ཁྲེང་ཞིན་ལིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲེང་ཞིན་ལིན།
ཁྲེང་ཞིན་ལིན(སྤྱི་ལོ1900ལོ་ནས་སྤྱི་ལོ1987ལོའི་བར)ནི་ཧུའུ་ནན་ཞིང་ཆེན་ལི་ལིན་རྫོང་དུ་འཁྲུངས་ཤིང་། སྤྱི་ལོ1926ལོར་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་གསོའི་སྡེ་ཁག་ནས་སློབ་མཐར་ཕྱིན། དེ་སྔ་ཨན་ཧུའེ་དང་ཧྥུ་ཨན་རྫོང་གི་རྫོང་དཔོན་དང་། གོ་མིན་ཏང་ཀོང་ཞི་ཞིང་ཆེན་སྲིད་གཞུང་གི་བློ་འདོན་པ། ཧྥུ་ཅན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་བཅས་ཀྱི་འགན་ཁུར་གནང་མྱོང་། ལོ་རབས་བཞི་བཅུ་བའི་དུས་འགོར་ཧྥུ་ཅན་དུ་གསར་བརྗེའི་བྱེད་སྒོ་སྤེལ་འགོ་བརྩམས་ཤིང་། སྤྱི་ལོ1949ལོར་ཁྲེང་ཆན་ལ་གཞོགས་འདེགས་བགྱིས་ཏེ་ཧུའུ་ནན་དུ་འོས་ལངས་བྱས། ཀྲུང་གོ་རྒྱལ་ཁབ་དབུ་བརྙེས་མ་ཐག སྔ་རྗེས་སུ་མི་དམངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་དང་། ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཧུའུ་ནན་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཞིང་ཆེན་འགོ་འཛིན་གཞོན་པ། ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན། ཧུའུ་ནན་ཞིང་ཆེན་ཆབ་གྲོས་སྐབས་བཞི་བ་དང་ལྔ་བའི་ཀྲུའུ་ཞི་གཞོན་པ། ཆབ་གྲོས་སྐབས་ལྔ་བའི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་པར་མ་ཟད། རྒྱལ་ཡོངས་ཆབ་གྲོས་སྐབས་དང་པོ་དང་གཉིས་པའི་ཨུ་ཡོན་དང་། རྒྱལ་ཡོངས་ཆབ་གྲོས་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ཡིན། སྤྱི་ལོ1987ལོའི་ཟླ10བར། ལོ་ན་88ལ་སོན་པའི་ཁྲེང་ཞིན་ལིང་ལ་སྙུང་གཞི་ཕོག་སྟེ་ཚེ་ལས་འདས། ཁོང་འཚོ་བཞུགས་སྐབས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་རྒྱུའི་རེ་ཞུ་ཐེངས་མང་བྱས་པ་ལྟར། ཁོང་འདས་མ་ཐག་ཀྲུང་གུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཁོང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ལ་ཁས་ལེན་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
程星龄
འཁྲུངས་ལོ།
སྤྱི་ལོ1900ལོར།
འདས་ལོ།
སྤྱི་ལོ1987ལོར།
རྒྱལ་ཁོངས།
ཀྲུང་གོ
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ
པེ་ཅིང་སློབ་གྲྭ་ཆེན་མོ།
1 ​ངོ་སྤྲོད་མདོར་བསྡུས།

ཁྲེང་ཞིན་ལིན(1900-1987) སྤྱི་ལོ1900ལོའི་ཟླ4པའི་ཚེས29ཉིན་ཧུའུ་ནན་ཞིང་ཆེན་ལི་ལིན་རྫོང་ཀོན་ཀྲོང་ཞང་དུ་སྐྱེས། དེ་ནི་རྒྱལ་དམངས་གསར་བརྗེ་དམག་ཚད་རིམ་དང་པོའི་སྐམ་དམག་དམག་དཔོན་དང་། གོ་མིན་ཏང་འོས་ལངས་དམག་དཔོན་ཁྲིང་ཆན་གྱི་རྒྱུད་སྤུན་ཡིན།

