རྒྱལ་མཚམས་འགྲོ་འོང་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་མཚམས་འགྲོ་འོང་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར།
རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་གྱི་ལས་ཀ་ཞེས་པ་ནི་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ཞིབ་བཤེར་དང་རིམས་ནད་ཞིབ་བཤེར་ལས་ཁུངས་ཀྱིས《རྒྱལ་མཚམས་འཕྲོད་བསྟེན་དང་རིམས་ནད་ཞིབ་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》དང《ལག་བསྟར་ཞིབ་སྲོལ》ལ་གཞིགས་ནས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་མི་སྣ་དང་། འགྲིམ་འགྲུལ་ཡོ་བྱད། སྐྱེལ་འདྲེན་སྒྲིག་ཆས་བཅས་དང་། རིམས་ནད་ཞིབ་བཤེར་བྱ་རྒྱུའི་ཐད་འགོས་ནད་མཆེད་སྲིད་པའི་ཅ་ལག་དང་། དངོས་ཟོག་སོགས་དངོས་རྫས་ལ་རྒྱལ་མཚམས་ནས་འཕྲོད་བསྟེན་དང་རིམས་ནད་ཞིབ་བཤེར་བྱེད་པའི་བྱ་སྤྱོད་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
出入境卫生检疫
འབྲེལ་ཡོད་བཅའ་ཁྲིམས།
《རྒྱལ་མཚམས་འཕྲོད་བསྟེན་དང་རིམས་ནད་ཞིབ་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》
1 ངོ་སྤྲོད་མདོར་བསྡུས།

རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་གྱི་ལས་ཀ་ཞེས་པ་ནི་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ཞིབ་བཤེར་དང་རིམས་ནད་ཞིབ་བཤེར་ལས་ཁུངས་ཀྱིས《རྒྱལ་མཚམས་འཕྲོད་བསྟེན་དང་རིམས་ནད་ཞིབ་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》དང《ལག་བསྟར་ཞིབ་སྲོལ》ལ་གཞིགས་ནས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་མི་སྣ་དང་། འགྲིམ་འགྲུལ་ཡོ་བྱད། སྐྱེལ་འདྲེན་སྒྲིག་ཆས་བཅས་དང་། རིམས་ནད་ཞིབ་བཤེར་བྱ་རྒྱུའི་ཐད་འགོས་ནད་མཆེད་སྲིད་པའི་ཅ་ལག་དང་། དངོས་ཟོག་སོགས་དངོས་རྫས་ལ་རྒྱལ་མཚམས་ནས་འཕྲོད་བསྟེན་དང་རིམས་ནད་ཞིབ་བཤེར་བྱས་ཏེ་འགོས་ནད་ཕྱི་རྒྱལ་ནས་ཁྱབ་པའམ་ཡང་ན་རྒྱལ་ནང་ནས་མཆེད་རྒྱུ་སྔོན་འགོག་བྱས་ནས་མིའི་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོང་བྱེད་རྒྱུ་དང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་རིམས་ནད་ཞིབ་བཤེར་བྱ་ཡུལ་ཚང་མས་རིམས་ནད་ཞིབ་བཤེར་དང་ལེན་བྱེད་དགོས་པ་དང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ཞིབ་བཤེར་དང་རིམས་ནད་ཞིབ་བཤེར་ལས་ཁུངས་ཀྱི་ཆོག་མཆན་ཐོབ་རྗེས་གཞི་ནས་རྒྱལ་མཚམས་ནས་འགྲོ་འོང་བྱེད་ཆོག

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ནད་ཡམས། བཅའ་ཁྲིམས། ལས་ཁུངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-02

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།