བཟོ་སྐྲུན་ལག་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཟོ་སྐྲུན་ལག་རྩལ།
བཟོ་སྐྲུན་ལག་རྩལ་ཞེས་པ་ནི་བཟོ་སྐྲུན་ཉེར་སྤྱོད་ལག་རྩལ་ལ་ཟེར། བཟོ་སྐྲུན་ལག་རྩལ་ལ་ཐོན་སྐྱེད་ལག་རྩལ་ཡང་ཟེར། དེ་ནི་བཟོ་ལས་ཐོན་སྐྱེད་ཁྲོད་དངོས་སུ་བཀོལ་སྤྱོད་བྱེད་པའི་ལག་རྩལ་ཞིག་ཡིན། མི་རྣམས་ཀྱིས་ཚན་རིག་གི་ཤེས་བྱ་བེད་སྤྱོད་བྱེད་པའམ་ལག་རྩལ་གོང་དུ་འཕེལ་བའི་ཞིབ་འཇུག་གི་གྲུབ་འབྲས་དེ་བཟོ་ལས་ཐོན་སྐྱེད་ནང་བེད་སྤྱོད་བྱས་ནས་རང་བྱུང་ཁམས་ལ་བསྒྱུར་བཀོད་བྱེད་པའི་དམིགས་ཡུལ་འགྲུབ་པར་བྱེད་པའི་ཐབས་ཤེས་ལ་ཟེར། ཚན་རིག་ལག་རྩལ་ནི་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་ལག་རྩལ་ཡིན། མི་རྣམས་ཀྱིས་ཀྱང་རྟག་ཏུ་བཟོ་སྐྲུན་ལག་རྩལ་ལ་བཟོ་རིག་ཟེར་ཞིང་། ཚན་རིག་ལག་རྩལ་ལ་རྩིས་ཚན་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工程技术
ཕྱི་ཡིག་གི་མིང་།
Engineering and technology
ནང་དོན།
བཟོ་སྐྲུན་གྱི་སྤྱོད་སྒོ་ཆེ་བའི་ལག་རྩལ་ལ་ཟེར།
གཞི་རྩའི་ཁྱད་ཆོས།
གོ་ཆོད་རང་བཞིན།
1 ལག་རྩལ་ངོ་སྤྲོད།

ལོ་རྒྱུས་ཀྱི་རྒྱུན་རིང་པའི་བཟོ་སྐྲུན་ལག་རྩལ་ནི་བཟོ་སྐྲུན་ཨར་ལས་ཀྱི་ལག་རྩལ་ཡིན་ཞིང་། དེའི་གཞུང་ལུགས་ཀྱི་གཞི་འཛིན་ས་ནི་གཞུང་ལུགས་ཀྱི་ཤུགས་རིག་ཡིན། རྒྱལ་སྲུང་གི་དགོས་མཁོ་དང་བསྟུན་ནས་དམག་དོན་བཟོ་སྐྲུན་ལག་རྩལ་བྱུང་བ་དང་། དེས་ལས་རིགས་མི་འདྲ་བའི་བཟོ་སྐྲུན་ལག་རྩལ་ཕྱོགས་བསྡུས་བྱས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཚན་རིག་གཞུང་ལུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། བཟོ་སྐྲུན་ལག་རྩལ་གྱི་རིགས་ཀྱང་ཇེ་མང་ནས་ཇེ་མང་རེད། དཔེར་ན་གཞི་རྒྱུའི་བཟོ་སྐྲུན་ལག་རྩལ་དང་། ཆ་འཕྲིན་བཟོ་སྐྲུན་ལག་རྩལ། མ་ལག་བཟོ་སྐྲུན་ལག་རྩལ། སྲུང་སྐར་བཟོ་སྐྲུན་ལག་རྩལ་སོགས་ལྟ་བུ།

ལག་རྩལ་ཞིབ་འཇུག་གི་རྩ་འཛུགས་མ་ལག་གིས་ཀྱང་བཟོ་སྐྲུན་ལག་རྩལ་དང་ཚན་རིག་ལག་རྩལ་གྱི་མ་ལག་གཉིས་སྤྱོད་པ་སྟེ། བཟོ་སྐྲུན་ལག་རྩལ་མ་ལག་གི་ཁོངས་སུ་གཏོགས་པ་དཔེར་ན། ཀྲུང་གོའི་བཟོ་སྐྲུན་གླིང་དང་། རྒྱལ་ཁབ་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་སོགས་ཡིན་པ་དང་། ཚན་རིག་ལག་རྩལ་མ་ལག་གི་ཁོངས་སུ་གཏོགས་པ་དཔེར་ན་ཀྲུང་གོའི་ཚན་རིག་ཁང་དང་སོགས།

