དཔལ་འབྱོར་གསར་སྤེལ་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔལ་འབྱོར་གསར་སྤེལ་ཁུལ།
དཔལ་འབྱོར་གསར་སྤེལ་ཁུལ་གྱིས་གསར་སྤེལ་ཁུལ་གྱི་གཞི་ཁྱོན་གྱི་ཚད་རིམ་གཞིར་བཟུང་ནས་རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་དང་། ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ། གྲོང་ཁྱེར་རིམ་པའི་གསར་སྤེལ་ཁུལ་སོགས་སུ་དབྱེ་ཆོག ཀྲུང་གོའི་བཟོ་ལས་ཚོང་འགུགས་དྲ་བའི་དཔྱད་ཡིག་ཏུ་བཀོད་པར་གཞིགས་ན། རྒྱལ་ཁབ་ཀྱིས་ས་ཁོངས་འོས་འཚམ་ཞིག་དབྱེ་འབྱེད་གཏན་འབེབས་བྱས་ནས་དགོས་ངེས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ། གཅིག་སྡུད་ཐོག་ཐོན་ལས་རེ་གཉིས་འཛུགས་གཉེར་བྱ་རྒྱུ་དང་། དུས་མཚུངས་སུ་འོས་འཚམ་གྱི་རོགས་སྐྱོར་དང་གཟིགས་སྐྱོང་བྱས་ནས། ས་ཁོངས་དེའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་བྱེད་པ་ལ་ཟེར། གསར་སྤེལ་ཁུལ་ནི་ས་གནས་སྲིད་གཞུང་ཞིག་གིས་སྒྲིག་སྲོལ་ཅན་དུ་བསྒྱུར་བའི་ཆེད་དམིགས་ཀྱི་ས་ཁོངས་ཤིག་ཡིན་ཞིང་། གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་གསར་སྤེལ་ཁུལ་གྱི་མ་དངུལ་འཇོག་པའི་ཚད་ཡོད་ཀུང་སི་བཙུགས་ཏེ། མ་དངུལ་བཏང་ནས་གསར་སྤེལ་ཁུལ་གྱི་གཞི་རྟེན་འཛུགས་སྐྲུན་བྱེད་པ་དཔེར་ན། 《ཤར་གཏོང་བདུན་དང་སྙོམས་སྒྲིག་གཅིག》དང《ཤར་གཏོང་དགུ་དང་སྙོམས་སྒྲིག་གཅིག》སོགས་ལྟ་བུ་ཡིན། གསར་སྤེལ་ཁུལ་ལའང་སྲིད་གཞུང་གི་འགན་ནུས་སྡེ་ཚན་གྱི་ངོ་བོ་ལྡན་པ་དང་གསར་སྤེལ་ཁུལ་གྱི་དོ་དམ་མི་སྣ་གཙོ་བོ་ནི་རྟག་ཏུ་ས་གནས་དེ་གའི་སྲིད་གཞུང་གི་སྲིད་འཛིན་དོ་དམ་གྱི་མཐོ་རིམ་མི་སྣས་འགན་གཅིག་ལྕོགས་སུ་འཁུར་བའམ་ཡང་ན་ཆེད་བསྐོས་ལས་འགན་ཁུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
经济开发区
ངོ་བོ།
སྲིད་གཞུང་གི་འགན་ནུས་སྡེ་ཁག
དོན་སྙིང་།
ཚན་རིག་ཞིབ་འཇུག་ལ་སྐུལ་འདེད་དང་ལག་རྩལ་མཐོ་བའི་ཐོན་ལས་གསར་སྤེལ།
ཁྱད་ཆོས།
སྲིད་ཇུས་ཀྱི་གཟིགས་སྐྱོང་མཁོ་འདོན་བྱེད་པ།
1 རིགས་དབྱེ།

དཔལ་འབྱོར་གསར་སྤེལ་ཁུལ་ནི་སྤྱིའི་བཤད་ཚུལ་ཞིག་ཡིན་ལ། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ཚན་རྩལ་མཐོ་བའི་བཟོ་ལས་གླིང་། མཐོ་གསར་ལག་རྩལ་གསར་སྤེལ་ཁུལ། ཐོན་ལས་བཟོ་ལས་གླིང་གི་རིགས་སོ་སོ(དཔེར་ན་ཞིང་ལས་གསར་སྤེལ་ཁུལ་དང་། རྫས་འགྱུར་བཟོ་ལས་གླིང་། རླངས་འཁོར་བཟོ་ལས་གླིང་སོགས)ཡི་སྤྱི་མིང་ཡིན་ལ་བསྡུས་མིང་ལ་གསར་སྤེལ་ཁུལ་ཡང་ཟེར། གསར་སྤེལ་ཁུལ་གྱི་གཞི་ཁྱོན་གྱི་ཚད་རིམ་ལ་གཞིགས་ནས་དབྱེ་ན་རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་དང་། ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ། གྲོང་ཁྱེར་རིམ་པའི་གསར་སྤེལ་ཁུལ་སོགས་ཡོད།

2 དམིགས་ཡུལ་དང་དོན་སྙིང་།

དཔལ་འབྱོར་གསར་སྤེལ་ཁུལ་བཙུགས་པའི་དམིགས་ཡུལ་ལ་ལ་ནི་ཚན་རིག་ཞིབ་འཇུག་ལ་སྐུལ་འདེད་དང་ལག་རྩལ་མཐོ་བའི་ཐོན་ལས་གསར་སྤེལ་བྱེད་ཆེད་ཡིན་པས། ལག་རྩལ་གསར་སྤེལ་ཁུལ་ཡང་ཟེར། ལ་ལ་ནི་ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་དང་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བའི་ཆེད་དུ་ཡིན་པས་རྟག་ཏུ་དཔལ་འབྱོར་གསར་སྤེལ་ཁུལ་དེ་རིགས་དང་ཕྱིར་གཏོང་ལས་སྣོན་ས་ཁུལ་གཉིས་མཉམ་དུ་གླེང་བཞིན་ཡོད། དཔལ་འབྱོར་གསར་སྤེལ་ཁུལ་ནི་ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་དངུལ་འཇོག་པར་འགུག་ཐབས་བྱེད་པའི་རྒྱལ་ཁབ་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་ཞིང་། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་དཔལ་འབྱོར་འཕེལ་རིམ་ཁྲོད་བྱས་རྗེས་གལ་ཆེན་བཞག་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-02

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།