སྤྱི་ལོ1916ལོར་ཧུའུ་ནན་ཞིང་ཆེན་གྱིས་བཙུགས་པའི་དགེ་འོས་སློབ་གྲྭ་དང་པོ་རུ་སློབ་སྦྱོང་བྱས་པའི་རིང་། ཡར་ཐོན་དགེ་སློབ་ཀྱི་ཤུགས་རྐྱེན་ཐེབས་ནས་གསར་བརྗེའི་བདེན་དོན་འཚོལ་ཞིབ་ལ་ཧུར་ཐག་བྱས་ཏེ། ལྔ་བཞིའི་རྒྱལ་གཅེས་ལས་འགུལ་ནང་ཞུགས་པ་རེད།

སྤྱི་ལོ1921ལོར་པེ་ཅིང་སློབ་ཆེན་གྱི་སློབ་གསོ་རིག་པར་རྒྱུགས་འཕྲོད་ཅིང་། སྐུ་ཞབས་ཡུས་ཏ་ཧྥུ་ཡིས་ཁོང་ལ་དབྱིན་ཡིག་དང་ལྷུག་རྩོམ་གྱི་སློབ་ཁྲིད་གནང་མྱོང་། དེའི་རིང་གོ་མིན་ཏང་གི་གཡོན་ཕྱོགས་པའི་ནང་ཞུགས་པ་དང་། པེ་ཅིང་གྲོང་ཁྱེར་གྱི་གསང་བའི་བྱ་འགུལ་ཁྲོད་གུང་ཁྲན་ཏང་དང་མཉམ་ལས་བྱེད་པའི་གོ་མིན་ཏང་གི་གྲོགས་པོ་ཆེས་སྔ་བའི་གྲས་སུ་གྱུར།

འཇར་འགོག་དམག་འཁྲུག་གི་སྐབས་སུ། སྤྱི་ལོ1939ལོ་ནས་སྤྱི་ལོ1940ལོའི་ཟླ6པའི་བར་གོ་མིན་ཏང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཐེན་ཧྲུའེ་རུ་སྒར་ལ་ཞུགས་པ་དང་། སྔོན་ཆད་ཐའེ་ཧང་རི་བོའི་འཇར་འགོག་གནས་གཞིའི་ས་ཁུལ་དུ་རྟོག་ཞིབ་ཏུ་སོང་། པ་ལུའུ་ཅུན་གྱི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་། ཕིན་ཏེ་ཧུའེ། ལིའུ་པོ་ཁྲེང་། ཙུའོ་ཆོན་སོགས་མཐོ་རིམ་དམག་སྤྱི་དག་གིས་སྣེ་ལེན་གཟབ་རྒྱས་བྱས།

སྤྱི་ལོ1941ལོར་ཀོང་ཞི་ཞིང་ཆེན་སྲིད་གཞུང་གི་བློ་འདོན་པའི་འགན་བཞེས། སྤྱི་ལོ1942ལོའི་ཟླ2པར་ཧྥུ་ཅན་ཞིང་ཆེན་སྲིད་གཞུང་གི་བློ་འདོན་པ་དང་དྲུང་ཡིག་ཆེན་མོའི་འགན་བཞེས་ཤིང་། གོ་མིན་ཏང་གི་དབང་འཛིན་ལས་ཁུངས་ཀྱི་ལོག་སྤྱོད་བྱེད་ཐབས་ལ་བཀག་འགོག་བྱས། 