ཚན་རིག་ལག་རྩལ་ཞེས་པའི་ཐ་སྙད་དང་མི་འདྲ་སྟེ། བཟོ་སྐྲུན་དང་ལག་རྩལ་གཉིས་ཧ་ལམ་རིགས་གཅིག་གི་ཁོངས་སུ་གཏོགས་པ་དཔེར་ན། བཟོ་སྐྲུན་ཨར་ལས་དང་ཨར་ལས་ལག་རྩལ་བར་གྱི་ཧེ་བག་ཧ་ཅང་ཆུང་བ་དང་། ཆ་འཕྲིན་ལས་གྲྭ་དང་ཆ་འཕྲིན་ལག་རྩལ་བར་ལ་ཁྱད་པར་ཆེན་པོ་མེད། སྐབས་ལ་ལར་བཟོ་སྐྲུན་གྱིས་རྣམ་གྲངས་ག་གེ་མོ་ཞིག་ལ་བསྟན་པ་དང་། ལག་རྩལ་གྱིས་རྣམ་གྲངས་དེའི་ངོ་བོ་ནན་བཤད་བྱས་ཡོད།

2 གོ་དོན།

བཟོ་སྐྲུན་ལག་རྩལ་ལ་ཐོན་སྐྱེད་ལག་རྩལ་ཡང་ཟེར། དེ་ནི་བཟོ་ལས་ཐོན་སྐྱེད་ཁྲོད་དངོས་སུ་བཀོལ་སྤྱོད་བྱེད་པའི་ལག་རྩལ་ཞིག་ཡིན། མི་རྣམས་ཀྱིས་ཚན་རིག་གི་ཤེས་བྱ་བེད་སྤྱོད་བྱེད་པའམ་ལག་རྩལ་གོང་དུ་འཕེལ་བའི་ཞིབ་འཇུག་གི་གྲུབ་འབྲས་དེ་བཟོ་ལས་ཐོན་སྐྱེད་བྱ་རིམ་ནང་བེད་སྤྱོད་བྱས་ནས་རང་བྱུང་ཁམས་ལ་བསྒྱུར་བཀོད་བྱེད་པའི་སྔོན་བཀོད་དམིགས་ཡུལ་འགྲུབ་པར་བྱེད་པའི་ཐབས་ཤེས་ལ་ཟེར།

3 བཟོ་སྐྲུན་ལག་རྩལ།

མིའི་རིགས་ཀྱིས་རང་བྱུང་ཁམས་ལ་བསྒྱུར་བཀོད་བྱེད་པར་སྤྱོད་པའི་བྱེད་ཐབས་དང་དེ་བཞིན་དམིགས་ཡུལ་མི་འདྲ་བར་བརྟེན་བཟོ་སྐྲུན་ལག་རྩལ་གྱི་རྣམ་པ་འདྲ་མིན་སྣ་ཚོགས་ཆགས་པ་རེད། དཔེར་ན། གཏེར་ཁ་སྔོག་འདོན་བྱེད་པའི་ཡོ་བྱད་དང་སྒྲིག་ཆས་དང་ཐབས་ཤེས་ལ་ཞིབ་འཇུག་བྱེད་པའི་གཏེར་འདོན་བཟོ་སྐྲུན། ལྕགས་རིགས་བཙོ་སྦྱང་སྒྲིག་ཆས་དང་བཟོ་རྩལ་ལ་ཞིབ་འཇུག་བྱེད་པའི་ལྕགས་བཞུ་བཟོ་སྐྲུན། གློག་ཁང་དང་གློག་ཤུགས་དྲ་བའི་སྒྲིག་ཆས་དང་འཁོར་སྐྱོད་ཀྱི་གློག་ཤུགས་ལས་གྲྭ། ཞིབ་འཇུག་རྒྱུ་ཆའི་གྲུབ་ཚུལ་དང་གྲུབ་ཚུལ། ནུས་པ་བཅས་ཀྱི་རྒྱུ་ཆའི་ལས་གྲྭ། ཉེ་བའི་ལོ་བཅུ་ཕྲག་འགའི་རིང་། ཚན་རིག་དང་ལག་རྩལ་ཕྱོགས་བསྡུས་ཀྱིས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། བཟོ་སྐྲུན་ལག་རྩལ་གྱི་དོན་སྤྱི་དང་། བྱེད་ཐབས། བྱེད་ཐབས་བཅས་དེང་རབས་ཚན་རིག་ལག་རྩལ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོར་ཁྱབ་པས། སྐྱེ་དངོས་རྒྱུད་འཛིན་བཟོ་སྐྲུན་དང་། གསོ་རིག་ལས་གྲྭ། སློབ་གསོའི་ལས་གཞི། དོ་དམ་ལས་གཞི། དམག་དོན་ལས་གཞི། མ་ལག་ལས་གྲྭ་སོགས་བྱུང་། བཟོ་སྐྲུན་ལག་རྩལ་ནི་བཟོ་ལས་ཐོན་སྐྱེད་ལག་རྩལ་གྱི་ཁྱབ་ཁོངས་ལས་བརྒལ་ཏེ་དེའི་མདུན་ལྗོངས་རྒྱ་ཆེན་པོ་མངོན་ཡོད།

4 གཞི་རྩའི་ཁྱད་ཆོས།
4_1 གོ་ཆོད་རང་བཞིན།

མི་རྣམས་ཀྱིས་ཕྱི་རོལ་ཡུལ་གྱི་རང་བྱུང་ཁམས་བསྒྱུར་བཀོད་བྱེད་པའི་བྱ་སྤྱོད་ཚང་མ་མིའི་རིགས་འཚོ་གནས་དང་སྤྱི་ཚོགས་ཀྱི་དགོས་མཁོའི་ཆེད་དུ་ཡིན་པས། བཟོ་སྐྲུན་ལག་རྩལ་གྱི་ བྱེད་ཐབས་སྤྱོད་དགོས།

