འཛམ་གླིང་སློབ་གསོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཛམ་གླིང་སློབ་གསོ།
འཛམ་གླིང་སློབ་གསོ་ཞེས་པ་ནི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་དང་མི་གསོ་སྐྱོང་བྱེད་པའི་བྱེད་སྒོ་ཞིག་ཡིན་ཞིང་། དེར་ཁྱིམ་ཚང་གི་སློབ་གསོ་དང་སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་མང་ཙམ་འདུས་ཡོད་ཅིང་། སློབ་གསོ་རིག་པ་ཤེས་ན་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ནང་དུ་འཛམ་གླིང་སློབ་གསོའི་སྐོར་ལ་ངོས་འཛིན་གསལ་བོ་ཐོབ་ཐུབ།
གཞི་རྩའི་གནས་ཚུལ།

རིགས།
སློབ་གསོ་རིག་པ།
1 བྱུང་འཕེལ།

སློབ་གསོ་རིག་པ་ནི་སློབ་གསོ་འཕེལ་རྒྱས་བྱུང་བ་དང་བསྟུན་འཕེལ་རྒྱས་བྱུང་བ་ཡིན་པས། དེའི་བྱུང་འཕེལ་ནི་སློབ་གསོའི་བྱུང་འཕེལ་དང་འབྲེལ་བ་དམ་པོ་ཡོད་པ་རེད། དེ་མ་ཟད། ད་དུང་མཚན་ཉིད་རིག་པ་དང་། སེམས་ཁམས་རིག་པ། སྤྱི་ཚོགས་རིག་པ་སོགས་དང་ཡང་འབྲེལ་བ་དམ་ཟབ་ཡོད་པས་དེ་དག་ལའང་སློབ་སྦྱོང་དང་ཞིབ་འཇུག་བྱེད་དགོས་ཤིང་། འཛམ་གླིང་ཐོག་ཆེས་ཐོག་མར་བྱུང་བའི་སློབ་གསོའི་ཆེད་རྩོམ་ནི་སྤྱི་ལོ་སྔོན་གྱི་ཆིན་རྒྱལ་རབས་གོང་མའི་དུས་སྐབས་སུ་ཀྲུང་གོ་རྒྱལ་ཁབ་ཏུ་བྱུང་བའི《སློབ་གསོའི་རྣམ་བཤད》(学记)ཅེས་པ་དེ་རྩི་བཞིན་ཡོད།

2 ནུབ་ཕྱོགས།

ནུབ་ཕྱོགས་སུ་གནའ་བོའི་རོ་མ(古罗马)རྒྱལ་ཁབ་ཀྱི་ཁུན་ཐི་ལིའང(昆体良)ཞེས་པ་དེས་བརྩམས་པའི《རྩོད་རྩལ་རིག་པ》(雄辩木原)ཞེས་པ་དེ་ཡིན་པར་བརྩི་ཞིང་། གོང་གསལ་གྱི《སློབ་གསོའི་རྣམ་བཤད》ཅེས་པ་དང《རྩོད་རྩལ་རིག་པ》ཞེས་པ་དེ་དག་ནི་སློབ་གསོའི་སྐོར་གྱི་ཆེད་རྩོམ་ཙམ་ཡིན་པ་ལས། ད་དུང་སློབ་གསོ་རིག་པའི་མ་ལག་ཆ་ཚང་བ་ཞིག་འཛོམས་ཡོད་པ་མ་རེད། ཆེས་ཐོག་མར་བྱུང་ཞིང་མ་ལག་ཅུང་ཆ་ཚང་བའི་སློབ་གསོ་རིག་པའི་ཆེད་རྩོམ་ནི་ཆེ་ཁི་རྒྱལ་ཁབ་ཀྱི་སློབ་གསོ་མཁས་ཅན་ཁྭ་མེ་ཉིའུ(夸美纽斯)ཞེས་པ་དེས་སྤྱི་ལོ1670ལོར་བྲིས་པའི《སློབ་ཁྲིད་རྣམ་བཤད་ཆེན་མོ》(大教学论)ཞེས་པ་དང་འཇར་མན་རྒྱལ་ཁབ་ཀྱི་སློབ་གསོ་རིག་པ་མཁས་ཅན་ཧེར་པ་ཐེ་ཞེས་པ་དེས་སྤྱི་ལོ1806ལོར་བྲིས་པའི《སྤྱིར་བཏང་སློབ་གསོ་རིག་པ》(普通教育学)ཞེས་པའི་དཔེ་ཆ་གྲགས་ཅན་དེ་ཡིན།

3 དགེ་མཚན།

སྤྱིར་སློབ་གསོའི་ལས་ཀ་ལ་ཐུན་མོང་མ་ཡིན་པའི་ཆོས་ཉིད་ངེས་ཅན་ཞིག་ཡོད་པས། སློབ་གསོའི་ལས་ཀ་ལེགས་པར་བསྒྲུབ་དགོས་ན་ངེས་པར་དུ་ཆོས་ཉིད་དེ་ལ་གཞིགས་ནས་བྱ་བ་བསྒྲུབ་དགོས་པ་སྟེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བའི་མི་སྣ་གསོ་སྐྱོང་བྱེད་དགོས་པའི་བྱེད་ཕྱོགས་དེ་སྒོ་ཀུན་ནས་ལག་བསྟར་གཏོང་རྒྱུ་དང་། སློབ་མའི་ཁྱད་ཆོས་ལ་བསྟུན་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ཀ་བསྒྲུབ་དགོས་རྒྱུ་ཚང་མར་ང་གི་བསྲུང་བྱའི་ཆོས་ཉིད་རེ་ཡོད་པ་རེད།

བྱེ་བྲག་ཏུ་དབྱེ་ན་སློབ་གསོ་རིག་པ་ཤེས་པ་ལ་གཤམ་གསལ་གྱི་དགེ་མཚན་འགའ་ཡོད་དེ།

དང་པོ། སློབ་གསོ་རིག་པ་ཤེས་ན་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ནང་དུ་སློབ་གསོའི་ཐོབ་ཐང་དང་ནུས་པ་གང་ཡོད་ལ་ངོས་འཛིན་གསལ་བོ་བྱེད་ཐུབ་པ།

གཉིས་པ། སློབ་གསོ་རིག་པ་ཤེས་ན་དགེ་རྒན་ལ་ངོས་འཛིན་གསལ་པོ་བྱེད་ཐུབ་པ་དང་དགེ་རྒན་གྱི་ལས་རིགས་ལ་སྤྲོ་སྣང་སྐྱེད་ཐུབ།

གསུམ་པ། སློབ་གསོ་རིག་པ་ཤེས་ན་སློབ་གསོའི་རིགས་པའི་གཞུང་ལུགས་དང་སློབ་གསོའི་ལས་ཀ་སྒྲུབ་བྱེད་ཀྱི་ནུས་རྩལ་ངེས་ཅན་ཞིག་འཐོབ་ཐུབ་པས། སློབ་གསོའི་བསམ་བློ་ཡང་དག་པ་འཛུགས་རྒྱུ་དང་སློབ་གསོའི་ཆོས་ཉིད་ལ་གཞིགས་ནས་སློབ་གསོ་དང་སློབ་ཁྲིད་བྱེད་པར་དགེ་མཚན་ཆེན་པོ་ཡོད་པ་རེད།

བརྡ་འགྲེལ་གདོང་འཛར།

སློབ་གསོ། འཛམ་གླིང་། ནུབ་ཕྱོགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-02

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།