སྨུག་སྤྲིན་མཚེའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨུག་སྤྲིན་མཚེའུ།
སྨུག་སྤྲིན་མཚེའུ་ཡི་མཛེས་ལྗོངས་གྲགས་ཅན་ཁུལ་ནི་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཏ་དབྱི་རྫོང་བྱང་ཤར་གྱི་མཐའ་མཚམས་སུ་ཡོད་ཅིང་། ཏ་ཡུས་རྫོང་དང་བར་ཐག་སྤྱི་ལེ11ཡོད་པ་དང་ཁྲེང་ཏུའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ56ཡོད། སྨུག་སྤྲིན་མཚེའུ་ནི་ཤིང་གི་ཡལ་གའི་དབྱིབས་ལྟར་ཆགས་ཡོད་ཅིང། མཚོ་ངོས་ཀྱི་འཁྱོག་དགུ་དཀྱོག་བཅོ་བརྒྱད་ནི་ཏ་ཡུས་རྫོང་གི་བྱང་ཤར་མཚམས་སུ་གནས་ཏེ་རི་བོ20ལྷག་ཙམ་བསྐོར་ཡོད། སྨུག་སྤྲིན་མཚེའུ་ནི་སྟོད་རྒྱུད་ཀྱི་རི་མཐོ་ཆུ་ཕྲན་མང་པོ་དང་། ཆིང་ཧྲན་ཡན་གྱི་སྟོད་རྒྱུད་ཀྱི་ཆུ་བོ་འདུས་པ་ལས་གྲུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
烟霞湖
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་གནས།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཏ་དབྱི་རྫོང་བྱང་ཤར།
གཞི་ཁྱིན།
མུའུ400
སྒོ་འབྱེད་དུས་ཚོད།
ཉིན་ཧྲིལ་བོར།
1 ​ངོ་སྤྲོད་མདོར་བསྡུས།

སྨུག་སྤྲིན་མཚེའུ་ཡི་མཛེས་ལྗོངས་གྲགས་ཅན་ཁུལ་ནི་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཏ་དབྱི་རྫོང་བྱང་ཤར་གྱི་མཐའ་མཚམས་སུ་ཡོད་ཅིང་། ཏ་ཡུས་རྫོང་དང་བར་ཐག་སྤྱི་ལེ11ཡོད་པ་དང་ཁྲེང་ཏུའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ56ཡོད། སྨུག་སྤྲིན་མཚེའུ་ནི་ཤིང་གི་ཡལ་གའི་དབྱིབས་ལྟར་ཆགས་ཡོད་པ་དང་། མཚོ་ངོས་ཀྱི་འཁྱོག་དགུ་དཀྱོག་བཅོ་བརྒྱད་ནི་ཏ་ཡུས་རྫོང་གི་བྱང་ཤར་མཚམས་སུ་གནས་ཏེ་རི་བོ20ལྷག་ཙམ་བསྐོར་ཡོད། སྨུག་སྤྲིན་མཚེའུ་ནི་སྟོད་རྒྱུད་ཀྱི་རི་མཐོ་ཆུ་ཕྲན་མང་པོ་དང་། ཆིང་ཧྲན་ཡན་གྱི་སྟོད་རྒྱུད་ཀྱི་ཆུ་བོ་འདུས་པ་ལས་གྲུབ།

2 ས་བབ་ཆགས་ཚུལ།

སྨུག་སྤྲིན་མཚེའུ་མཛེས་ལྗོངས་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི755.6དང་། ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ16ཡས་མས་ཡིན་པས། གནམ་གཤིས་དྲོ་ཞིང་ཉི་འོད་འདང་ངེས་ཡོད། སྨུག་སྤྲིན་མཚེའུ་ཡི་རྒྱ་ཁྱོན་ལ་མུའུ400ཡོད་ཅིང་། ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི500ལྷག་ཙམ་ཟིན། ཕྱོགས་བཞིར་རི་བོས་བསྐོར་ཞིང་ལམ་ཕྲན་ཀྱོག་ཀྱག་ཀྱོག་ལྡན་པ། མཚོ་ངོས་དྭངས་ཤིང་གསལ་བའི་མཛེས་ལྗོངས་ཀྱིས་རང་དབང་མེད་པར་ཡིད་སེམས་འཕྲོག་ངེས་ལ། རི་བོ་དང་ཆུ་ཕྲན། དགོན་སྡེ་བཅས་གཞི་གཅིག་ཏུ་འདྲེས་ནས་གྲོང་འདབས་སུ་གནས་ཤིང་སྦགས་བཙོག་མེད་པ། སྔོ་ཁེབས་བཟང་བར་མ་ཟད། ལོ་རྒྱུས་ཀྱི་ནང་དོན་གཏིང་ཟབ་པ་བཅས་ཀྱི་དབང་གིས་གྲོང་འདབས་ཀྱི་ཡུལ་སྐོར་བྱ་ཡུལ་བཟང་པོ་ཞིག་ཏུ་གྱུར་ཡོད། 

3 དབེན་པའི་སྐྱེད་ཚལ།

མཚེའུ་ཁུལ་དུ་མིང་ཁྲེང་ཧྭ་སྐབས་སུ་བསྐྲུན་པའི་སྤྱན་རས་གཟིགས་ཀྱི་དགོན་པ་དེ། ད་ལྟ་བསྐྱར་དུ་སླར་གསོ་བྱས་པར་མ་ཟད་། ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་གནས་མཆོག་ཞིག་ཏུ་གྱུར་ཡོད་ཅིང་། ཀྲུང་གོའི་ཡར་སྔོན་གྱི་སངས་རྒྱས་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཕུའུ་ཁྲུའུ་ཡིས“སྤྱན་རས་གཟིགས་དགོན”ཞེས་པའི་སྒོ་བྱང་བྲིས།

མཛེས་ལྗོངས་ཁུལ་གྱི་རི་དང་ཆུ། དགོན་སྡེ། མཚེའུ། གཙང་པོ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་བཅས་དང་རང་བྱུང་མཛེས་ལྗོངས་སོགས་གཞི་གཅིག་ཏུ་འདྲེས་ཡོད་པ་དང་། མཚོ་ཁུལ་དུ་ནམ་རྒྱུན་སྤྲིན་སྨུག་འཁྲིགས་པའི་མཛེས་ལྗོངས་མཐོང་ཐུབ་པའི་དབང་གིས་སྨུག་སྤྲིན་མཚེའུ་ཞེས་འབོད། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། གནས་སྐོར། ལྗོངས་རྒྱུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།