མིའི་སྤྱོད་སྒོ་ལྟར་ཕྱི་རོལ་ཡུལ་གྱི་དངོས་པོ་འདེམས་སྒྲུག་དང་། ཤུགས་ཆེར་གཏོང་བ། རྒྱུན་འཁྱོངས་བཅས་བྱེད་པའི་འགུལ་སྐྱོད་ཀྱིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པར་མིའི་རིགས་དང་སྤྱི་ཚོགས་ཀྱི་དགོས་མཁོར་གནོད་པའི་ངེས་པ་ལ་ཚོད་འཛིན་དང་ཕྱིར་འབུད་བྱ་དགོས། དཔེར་ན། ཆུ་ལ་ཕན་པ་སྣ་ཚོགས་ཡོད་ལ། གནོད་སྐྱོན་སྣ་ཚོགས་ཀྱང་ཡོད། ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱེད་པའི་ལས་འགན་ནི་དགེ་སྒྲུབ་གནོད་སེལ་བྱ་རྒྱུ་དེ་ཡིན། ཆུ་བེད་བཟོ་སྐྲྲུན་ལག་རྩལ་ནི་ཉེར་སྤྱོད་རང་བཞིན་འདི་མཚོན་ཡོད། མི་རྣམས་ཀྱིས་ལག་ཆ་དང་འཕྲུལ་འཁོར་གང་ཞིག་གསར་སྐྲུན་དང་བཀོལ་སྤྱོད་བྱེད་པར་ཡང་སྤྱོད་སྒོ་དངོས་གསལ་པོ་ཡོད་པ་དང་། ཡོ་བྱད་དང་འཕྲུལ་འཁོར་གང་ཞིག་ཡིན་རུང་ཚང་མས་དངོས་པོའི་རྣམ་པའི་ཐོག་ནས་མིའི་སྤྱོད་སྒོ་མཚོན་གྱི་ཡོད། ལག་ཆ་དང་འཕྲུལ་འཁོར་སོགས་ངལ་རྩོལ་རྒྱུ་ཆས་ནི་རང་བྱུང་རྣམ་པ་གནས་པའི་རང་བྱུང་དངོས་པོ་མིན་པར་མིས་བཟོས་པའི་རང་བྱུང་དངོས་པོ་རེད། དེ་དག་རང་བྱུང་གི་ཆོས་ཉིད་ལྟར་འགུལ་སྐྱོད་བྱ་དགོས་མོད། འོན་ཀྱང་འགུལ་སྐྱོད་དེ་ངེས་པར་དུ་མིའི་དམིགས་བསལ་གྱི་སྤྱོད་སྒོ་ཞིག་དང་མཐུན་དགོས། གལ་ཏེ་དེ་དག་གི་འགུལ་སྐྱོད་དེ་མིའི་སྤྱོད་སྒོ་དང་མི་མཐུན་ན་བཟོ་སྐྲུན་གྱི་དོན་རྐྱེན་འབྱུང་བ་དང་། གལ་ཏེ་མིའི་སྤྱོད་སྒོ་དང་རྦད་དེ་བྲལ་ན་དེ་ལྕགས་རོ་ཕུང་བོ་ཞིག་ཏུ་གྱུར་ནས་རིམ་བཞིན་རུལ་བསླད་དུ་འགྲོ་ངེས་རེད། དེར་བརྟེན། བཟོ་སྐྲུན་ལག་རྩལ་ལ་ངེས་པར་དུ་དངོས་སྤྱོད་རང་བཞིན་ལྡན་དགོས་པ་དང་། དངོས་སྤྱོད་རང་བཞིན་དང་ཁ་བྲལ་ན་དེར་གསོན་ཤུགས་མེད།

