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཞུང་ལས་ལས་ཁུངས།
གཞུང་ལས་ལས་ཁུངས(གཞུང་ལས་སྡེ་ཁག)ནི་འགོ་ཁྲིད་ལས་ཁུངས་ཀྱིས་ལས་ཀའི་དགོས་མཁོར་གཞིགས་ནས་བཙུགས་པའི་ནང་ཁུལ་གྱི་དོན་སྒྲུབ་ལས་ཁུངས་ཤིག་ཡིན་ཞིང་། ཐད་ཀར་སྲིད་འཛིན་འགོ་ཁྲིད་པའམ་ལས་ཁུངས་ཀྱི་འགན་འཁུར་མི་སྣའི་ཁོངས་སུ་གཏོགས་པ་དང་དེའི་ཕྱོགས་ཡོངས་ཀྱི་གཞོགས་འདེགས་ལས་ཁུངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
办公机构
འགན་ནུས།
སྲིད་འཛིན་འགོ་ཁྲིད་པའམ་ལས་ཁུངས་ཀྱི་འགན་ཁུར་པས་ཆེད་དམིགས་ཀྱི་བྱ་བ་སྒྲུབ་པར་རམ་འདེགས་བྱེད་པ།
1 ངོ་སྤྲོད་མདོར་བསྡུས།

གཞུང་ལས་ལས་ཁུངས(གཞུང་ལས་སྡེ་ཁག)ནི་འགོ་ཁྲིད་ལས་ཁུངས་ཀྱིས་ལས་ཀའི་དགོས་མཁོར་གཞིགས་ནས་བཙུགས་པའི་ནང་ཁུལ་གྱི་དོན་སྒྲུབ་ལས་ཁུངས་ཤིག་ཡིན་ཞིང་། ཐད་ཀར་སྲིད་འཛིན་འགོ་ཁྲིད་པའམ་ལས་ཁུངས་ཀྱི་འགན་འཁུར་མི་སྣའི་ཁོངས་སུ་གཏོགས་པ་དང་དེའི་ཕྱོགས་ཡོངས་ཀྱི་གཞོགས་འདེགས་ལས་ཁུངས་ཤིག་ཡིན། གཞུང་ལས་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི་སྲིད་འཛིན་འགོ་ཁྲིད་པའམ་ལས་ཁུངས་ཀྱི་འགན་ཁུར་པས་ཆེད་དམིགས་ཀྱི་བྱ་བ་སྒྲུབ་པར་རམ་འདེགས་བྱེད་པ་དང་། ཡང་ན་སྲིད་འཛིན་ལས་ཁུངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་བྱ་བར་དོ་དམ་བྱེད་པར་རམ་འདེགས་དང་མཐུན་སྦྱོར་གྱི་ནུས་པ་འདོན་དགོས།

གཞུང་ལས་ལས་ཁུངས་ལ་བཅའ་ཁྲིམས་ཐོག་རང་ཚུགས་ཀྱི་གོ་གནས་མེད་པས། སྲིད་འཛིན་འགོ་ཁྲིད་པའམ་ལས་ཁུངས་སྡེ་ཚན་གྱི་འགན་འཁུར་བ་དང་ཁ་བྲལ་ནས་རང་ཚུགས་ཀྱིས་འགན་དབང་སྤྱོད་མི་རུང་། གཞུང་ལས་ལས་ཁུངས་ཀྱིས་ལས་ཁུངས་ནང་གི་འགན་ནུས་སྡེ་ཚན་ཁག་ལའང་ཐད་ཀར་བཀོད་འདོམས་དང་ལྟ་སྐུལ་བྱེད་དབང་མེད། དཔེར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། གཞུང་ལས་ལས་ཁུངས་ནི་ལས་ཀའི་དགོས་མཁོ་ལྟར་བཙུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནང་ཁུལ་གྱི་དོན་གཅོད་ལས་ཁུངས་ཡིན་པ་ལས། རིམ་པ་དང་པོའི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་མིན། དཔེར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་སོགས་ཀྱི་གཞུང་ལས་ལས་ཁུངས་དེ་དག་འཛུགས་མིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐག་གཅོད་དགོས་པ་དང་། དེ་དག་གིས་ཙུང་ལིར་རོགས་འདེགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་ཀྱི་སྡེ་ཁག་སོ་སོའམ་ཡང་ན་ཆེད་དམིགས་ཀྱི་ལས་ཀ་ག་གེ་མོར་དོ་དམ་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གཞུང་ལས། འགན་ནུས། ལས་ཁུངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-30

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།