སྤྱི་ལོ1945ལོའི་ཟླ8པར་བློ་མཐུན་དབྱང་ཁྲའོ་ཡི་གསང་བའི་བྱ་བ་ཕྱིར་མངོན་པས། གོ་མིན་ཏང་ཧྥུ་ཅན་དབང་འཛིན་ལས་ཁུངས་ཀྱིས་འཛིན་བཟུང་བྱས། ཁྲེང་ཞིན་ལིན་ལ“དབྱང་ཁྲའོ་གྱོད་གཞི”དང་འབྲེལ་བ་ཡོད་པར་བཤད་དེ། ཅང་ཅེ་ཧྲིས་ཁྲུང་ཆིང་དུ་བོས་ཤིང་། དེ་རྗེས་ཐའེ་ཝན་དུ་མངགས། ལོ་དེའི་ལོ་མཇུག་ཏུ“གུང་ཁྲན་ཏང་ཡོན་འགེབས་སྲུང་བྱེད་པའི”བྱས་ཉེས་ལ་བརྟེན་ནས་འཛིན་བཟུང་བྱས་ཏེ། ཐའེ་ཝན་སྲིད་འཛིན་དཔོན་སྤྱི་ཧྲུའུ་ཡི་གསང་མྱུལ་ཚོགས་པར་བཙོན་འཇུག་བྱས་པ་དང་། ལོ་དེའི་ཟླ1པོར། ལིའུ་ཧྥེ་དང་ཞུས་ཞའོ་ཡན་གཉིས་ཀྱིས་མིང་བྱང་མཉམ་འགོད་བྱས་ནས་བཙོན་གྲོལ་བཏང་བ་དང་། སྟབས་ལེགས་པ་ཞིག་ལ་སྲོག་ཉེན་ལས་ཐར་བ་རེད།

སྤྱི་ལོ1948ལོའི་ཟླ8པར། ཀྲུང་གུང་ཧུའུ་ནན་ཞིང་ཆེན་བཟོ་བའི་ཨུ་ཡོན་ལྷན་ཁང(བཟོ་བའི་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཡུས་ཀྲི་ཧུང(1916-1972) རྒྱལ་ཁབ་བཙུགས་རྗེས་ཁོང་གིས་བུའུ་ཝན་སློབ་ཆེན་གྱི་མཚན་ཉིད་རིག་པའི་ཚན་ཁག་གི་ཀྲུའུ་རེན་གྱི་འགན་བཞེས) གིས་ཁྲེང་ཞིན་ལིན་ལ་འཕྲིན་ཡིག་སྐུར་ཏེ་ཧུའུ་ནན་ཞི་བདེའི་བཅིངས་འགྲོལ་བྱེད་པའི་བྱ་བར་གདན་ཞུ་བྱས་པ་དང་། ཁོང་གིས་ཀྱང་ཀྲི་ཧུང་གི་འཕྲིན་ཡིག་འབྱོར་མ་ཐག་ཐའེ་ཝན་ནས་ཤང་ཀང་བརྒྱུད་འོས་འགན་ལ་ཕྱིར་བཤོལ་མ་བྱས་པར་ཁྲང་ཧྲ་རུ་ཕྱིར་ལོག་བྱས་ཤིང་། ཧུའུ་ནན་ཞིང་ཆེན་དངོས་ཟོག་སྙོམས་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཧུའུ་ནན་མཉམ་འབྲེལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ཀྱིས་འགེབས་སྲུང་བྱས་ཏེ། ཁྲེང་ཆན་དང་ཀྲུང་གུང་གི་དབང་ཆ་ཚང་མ་ཡོད་པའི་འཐུས་མིའི་འགན་འཁུར་ནས་ཁྲེང་ཆན་ལ་འོས་ལངས་སྐོར་གྱི་ཁ་བརྡ་ཐེངས་མང་བྱས་པ་དང་། ཁྲེང་ཆན་གྱིས་ཁོང་ལ་ཀྲུང་གུང་ཧུའུ་ནན་ཞིང་ཆེན་བཟོ་བའི་ཨུ་ཡོན་ལྷན་ཁང་གི་ཀྲོའུ་ལི་དང་ཡུས་ཀྲི་ཧུང་སོགས་དང་འབྲེལ་བ་བྱས་ཏེ་ཁོང་གིས་ཁྲེང་ཆན་གྱི་ཚབ་བྱས་ཏེ། ཁྲེན་མིང་རེན་གྱི་འཐུས་མི་ཝུན་ཞེ་མོ་དང་ལི་ཅུན་ཅིའུ་སོགས་དང་མཉམ་དུ་འོས་ལངས་ཀྱི་བྱ་བར་ཇུས་འགོད་བྱས་པས། མཐར་དམག་དཔོན་ཆེན་མོ་ཁྲིན་དང་ཁྲེན་གཉིས་ཀྱིས་ཟླ8པའི་ཚེས4ཉིན་གློག་འཕྲིན་བཏང་ནས་འོས་ལངས་བྱེད་པར་སྐུལ་འདེད་བྱས།