4_2 བྱེད་འཐུས་རང་བཞིན།

བཟོ་སྐྲུན་ལག་རྩལ་གྱི་རྣམ་གྲངས་གང་ཞིག་ཡིན་རུང་ཚང་མར་དམིགས་ཡུལ་བྱེ་བྲག་པ་ཡོད་མོད། འོན་ཀྱང་དམིགས་ཡུལ་འདི་མངོན་འགྱུར་བྱེད་པར་ཆ་རྐྱེན་མང་པོའི་ཚོད་འཛིན་ཐེབས་དགོས་པ་སྟེ། བཟོ་སྐྲུན་ལག་རྩལ་གྱི་རྣམ་གྲངས་གདམ་གསེས་དང་། གཞི་ཁྱོན། འཕེལ་རྒྱས་ཀྱི་མྱུར་ཚད། མ་དངུལ། ནུས་ཁུངས། རྒྱུ་ཆ། སྒྲིག་ཆས། མི་ཤུགས། བཟོ་རྩལ། ཁོར་ཡུག་སོགས་ཀྱི་ཆ་རྐྱེན་གྱི་ཚོད་འཛིན་ཐེབས་དགོས། བཟོ་སྐྲུན་ལག་རྩལ་ག་གེ་མོ་ཞིག་ཇུས་འགོད་ཀྱི་བསམ་བཀོད་དུས་རིམ་དུ་ངེས་པར་དུ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྒྲུབ་ཐུབ་ཚོད་ལ་བསམ་བློ་གཏོང་དགོས་ཤིང་། རྒྱུན་དུ་ཇུས་གཞི་འགའ་གྲུབ་ཐུབ། དེ་ནས་ཇུས་གཞི་སྣ་ཚོགས་རེ་རེ་བཞིན་དབྱེ་ཞིབ་དང་གདེང་འཇོག་བྱས་ཏེ། དེའི་ནང་ནས་ཉེར་སྤྱོད་རང་བཞིན་གྱི་དགོས་མཁོ་སྐོང་ཐུབ་ལ། གོང་གསལ་གྱི་ཚོད་འཛིན་ཆ་རྐྱེན་ཡང་སྐོང་ཐུབ་པའི་ཇུས་གཞི་ལེགས་ཤོས་བདམས་ན་ད་གཟོད་ལག་བསྟར་བྱེད་ཐུབ། བཟོ་སྐྲུན་ལག་རྩལ་གྱི་ལག་བསྟར་བྱེད་འཐུས་རང་བཞིན་དེ་ཡང་འགུལ་རྣམ་གྱི་གོ་དོན་ཞིག་ཡིན་པ་སྨོས་མ་དགོས་པ་ཞིག་རེད། ལས་གྲྭ་ག་གེ་མོ་ཞིག་དུས་སྐབས་ཤིག་གི་ནང་ལག་བསྟར་བྱེད་མི་ཆོག་པ་དང་། དུས་སྐབས་གཞན་ཞིག་ལ་སླེབས་ཚེ་ལག་བསྟར་བྱེད་ཆོག་པ་ཞིག་རེད། ཚོད་འཛིན་ཆ་རྐྱེན་སྣ་ཚོགས་ལའང་འགྱུར་ལྡོག་འབྱུང་སྲིད་པས། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཧུར་བརྩོན་གྱིས་ཆ་རྐྱེན་བསྐྲུན་ཆོག་ལ། ཆ་རྐྱེན་ལ་ཐབས་ལམ་གཞན་ཞིག་གསར་གཏོད་ཀྱང་བྱས་ཆོག དེར་བརྟེན་ངེས་པར་དུ་དོན་དངོས་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ལ་འཚམ་པའི་སྤྱོད་གོ་ཆོད་པའི་ལག་རྩལ་གང་ཡག་ཡག་གཏན་འཁེལ་གང་ཐུབ་བྱེད་དགོས།

