རྒྱལ་ཁབ་ཀྱི་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་ཀྱི་ལམ་ལུགས།
རྒྱལ་ཁབ་ཀྱི་ལམ་ལུགས་ལ་རྒྱལ་ཁབ་ཀྱི་སྒྲིག་སྲོལ་ཡང་ཟེར། དེ་ནི་རྒྱལ་ཁབ་ཅིག་གི་གྲལ་རིམ་དབང་སྒྱུར་གྱི་འབྲེལ་བ་འཛུགས་པའི་གཞི་རྩའི་ལམ་ལུགས་ཡིན། གཙོ་བོ་རྒྱལ་ཁབ་ཀྱི་ལམ་ལུགས་ཏེ་གྲལ་རིམ་ཁག་གིས་རྒྱལ་ཁབ་ནང་བཟུང་བའི་གོ་གནས་ལ་ཟེར་ཞིང་། དེས་རྒྱལ་ཁབ་ཀྱི་ངོ་བོ་དང་རྒྱལ་ཁབ་ཀྱི་གྲལ་རིམ་ངོ་བོ་མཚོན་གྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家制度
ངོ་བོ།
གཞི་རྩའི་ལམ་ལུགས།
ཕྱི་ཡིག་གི་མིང་།
state system
དབྱེ་བ།
བྲན་གཡོག་ལམ་ལུགས་དང་། བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས། མ་རྩ་རིང་ལུགས་ཀྱི་ལམ་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་རིགས་བཞི་ཡོད།
1 ​དོན་སྤྱི།

རྒྱལ་ཁབ་ཀྱི་ལམ་ལུགས་ལ་རྒྱལ་ཁབ་ཀྱི་སྒྲིག་སྲོལ(statesystem)ཞེས་ཀྱང་འབོད་པ། རྒྱལ་ཁབ་ཀྱི་སྒྲིག་སྲོལ་ནི་རྒྱལ་ཁབ་ཅིག་གི་གྲལ་རིམ་དབང་སྒྱུར་གྱི་འབྲེལ་བ་འཛུགས་པའི་གཞི་རྩའི་ལམ་ལུགས་ཡིན། གཙོ་བོ་རྒྱལ་ཁབ་ཀྱི་སྒྲིག་སྲོལ་ཏེ(statesystem)གྲལ་རིམ་ཁག་གིས་རྒྱལ་ཁབ་ནང་བཟུང་བའི་གོ་གནས་ལ་ཟེར། དེས་རྒྱལ་ཁབ་ཀྱི་ངོ་བོ་དང་རྒྱལ་ཁབ་ཀྱི་གྲལ་རིམ་ངོ་བོ་མཚོན་གྱི་ཡོད། རྒྱལ་ཁབ་ཀྱི་ལམ་ལུགས་ཀྱིས་སྲིད་གཞུང་གི་ལམ་ལུགས(politicalsystem)ཐག་གཅོད་པ་དང་། སྲིད་གཞུང་གི་ལམ་ལུགས་བརྒྱུད་ནས་མཚོན་གྱི་ཡོད་པས། རྒྱལ་ཁབ་ཀྱི་ལམ་ལུགས་ཁྲོད་རྒྱལ་ཁབ་ཀྱི་སྒྲིག་སྲོལ་ཚུད་ཡོད་ལ། སྲིད་གཞུང་གི་ལམ་ལུགས་ཀྱང་ཚུད་ཡོད། དེ་ནི་རྒྱལ་ཁབ་ཀྱི་དབང་ཆའི་ཁོངས་གཏོགས་ཀྱི་གྲལ་རིམ་གང་ཞིག་ཡིན་པ་དང་། གྲལ་རིམ་དེས་རྩ་འཛུགས་ཀྱི་རྣམ་པ་གང་འདྲ་ཞིག་སྤྱད་ནས་རང་གི་དབང་ཆ་མངོན་འགྱུར་བྱེད་པའི་ལམ་ལུགས་གཏན་འབེབས་བྱེད་པ་ལ་ཟེར། རྒྱལ་ཁབ་ཀྱི་ལམ་ལུགས་ནི་སྤྱིར་བཏང་དུ་རྒྱལ་ཁབ་དེའི་རྩ་ཁྲིམས་དང་། བཅའ་ཁྲིམས། དམིགས་བསལ་བཅའ་ཁྲིམས་གཞན་དག་བཅས་ཀྱི་ནང་དུ་གཏན་འབེབས་བྱས་ཡོད། རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་དང་དེ་བཞིན་ལས་ཁུངས་ཡོད་ཚད་ཀྱི་རྩ་འཛུགས་དང་བྱེད་སྒོའི་རྩ་དོན་ཚང་མ་རྒྱལ་ཁབ་ཀྱི་ལམ་ལུགས་གཞིར་བཟུང་ནས་གཏན་འབེབས་བྱས་པ་ཡིན།