སྤྱི་ལོ1949ལོའི་ཟླ9པའི་ཚེས23ཉིན། ཁྲེང་ཞིན་ལིན་གོ་མིན་ཏང་འོས་ལངས་དམག་གི་དམག་དཔོན26གྲས་ཀྱི་མི་ཞིག་ཡིན་པའི་ཆ་ནས། པེ་ཅིང་དུ་ཁོང་གི་སློབ་གྲོགས་ཕུ་བོ་མའོ་ཙེ་ཏུང་གིས་མཇལ་འཕྲད་གནང་།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། སྔ་རྗེས་སུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་ཀྲུའུ་རེན། ཞིང་ཆེན་གྱི་འགོ་འཛིན་གཞོན་པ་དང་ལུས་རྩལ་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས། ཧུའུ་ནན་ཞིང་ཆེན་སྲིད་གྲོས་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་དང་། སྐབས་གཉིས་པ་དང་གསུམ་པའི་ཨུ་ཡོན། སྐབས་བཞི་བའི་ཀྲུའུ་ཞི་གཞོན་པ། སྐབས་ལྔ་པའི་ཀྲུའུ་ཞི། ཧུའུ་ནན་ཞིང་ཆེན་སྐབས་དྲུག་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱུན་ཨུ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཧུའུ་ནན་ཞིང་ཆེན་གྱི་ཀྲུའུ་ཞི་དང་བློ་འདོན་པ་སོགས་ཀྱི་འགན་བཞེས། སྤྱི་ལོ1957ལོར་གཡས་ཕྱོགས་རིང་ལུགས་སུ་བཅུག་པ་དང་སྤྱི་ལོ1978ལོར་ཡོ་བསྲང་བྱས།

རྒྱལ་ཡོངས་ཆབ་གྲོས་སྐབས་དང་པོའི་ཨུ་ཡོན་དང་། སྐབས་ལྔ་བ་དང་དྲུག་པའི་རྒྱུན་ལས་ཨུ་ཡོན་ཡིན་ལ། སྤྱི་ལོ1987ལོའི་ཟླ10བའི་ཚེས22ཉིན་ཚེ་ལས་འདས། 

2 སྐུ་ཚེ་ཧྲིལ་བོའི་ལོ་རྒྱུས།

གཞོན་དུས་ཀྱི་མྱོང་བརྒྱུད།

ཁྲེང་ཞིན་ལིན(སྤྱི་ལོ1900ལོ་ནས་སྤྱི་ལོ1987ལོའི་བར)ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པ་བཅས་ཀྱི་འགན་བཞེས་མྱོང་ལ། ཧུའུ་ནན་ཞིང་ཆེན་ལི་ལིན་རྫོང(ད་ལྟའི་ལི་ལིན་གྲོང་ཁྱེར་)གི་མི་ཡིན་ཞིང་། སྤྱི་ལོ1900ལོའི་ཟླ4པའི་ཚེས29ཉིན་ལི་ལིན་རྫོང་ཀོན་ཀྲོང་དུ་སྐྱེས།