4_3 དཔལ་འབྱོར་རང་བཞིན།

བཟོ་སྐྲུན་ལག་རྩལ་གྱིས་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་འཇོག་དགོས་པ་མ་ཟད། དཔལ་འབྱོར་གྱི་ཕན་འབྲས་ཀྱང་བཟང་པོ་ཐོན་པར་བྱས་ནས་ལག་རྩལ་སྔོན་ཐོན་དང་དཔལ་འབྱོར་གྱི་ཕན་ནུས་གཅིག་གྱུར་ཡོང་བ་བྱ་དགོས། གང་ལགས་ཤེ་ན། བཟོ་སྐྲུན་ལག་རྩལ་གྱི་དངོས་པོར་འགྱུར་བའི་རྣམ་པ་ནི་རང་བྱུང་དངོས་པོ་ཡིན་ལ་སྤྱི་ཚོགས་དཔལ་འབྱོར་གྱི་དངོས་པོ་ཡང་ཡིན་པའི་རྐྱེན་གྱིས་རེད། དེར་རང་བྱུང་ཆོས་ཉིད་ཀྱིས་ཁ་ལོ་བསྒྱུར་དགོས་པར་མ་ཟད། ད་དུང་སྤྱི་ཚོགས་ཀྱི་ཆོས་ཉིད་སྤྱི་དང་། ལྷག་པར་དུ་དཔལ་འབྱོར་ཆོས་ཉིད་ཀྱིས་ཁ་ལོ་བསྒྱུར་དགོས། བཟོ་སྐྲུན་ལག་རྩལ་ཞིག་དེ་ཚན་རིག་གསར་ཤོས་ཀྱིས་གསལ་བཤད་བྱས་པའི་རང་བྱུང་ཆོས་ཉིད་དང་མཐུན་མོད། གལ་ཏེ་དེ་སྤྱི་ཚོགས་ཀྱི་བླང་བྱ་དང་མི་མཐུན་ན་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་མཐོ་རུ་གཏོང་མི་ཐུབ་པ་དང་། དཔལ་འབྱོར་གྱི་ཕན་འབྲས་ཡོང་མི་ཐུབ་པ། འགྲན་རྩོད་ཀྱི་ནུས་པ་མི་འདང་བ་བཅས་ཡིན་ན། དེ་གནས་མི་ཐུབ་པའམ་འཕེལ་རྒྱས་སུ་འགྲོ་མི་ཐུབ། དཔེར་ན། འཕྲུལ་ཆས་བཟོ་ལས་ཐོན་རྫས་ནི་དེང་རབས་ཅན་ཐོན་སྐྱེད་ཀྱི་གལ་ཆེའི་དངོས་པོའི་ལག་རྩལ་སྒྲིག་ཆས་ཡིན། ཉེ་བའི་ལོ་གཉིས་དང་སུམ་ཅུའི་རིང་། འཕྲུལ་ཆས་ཐོན་རྫས་ཀྱང་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་དང་། རྒྱལ་དམངས་དཔལ་འབྱོར་སྡེ་ཚན་ཁག་གིས་ལས་ཕྱོད་མཐོ་བ་དང་། སྤུས་ཚད་ལེགས་པ། ནུས་པ་འཐུས་སྒོ་ཚང་བ། བཀོལ་སྤྱོད་སྟབས་བདེ་བ། ཡུན་རིང་སྤྱོད་ཤན་ཆེ་བ་བཅས་ཀྱི་ཐོན་རྫས་གསར་པ་མཁོ་འདོན་བྱེད་དགོས་པ་དང་། ལྷག་པར་དུ་ཐོན་རྫས་ལ་ངེས་པར་དུ་དམིགས་བསལ་གྱི་ནུས་པ་ལྡན་དགོས་པའི་བླང་བྱ་བཏོན་ཡོད། བྱེད་ལས་ཞེས་པ་ནི་ཐོན་རྫས་ལ་ལྡན་པའི་དམིགས་བསལ་གྱི་སྤྱོད་སྒོ་དང་བེད་སྤྱོད་རིན་ཐང་ལ་ཟེར། འཕྲུལ་ཆས་བཟོ་ལས་ཀྱི་ཐོན་རྫས་ཇུས་འགོད་བྱེད་སྐབས་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་ལག་རྩལ་དཔལ་འབྱོར་གྱི་ཕན་ནུས་ལ་དབྱེ་ཞིབ་ཕྲ་ཞིང་ཞིབ་པ་བྱ་དགོས། བྱེད་ལས་དབྱེ་ཞིབ་བྱས་པ་བརྒྱུད་བྱེད་ལས་གང་དག་དགོས་ངེས་ཡིན་པ་དང་། ནུས་པ་གང་དག་ལྷག་ཐལ་ཤོར་བ། ནུས་པ་གང་དག་མི་འདང་བ་བཅས་ཤེས་ཐུབ། ལེགས་བཅོས་ཀྱི་ཇུས་གཞིའི་ནང་དགོས་མེད་ཀྱི་ནུས་པ་མེད་པ་བཟོ་ཐུབ་པ་དང་། ལྷག་མའི་ནུས་པ་ཞན་དུ་གཏོང་ཐུབ་པ། མི་འདང་བའི་ནུས་པ་ཁ་གསབ་ཐུབ་པ་བཅས་བྱས་ནས་ཐོན་རྫས་ལ་ལུགས་མཐུན་གྱི་ནུས་པའི་གྲུབ་ཆ་ཞིག་ཆགས་པ་བྱེད་དགོས། ཐོན་རྫས་ཀྱི་ནུས་པ་མངོན་འགྱུར་བྱེད་པའི་ཆ་རྐྱེན་འོགཚད་ཆེས་ཆེ་བའི་སྒོ་ནས་མ་རྩ་ཇེ་དམའ་རུ་གཏོང་བའམ་ཡང་ན་མ་རྩ་མི་འགྱུར་བའི་གནས་ཚུལ་འོགནུས་པ་ཇེ་མཐོར་བཏང་ནས། མ་རྩ་དང་བྱེད་ནུས་གཉིས་ཟུང་འབྲེལ་ལེགས་པོ་བྱེད་དགོས། འདི་ལྟར་བྱས་ན་ད་གཟོད་སྤྱི་ཚོགས་ལ་སྤུས་དག་གོང་ཁེ་དང་ཡུན་རིང་སྤྱོད་ཤན་ཆེ་བའི་སྔོན་ཐོན་ལག་རྩལ་སྒྲིག་ཆས་འདོན་སྤྲོད་བྱེད་ཐུབ།

4_4 ཕྱོགས་བསྡུས་རང་བཞིན།

བཟོ་སྐྲུན་ལག་རྩལ་ནི་རྒྱུན་དུ་རིག་ཚན་མང་པོའི་ཕྱོགས་བསྡུས་བཀོལ་སྤྱོད་ཡིན། དེས་རྨང་གཞིའི་ཚན་རིག་དང་ཉེར་སྤྱོད་ཚན་རིག་སོགས་ཀྱི་ཤེས་བྱ་བེད་སྤྱོད་བྱ་དགོས་པར་མ་ཟད། དུས་མཚུངས་སུ་སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཀྱང་བེད་སྤྱོད་བྱ་དགོས། མིག་སྔའི་རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ཏེ་ད་དུང་ཆུ་ཚད་སྣ་མང་གི་ལག་རྩལ་སྤྱད་དེ་དུས་མཉམ་དུ་སྤྱོད་དགོས། བཟོ་སྐྲུན་ལག་རྩལ་འཕེལ་རྒྱས་དང་ཡར་ཐོན་བྱུང་བ་དང་ཆབས་ཅིག་དེའི་ཕྱོགས་བསྡུས་རང་བཞིན་ཉིན་རེ་བཞིན་མངོན་གསལ་ཆེ་རུ་འགྲོ་བཞིན་ཡོད། དེང་རབས་བཟོ་སྐྲུན་ལག་རྩལ་ཚང་མས་ཕྱོགས་བསྡུས་ཀྱིས་སློབ་སྦྱོང་འཕྲུལ་ཆས་མ་ལག་དང་དངོས་རྫས་མ་ལག(རྒྱུ་ཆ་དང་ཚན་ཁག་འཛུགས་པ། ལག་རྩལ་དང་ལག་རྩལ་གྱི་བྱེད་ཐབས་སྣ་ཚོགས་བཀོལ། དེང་རབས་ཀྱི་བཟོ་སྐྲུན་རྣམ་གྲངས་ཆེ་གྲས་ནི་མི་མཁོ་དང་། མ་དངུལ། ནུས་ཁུངས་སོགས)དང་། ཆ་འཕྲིན་མ་ལག(དམིགས་ཚད། མྱུར་ཚད། གཞི་གྲངས། དཔེ་རིས། ཇུས་གཞི། ཐབས་ཇུས་སོགས)ཚོད་འཛིན་མ་ལག་བཅས་ལས་གྲུབ་པའི་རྙོག་འཛིང་ཆེ་བའི་ཕྱོགས་བསྡུས་མ་ལག་ཅིག་ཡིན། བཟོ་སྐྲུན་སྣ་གཅིག་གི་ལག་རྩལ་ཡིན་ནའང་དེ་ཉིད་རྟག་ཏུ་ཕྱོགས་བསྡུས་ཡིན་པར་མ་ཟད། མ་ལག་ཧྲིལ་པོའི་ནང་དུ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་དང་གདེང་འཇོག་བྱ་རྒྱུར་ཡང་དམིགས་དགོས།