1_1 སྒྲ་དོག་འཇུག་གི་གོ་དོན།

རྒྱལ་ཁབ་ཀྱི་ངོ་བོ་དང་འབྲེལ་བ་ཡོད་པའི་ལམ་ལུགས་ལ་ཟེར། རྒྱལ་ཁབ་ལམ་ལུགས་ནི་ཆབ་སྲིད་ཀྱི་སྟེང་གི་བཀོད་པའི་ཁོངས་སུ་གཏོགས། དེའི་ལྟེ་བའི་གནད་དོན་ནི་རྒྱལ་ཁབ་ཀྱི་སྲིད་དབང་གི་གནད་དོན་ཡིན། ལོ་རྒྱུས་ཐོག་བྱུང་ཟིན་པའི་རྒྱལ་ཁབ་ལམ་ལུགས་ལ་གཙོ་བོ་བྲན་གཡོག་ལམ་ལུགས་དང་། བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས། མ་རྩ་རིང་ལུགས་ཀྱི་ལམ་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་རིགས་བཞི་ཡོད། རང་རྒྱལ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱལ་ཁབ་ཀྱི་རྩ་འཛུགས་རྣམ་པ་དང་དོ་དམ་རྣམ་པའི་ཐོག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དང་དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ལག་བསྟར་བྱེད་བཞིན་ཡོད།

1_2 སྒྲ་ཡངས་འཇུག་གི་གོ་དོན།

རྒྱལ་ཁབ་ཀྱི་སྒྲིག་སྲོལ་དང་སྲིད་དབང་སྒྲིག་གཞིའི་ལམ་ལུགས་ཏེ། སྲིད་དབང་བཟུང་བའི་དབང་སྒྱུར་གྲལ་རིམ་ནམ་ཆབ་སྲིད་ཚོགས་པས་དབང་སྒྱུར་མངོན་འགྱུར་བྱེད་ཆེད་སྤྱད་པའི་བཅོས་སྐྱོང་བྱེད་སྟངས་དང་བྱེད་ཐབས་ཀྱི་སྤྱི་བསྡོམས་ལ་ཟེར། དེའི་ནང་དུ་རྒྱལ་ཁབ་ཀྱི་དོ་དམ་རྣམ་པ་དང་། གྲུབ་ཚུལ་རྣམ་པ། འདེམས་བསྐོའི་ལམ་ལུགས། སྲིད་ཏང་ལམ་ལུགས། ཇུས་གཅོད་ལམ་ལུགས། ཁྲིམས་འཛིན་ལམ་ལུགས། དཔོན་རིགས་ལམ་ལུགས་སོགས་འདུས་ཡོད།

2 བྱུང་བ།

རྒྱལ་ཁབ་ཀྱི་ལམ་ལུགས་ནི་རྒྱལ་ཁབ་བྱུང་བ་དང་བསྟུན་ནས་གྲུབ་ལ། རྒྱལ་ཁབ་ནི་གྲལ་རིམ་སྤྱི་ཚོགས་ཀྱི་ཐོན་དངོས་ཤིག་ཡིན། དེ་ནི་དབང་སྒྱུར་གྲལ་རིམ་གྱིས་རང་ཉིད་སྲུང་སྐྱོབ་དང་དགྲ་བོ་དྲག་གནོན་བྱེད་པའི་ནུས་ལྡན་གྱི་མཚོན་ཆ་ཞིག་ཡིན། སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། གསར་དར་གྱི་གསར་བརྗེའི་གྲལ་རིམ་ཡར་ལངས་བྱས་ཏེ་དབང་སྒྱུར་གྲལ་རིམ་རྙིང་པ་མགོ་རྟིང་བསློགས་ནས་སྲིད་དབང་འཕྲོག་སྟེ་དབང་སྒྱུར་གྲལ་རིམ་གསར་པ་ཞིག་ཏུ་གྱུར་རྗེས། བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཁོ་ཚོས་བཙུགས་པའི་གྲལ་རིམ་གྱི་དབང་སྒྱུར་འབྲེལ་བ་གསར་པ་དང་། དེ་དང་མཐུན་པའི་སྲིད་དབང་གི་རྩ་འཛུགས་རྣམ་པ་དེ་རྒྱལ་ཁབ་ཀྱི་ལམ་ལུགས་སུ་གཏན་ཁེལ་བྱས་ཏེ་རང་ཉིད་ཀྱི་དབང་སྒྱུར་གོ་གནས་སྲ་བརྟན་དུ་བཏང་པ་ལ་ཟེར།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྒྱལ་ཁབ། ལམ་ལུགས། དབྱེ་བ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-02

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།