སྤྱི་ལོ1916ལོར་ཧུའུ་ནན་ཞིང་ཆེན་གྱིས་བཙུགས་པའི་དགེ་འོས་སློབ་གྲྭ་དང་པོར་སློབ་སྦྱོང་དུ་ཕྱིན་པ་དང་། ཡར་ཐོན་དགེ་སློབ་ཀྱི་ཤུགས་རྐྱེན་ཐེབས་ནས་གསར་བརྗེའི་བདེན་དོན་འཚོལ་ཞིབ་ལ་ཧུར་ཐག་བྱས་ཏེ། ལྔ་བཞིའི་རྒྱལ་གཅེས་ལས་འགུལ་ནང་ཞུགས།

སྤྱི་ལོ1921ལོར་པེ་ཅིང་སློབ་ཆེན་གྱི་སློབ་གསོ་རིག་པར་རྒྱུགས་འཕྲོད་ཅིང་། དེའི་རིང་གོ་མིན་ཏང་གི་གཡོན་ཕྱོགས་པའི་ནང་ཞུགས་པ་དང་། པེ་ཅིང་གྲོང་ཁྱེར་གྱི་གསང་བའི་བྱ་འགུལ་ཁྲོད་གུང་ཁྲན་ཏང་དང་མཉམ་ལས་བྱེད་པའི་གོ་མིན་ཏང་གི་གྲོགས་པོ་ཆེས་སྔ་བའི་གྲས་སུ་གྱུར། 

གསར་བརྗེའི་ལས་འགུལ་ནང་ཞུགས་པ། 

སྤྱི་ལོ1927ལོར་རྒྱལ་དམངས་ཁྲི་དཔུང་བརྒྱད་པའི་ཁྲི་དཔུང་དང་པོའི་ཆབ་སྲིད་པུའུ་ཡི་དྲིལ་བསྒྲགས་ཁོའོ་ཀྲང་གི་འགན་བཞེས་ཏེ། བྱང་འདུལ་ལ་ཞུགས།

ཅང་ཅེ་ཧྲིས་གསར་བརྗེར་ངོ་རྒོལ་གྱི་སྲིད་འགྱུུར་བསླངས་རྗེས་ཁོང་ཁྲོའི་ངང་ལས་གནས་ནས་བུད། སྔ་རྗེས་སུ་ཧྲང་ཧའེ་ངལ་རྩོལ་སློབ་ཆེན་དང་ཨན་ཧུའེ་སུའུ་རྫོང་གི་རི་བོ་ལེ་ཧྲན་རྡོ་སོལ་གཏེར་ཁ། པེ་ཕིང་གི་ཕོ་བྲང་རྙིང་མའི་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་འགན་བཞེས།

ཁོང་གིས་སྔ་རྗེས་སུ་ཧྥུ་ཅན་ཞིང་ཆེན་ཨན་ཞི་དང་ཧྥུ་ཨན། ཧྥུ་ཐེན་སོགས་རྫོང་གི་རྫོང་དཔོན་དང་ཧྥུ་ཅན་ཞིང་ཆེན་གྱི་སྲིད་འཛིན་ལས་བྱེད་པའི་སྦྱོང་བརྡར་ཚོགས་པའི་སློབ་གསོའི་འགོ་འཛིན་གྱི་འགན་བཞེས་པ་དང་། འཇར་འགོག་མཉམ་འབྲེལ་གྱིས་འཇའ་འགོག་བྱས་པར་མ་ཟད། ཆབ་སྲིད་ཀྱི་ཐད་ནས་འཇར་འགོག་རྒྱལ་སྐྱོབ་ཀྱི་བྱ་འགུལ་སྤེལ་བས། ཅིན་ཐུང་གསང་མྱུལ་ཚོགས་པས་ལྟ་རྟོག་བྱས།