མདོར་ན། གོང་གསལ་ཁྱད་ཆོས་འདི་དག་གིས་བཟོ་སྐྲུན་ལག་རྩལ་གྱི་ངོ་བོའི་ཁྱད་ཆོས་མཚོན་པ་དང་། དེས་ཕྱི་རོལ་ཡུལ་དང་རང་སྣང་། རང་བྱུང་ཆོས་ཉིད་དང་སྤྱི་ཚོགས་དཔལ་འབྱོར་གྱི་ཆོས་ཉིད། ཆ་ཤས་དང་སྤྱི་ཡོངས་ཀྱི་རྩོད་སྒྲུབ་གཅིག་གྱུར་མཚོན་ཡོད། བཟོ་སྐྲུན་ལག་རྩལ་དེ་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཁྲོད་གལ་ཆེའི་གནས་བབ་དང་ནུས་པ་ལྡན་ཡོད།

5 ལག་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས།

གནའ་སྔ་མོ་ནས་བཟུང་གནའ་བོའི་མེ་རྡོའི་མདུང་རྩེ་དང་། སྤྱི་ལོ་སྔོན་གྱི་ལོ་ཁྲི་བཅུའི་སྔོན་གྱི་ལག་རྩལ་གྱི་ལོ་རྒྱུས་ནི་མིའི་རིགས་དང་འདྲ་བར་དུས་ཡུན་རིང་པོ་ཡོད། ལག་ཆ་གཙོ་བོའི་རིགས་དབྱིབས་ནི་ཧ་ལམ་མིའི་རིགས་རྙིང་བའི་གནའ་རྫས་རྟོག་ཞིབ་ཁྲོད་རྙེད་ཐུབ་པ་མ་ཟད། ཐ་ན་མི་འཇོན་ཐང་ཅན་གྱི་དུས་རབས་ཤིག་ཀྱང་ཡིན། ཡིན་ནའང་། སྲོག་ཆགས་གཞན་དག་གིས་ཀྱང་བེད་སྤྱོད་དང་ཡོ་བྱད་སྤུས་ལེགས་སྦྱོང་ཐུབ་པ་ཤེས་པས། མིའི་རིགས་ནི་ཡོ་བྱད་བེད་སྤྱོད་དང་བཟོ་ཤེས་པའི་སྲོག་ཆགས་གཅིག་པུ་ཡིན་པར་བརྩི་མི་རུང་། ལག་རྩལ་གྱི་ལོ་རྒྱུས་ནི་སྟབས་བདེའི་ལག་ཆ་དང་ནུས་ཁུངས།

ཆེས་སྔ་བའི་ལག་རྩལ་གྱིས་ད་ཡོད་ཀྱི་རང་བྱུང་ཐོན་ཁུངས་ཁོ་ན་བསྒྱུར་ཏེ་སྟབས་བདེ་བའི་ལག་ཆ་བྱེད་པ་སྟེ། དཔེར་ན་རྡོ་དང་། ཤིང་སྡོང་། རྩྭ་ཤིང་། རུས་པ། སྲོག་ཆགས་ཀྱི་ཞོར་ཐོན་དངོས་རྫས་གཞན་དག་བཅས་སོ། ། བརྐོས་པ་དང་། སྔོག་པ། འབྲད་པ། དཀྲིས་པ། བསྲེགས་པ་སོགས་སྟབས་བདེའི་བྱ་ཐབས་བརྒྱུད་རྒྱུ་ཆ་སྤྱོད་གོ་ཆོད་པའི་ཐོན་རྫས་སུ་འགྱུར་གྱི་ཡོད། མིའི་རིགས་རིག་པ་བས་སྔ་དུས་ཀྱི་མིའི་རིགས་ནི་རང་བྱུང་ཐོན་ཁུངས་ཀྱིས་བཟོས་པའི་སྡོད་གནས་དང་ལག་ཆ་རྙེད་པ་རེད། དུས་སྐབས་དེར་རྡོ་ཆས་སྤྱོད་པའི་དུས་རབས་ཟེར།

ལོ་ངོ་འབུམ་ལྔ་ནས་ས་ཡ་གཅིག་གི་སྔོན་ལ། མིའི་རིགས་ཀྱིས་མེ་བཀོལ་སྤྱོད་བྱེད་འགོ་བརྩམས་ཏེ་དེ་ཁོང་དུ་ཆུད་པར་བྱས། འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ལག་རྩལ་འཕེལ་འགྱུར་གྱི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་པས། སྤྱོད་སྒོ་གཏིང་ཟབ་མོ་ལྡན་པའི་ནུས་ཁུངས་སྟབས་བདེ་ཞིག་འདོན་སྤྲོད་བྱས་ཡོད། གཅིག་བྱས་ན་ཐེངས་དང་པོར་མེ་བཀོལ་ནས་ཚ་སྣོན་བྱེད་པ་ནི་ཟས་རིགས་ཀྱི་གྲ་སྒྲིག་སྟེང་ཡིན། དེའི་རྐྱེན་གྱིས་རྩི་ཤིང་དང་སྲོག་ཆགས་སོགས་བཟའ་ཆས་ཀྱི་འབྱུང་ཁུངས་ཆེས་ཆེར་འཕར་བ་རེད། རྒྱུ་མཚན་ནི་དེས་བཟའ་ཆས་རུལ་སུངས་སུ་འགྱུར་བའི་མྱུར་ཚད་ཇེ་དམའ་རུ་བཏང་བ་རེད།

མེ་ལ་བརྟེན་ནས་རང་བྱུང་གི་རྒྱུ་ཆ་ལས་སྣོན་བྱེད་པའི་སྟེང་དུ་རྒྱ་བསྐྱེད་པ་མ་ཟད། མེ་བཀོལ་ནས་ལས་སྣོན་བྱེད་དགོས་པའི་རང་བྱུང་གི་རྒྱུ་ཆ་བཀོལ་ཆོག (དེང་སང་ཆེས་གནའ་བོའི་འཕངས་འཕེན་མཚོན་ཆ་ནི་མེས་བསྲེགས་པའི་ཤིང་གིས་བཟོས་པའི་མདུང་རིང་རྙེད་པ་དང་། ཕལ་ཆེར་ལོ་ངོ་ཁྲི་ཉེར་ལྔའི་ཡར་སྔོན་དུ་)ཤིང་ཆ་དང་སོལ་བ་ནི་ནུས་ཁུངས་བཀོལ་སྤྱོད་བྱེད་པའི་དངོས་རྫས་རིགས་དང་པོ་ཡིན། ཤིང་ཆ་དང་ས་མྱགས་རྡོ་རྡོ(དཔེར་ན་རྡོ་ཐལ་བྲག་རྡོ)ནི་ཆེས་སྔ་མོར་མེ་བཀོལ་ནས་དབྱིབས་བཟོ་བ་དང་ལས་སྣོན་བྱེད་པའི་དངོས་པོ་ཡིན། དཔེར་ན་མཚོན་ཆ་དང་། རྫ་ཆས། སོ་ཕགཨར་འདམ་སོགས་ཀྱི་ལས་སྣོན་ཐོན་རྫས་བཟོ་བྱེད་ཡིན། རྒྱུན་མཐུད་ངང་ལེགས་བཅོས་བྱས་ཏེ་ཐབ་ཀ་དང་རླུང་སྒམ་གསར་སྐྲུན་བྱེད་པ་དང་། རང་བྱུང་ལྕགས་རིགས་བཙོ་སྦྱང་དང་རྡུང་བཟོ་བྱེད་པའི་ནུས་པ། གསེར་དང་། ཟངས། དངུལ། ཞ་ཉེ་བཅས་ནི་ཆེས་ཐོག་མར་བཙོ་སྦྱངས་བྱེད་ཐུབ་པའི་ལྕགས་རིགས་འགའ་ཡིན། རྡོ་དང་རུས་པ། ཤིང་ཆས་བཅས་ཀྱིས་བཟོས་པའི་ཟངས་ཀྱི་ཡོ་བྱད་ལས་ལྷག་པའི་དགེ་མཚན་ནི་མགྱོགས་མྱུར་ངང་སྔ་དུས་ཀྱི་མིའི་རིགས་ཀྱི་ལུས་སྟེང་དུ་མངོན་གྱི་ཡོད། རང་བྱུང་ཁམས་སུ་རང་བྱུང་ཟངས་ཧ་ཅང་མང་པོ་མེད་མོད། འོན་ཀྱང་ཟངས་གཏེར་ནི་ཧ་ཅང་ཁྱབ་ཆེ་བ་ཞིག་ཡིན་པར་མ་ཟད། ལ་ལ་ཤིང་ཆ་དང་སོལ་བ་ལས་ཧ་ཅང་ལས་སླ་པོར་བཟོ་ཐུབ་པ་རེད།