སྤྱི་ལོ1939ལོ་ནས་སྤྱི་ལོ1940ལོའི་ཟླ6པའི་བར། གོ་མིན་ཏང་གི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཐེན་ཧྲུའེ་ཡིང་དུ་ཕྱག་ལས་གནང་ཞིང་། དེ་སྔ་ཐའེ་ཧང་རི་བོའི་རི་འགོག་གནས་གཞིའི་ས་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་མྱོང་། པ་ལུའུ་ཅུན་གྱི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་ཕིན་ཏེ་ཧུའེ། ལིའུ་པོ་ཁྲེང་། ཙུའོ་ཆོན་སོགས་མཐོ་རིམ་དམག་དཔོན་གྱིས་སྣེ་ལེན་ཞུས།

ཁོང་གིས་གོ་མིན་ཏང་གི་མཐོ་རིམ་དམག་སྲིད་དམག་དཔོན་ཁྲེན་དབྱི་དང་ལིའུ་ཅན་ཞུས་ལ་པ་ལུའུ་ཅུན་གྱི་རི་འགོག་གནས་གཞིའི་ས་ཁུལ་གྱི་གནས་ཚུལ་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་པར་མ་ཟད། འཕེལ་རྒྱས་འགྲོ་ཕྱོགས་ལ་དབྱེ་ཞིབ་བྱས་ཤིང་། ཁྲེན་དང་ལིའུ་རྣམ་གཉིས་ཀྱི་བསམ་བློ་བརྗེ་སྤོར་ལ་རོགས་རམ་མཛད། སྤྱི་ལོ1941ལོར་ཀོང་ཞི་ཞིང་ཆེན་སྲིད་གཞུང་གི་བློ་འདོན་པའི་འགན་བཞེས།

སྤྱི་ལོ1942ལོའི་ཟླ2པར་ཧྥུ་ཅན་ཞིང་ཆེན་སྲིད་གཞུང་གི་བློ་འདོན་པ་དང་དྲུང་ཡིག་ཆེན་མོའི་འགན་བཞེས་ཤིང་། གོ་མིན་ཏང་གི་དབང་འཛིན་ལས་ཁུངས་ཀྱི་ལོག་སྤྱོད་བྱེད་ཐབས་ལ་བཀག་འགོག་བྱས། ཀྲུང་གུང་གསང་བའི་ཏང་ཡོན་དང་རྒྱལ་སྤྱིའི་གསར་འགྱུར་དཔྱད་གཏམ་མཁས་ཅན་དབྱང་ཁྲའོ་དང་ཀྲུང་གུང་ཏང་ཡོན་ཡུས་ཀྲི་ཧུང་། དཔལ་འབྱོར་རིག་པ་མཁས་ཅན་ཝང་ཡ་ནན། དམངས་གཙོ་ཡར་ཐོན་མི་སྣ་ཁྲེན་ཀུང་ཕེ་དང་མ་ཙི་ཀུའུ། ཀྲང་ཀྲེ་ཧྥེ་སོགས་དང་འབྲེལ་བ་དམ་ཟབ་ཡོད་པས་རྟག་ཏུ་ཁང་བ་གཅིག་གི་ནང་བསྡད་དེ་གླེང་མོལ་བྱས།

སྤྱི་ལོ1945ལོའི་ཟླ8པར། “དབྱང་ཁྲའོ་གྱོད་གཞི”ཡིས་ཤུགས་རྐྱེན་ཐེབས་པས། གུང་ཁྲན་ཏང་གི་དོགས་ཡོད་མི་སྣའི་ཉེས་མིང་གིས་འཛིན་བཟུང་བྱས་ཏེ། ཁྲུང་ཆིང་དང་ཐའེ་ཝན་དུ་ལོ་གཅིག་ལྷག་ལ་བཙོན་འཇུག་བྱས། ལོ་དེའི་ཟླ1པོར་ཁྲེང་ཆན་དང་ལིའུ་ཧྥེ་སོགས་ཀྱིས་བཙོན་གྲོལ་བཏང་རྗེས་སྲོག་ཉེན་ལས་ཐར་བ་རེད། 

ཞི་བའི་འོས་ལངས།

སྤྱི་ལོ1948ལོའི་ཟླ8པར། ཀྲུང་གུང་ཧུའུ་ནན་ཞིང་ཆེན་གྱི་བཟོ་བའི་ཨུ་ཡོན་ལྷན་ཁང་གིས་ཧུའེ་ཞང་ལ་གདན་འདྲེན་ཞུས་ཏེ། ཞི་བའི་སྒོ་ནས་ཧུའུ་ནན་བཅིངས་འགྲོལ་གཏོང་བའི་ཇུས་སྐུལ་བྱ་བར་ཞུགས། ཁོང་གིས་ཧུའུ་ནན་ཞིང་ཆེན་དངོས་རྫས་སྙོམས་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཏང་སྲིད་མཉམ་འབྲེལ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པའི་གོ་གནས་འགེབས་སྲུང་བྱས་ཏེ་བྱ་འགུལ་སྤེལ། ཁྲེང་ཆན་གྱིས་ཁོང་ལ་ཀྲུང་གུང་ཧུའུ་ནན་ཞིང་ཆེན་བཟོ་བའི་ཨུ་ཡོན་ལྷན་ཁང་གི་ཀྲོའུ་ལི་དང་ཡུས་ཀྲི་ཧུང་སོགས་དང་འབྲེལ་བ་བྱས་ཏེ་ཁོང་གིས་ཁྲེང་ཆན་གྱི་ཚབ་བྱས་ཏེ། ཁྲེན་མིང་རེན་གྱི་འཐུས་མི་ཝུན་ཞེ་མོ་དང་ལི་ཅུན་ཅིའུ་སོགས་དང་མཉམ་དུ་འོས་ལངས་ཀྱི་བྱ་བར་ཇུས་འགོད་བྱས་པས། མཐར་དམག་དཔོན་ཆེན་མོ་ཁྲིན་དང་ཁྲེན་གཉིས་ཀྱིས་ཟླ8པའི་ཚེས4ཉིན་གློག་འཕྲིན་བཏང་ནས་འོས་ལངས་བྱེད་པར་སྐུལ་འདེད་བྱས།

སྤྱི་ལོ1949ལོའི་ཟླ5པར། ཁྲེང་ཆན་གྱི་ཚབ་ཏུ་བརྗེད་ཐོ་བཀོད་པ་དང་། ཀྲུང་གུང་ཧུའུ་ནན་ཞིང་ཆེན་བཟོ་བའི་ཨུ་ཡོན་ལྷན་ཁང་ནས་ཀྲུའུ་ཞི་མའོ་ཙེ་ཏུང་ལ་ཡར་ཞུ་གནང་སྟེ། འོས་ལངས་ཀྱི་རྣམ་འགྱུར་བསྟན། དེའི་རྗེས་སུ། པའེ་ཁྲུང་ཞིས་ཧུའུ་ནན་འོས་ལངས་ལ་གཏོར་བརླག་བྱེད་པར་སྔོན་འགོག་བྱེད་ཆེད། ཁྲིན་ཆན་དང་ཁྲེན་མིན་རེན་གྱི་འབྲེལ་འདྲིས་ཇེ་ཉུང་དུ་བཏང་། ཁོང་གིས་ཁྲེང་ཆན་གྱི་ཚབ་བྱས་ཏེ་ཁྲེན་མིང་རེན་གྱི་འཐུས་མི་ཝུན་ཡིའུ་མའོ་དང་ལི་ཅུན་ཅིའུ་སོགས་དང་མཉམ་དུ་འོས་ལངས་ཀྱི་བྱ་བ་ཇུས་འགོད་བྱས་ནས། དམག་དཔོན་ཁྲིན་དང་ཁྲེན་གཉིས་ཀྱིས་ཟླ8པའི་ཚེས4ཉིན་གློག་འཕྲིན་བཏང་ནས་འོས་ལངས་བྱེད་པར་སྐུལ་འདེད་བྱས།

རྒྱལ་ཁབ་དབུ་བརྙེས་རྗེས།

སྤྱི་ལོ1949ལོའི་ཟླ10པར། ཁོང་གདན་ཞུས་ལྟར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོར་ཞུགས་པར་མའོ་ཙེ་ཏུང་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད།

ལོ་བཅུ་ཕྲག་འགའི་རིང་། ཁོང་གིས་ཕྱོགས་སོ་སོའི་མི་སྣ་དང་འབྲེལ་འདྲིས་བྱས་ཏེ། རྒྱུན་དུ་ཀྲུང་གུང་ཀྲུང་དབྱང་དང་ཀྲུང་གུང་ཞིང་ཆེན་ཏང་ཨུ་ལ་གནས་ཚུལ་ཡར་ཞུ་དང་གྲོས་འགོ་བཏོན་ཏེ། ཀྲུང་གོ་གུང་ཁྲན་ཏང་ལ་དམངས་གཙོའི་ཏང་ཤོག་ཁག་དང་ལས་རིགས་སོ་སོའི་མི་སྣ་དང་མཐུན་སྦྱོར་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་རོགས་བྱས། སྤྱི་ལོ1957ལོར་གཡས་ཕྱོགས་པར་བགོས་ནས་ཀྱག་ཀྱོག་གི་ལམ་བུ་བརྒྱུད་དེ་དཀའ་ཁག་གང་མང་ལ་འཕྲད་ནའང་། གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ལ་གཡོ་འགུལ་གཏན་ནས་ཐེབས་མེད།

སྤྱི་ལོ1978ལོར་གཡས་ཕྱོགས་པའི་ཉེས་མིང་ཡོ་བསྲང་བྱས་རྗེས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པའི་འགན་ཁུར་ཞིང་། སྙིང་སྟོབས་ཆེར་སྐྱེད་ཀྱིས་བྱ་བར་འབད་པ་དང་། ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ནན་ཏན་གྱིས་ལག་བསྟར་བྱས།

སྤྱི་ལོ1983ལོར་ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས་ཤིང་། གཅིག་གྱུར་གྱི་འཐབ་ཕྱོགས་སྲིད་ཇུས་དང་ཤེས་ཡོན་ཅན་གྱི་སྲིད་ཇུས་དོན་འཁྱོལ་བྱེད་རོགས་དང་། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་སྤེལ་གཏོང་བར་ཕན་ཐོགས་ཡོད་པའི་ལས་ཀ་འབོར་ཆེན་གནང་ཡོད།

སྤྱི་ལོ1986ལོའི་ཟླ1པོར་ཞང་ཀང་དུ་འཚམས་འདྲིར་སོང་ནས་ནང་ལོགས་ས་ཁུལ་གྱི་བསྒྱུར་བཅོས་དང་འཛུགས་སྐྲུན་གྱི་གནས་བབ་བཟང་པོ་ངོ་སྤྲོད་བྱས་པ་དང་། ཧུའུ་ནན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་ཞང་ཀང་དང་ཨའོ་མོན་གྱི་ཁེ་ལས་པ་གྲགས་ཅན་དང་འབྲེལ་བ་བྱས་ཏེ་མ་དངུལ་ནང་འདྲེན་བྱས་ཏེ་ཀུང་སི་བཙུགས་པ་རེད།

སྤྱི་ལོ1987ལོའི་ཟླ10པར་སྙུང་གཞི་ཕོག་སྟེ་ཚེ་ལས་འདས། ཁོང་འཚོ་བཞུགས་སྐབས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་རྒྱུའི་རེ་ཞུ་ཐེངས་མང་བྱས་པ་ལྟར། ཁོང་འདས་མ་ཐག་ཀྲུང་གུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཁོང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ལ་ཁས་ལེན་བྱས་པ་རེད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།