ཧ་ལམ་སྤྱི་ལོ་སྔོན་གྱི་ལོ་ངོ་བཞི་སྟོང་གི་རིང་ལ། ལྕགས་རིགས་གསར་བཟོ་བྱས་པ་ལས་ཟངས་དང་ཟངས་སེར་པོ་སོགས་བསྲེས་ལྕགས་ཀྱི་གསར་གཏོད་བྱུང་བས། དེར་ལི་མའི་དུས་རབས་ཟེར། ངར་ལྕགས་སོགས་ལྕགས་རིགས་བསྲེས་ལྕགས་ཐེངས་དང་པོར་བཀོལ་སྤྱོད་བྱས་པ་ནི་སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་བཞི་བརྒྱ་ཙམ་ཡིན་པ་དང་། ལྕགས་ཆས་སྤྱོད་པའི་དུས་རབས་ནས་འགོ་བརྩམས་པ་རེད།

འཁོར་ལོ་ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་ངོ་བཞི་སྟོང་གི་སྔོན་ལ་གསར་གཏོད་བྱས་པ་རེད།

དེའི་བར་དུ་མིའི་རིགས་ཀྱིས་རིགས་དབྱིབས་གཞན་གྱི་ནུས་ཚད་ལ་ཚོད་འཛིན་བྱེད་ཐུབ། ཆེས་སྔ་བའི་རླུང་ཤུགས་ཀྱི་བཀོལ་སྤྱོད་ནི་གཡོར་གྲུ་ཡིན། གཡོར་གྲུ་ཡོད་པའི་དཔེ་ཆ་ཞིག་སྤྱི་ལོ་སྔོན་གྱི་ལོ་ངོ་སུམ་སྟོང་ཉིས་བརྒྱ་ལྷག་གི་ཨེ་ཅིབ་ཀྱི་ལྡེབས་རིས་ཁྲོད་རྙེད་པ་རེད། ལོ་རྒྱུས་སྔོན་གྱི་དུས་རབས་ནས་བཟུང་ཨེ་ཅིབ་པས“ཉི་ལུའོ་གཙང་པོའི་སྟོབས་ཤུགས”ཞེས་ལོ་རེར་གྱི་ཆུ་ལོག་བེད་སྤྱད་དེ་ཁོང་ཚོའི་ས་ཞིང་ལ་ཆུ་འདྲེན་པ་མ་ཟད། འཆར་གཞིའི་རང་བཞིན་གྱི་སྒོ་ནས་ཆུ་འདྲེན་པའི་ཐབས་ལམ་དང་ཆུ་རྫིང་བསྐྲུན་ནས་ས་ཞིང་དོ་དམ་བྱེད་ཤེས་པ་རེད། ས་ཆ་དེ་དང་འདྲ་བར། མེ་སོ་པུ་ཏ་སྨི་ཡའི་སྔ་དུས་མི་དམངས་ཀྱིས་ཏེ་ཀེ་ལི་སི་ཆུ་བོ་དང་ཡིའུ་ཧྥ་ལ་ཏི་གཙང་པོ་སྤྱད་དེ་སྤྱོད་སྒོ་གཅིག་མཚུངས་སུ་སྤྱོད་ཀྱི་ཡོད། རླུང་ཤུགས་དང་ཆུ་ཤུགས་སྔར་ལས་མང་བ་དང་། ཐ་ན་མི་ཤུགས་བཀོལ་སྤྱོད་བྱེད་པར་གསར་གཏོད་ཡང་བསྐྱར་ཐེངས་གཅིག་བྱེད་དགོས།

6 བྱུང་འཕེལ།

བཟོ་སྐྲུན་ལག་རྩལ་ནི་གདོད་མའི་མིས་ལག་ཆ་བཟོས་པ་ནས་འགོ་བརྩམས་པ་ཡིན། མིའི་རིགས་ཀྱི་མེས་པོས་ཐེངས་དང་པོར་རྡོ་ཡིས་གདོད་མའི་ཐོན་སྐྱེད་ཡོ་བྱད་དང་རྡོ་ཆས་ཡོ་བྱད་བཟོས་པ་ཡིན་ན། སྤྲ་ནས་མིའི་ཕྱོགས་སུ་འཕོ་འགྱུར་བྱུང་བ་དང་། མིའི་རིགས་ཀྱིས་རང་བྱུང་ཁམས་འདུལ་བའི་ལོ་རྒྱུས་ཀྱི་ཡོལ་བ་ཕྱེ་བ་རེད། རྡོ་གྲི་རྩིང་པོ་བཟོ་བ་ནས་ཉིན་བཞིན་ཞིབ་ཚགས་སུ་འགྲོ་བའི་རྡོ་ཆས་ལས་སྣོན་བྱེད་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གསར་གཏོད་གལ་ཆེན་ཞིག་ཡིན། རྡོ་ཆས་བཟོ་བར་ལོ་ངོ་ས་ཡ་ལྷག་གི་དུས་ཚོད་སྤྱད་པ་དང་། དེ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་འཕྲུལ་ཆས་ལས་སྣོན་བཟོ་རྩལ་ཏེ། བཟོ་སྐྲུན་ལག་རྩལ་གྱི་ཐོག་མའི་མྱུ་གུ་འབུས་པ་ཡིན། ལོ་ངོ་འབུམ་ལྔའི་ཡར་སྔོན་དུ། གདོད་མའི་མིས་གློག་འཁྱུག་ཐོག་རྒྱག་དང་ནགས་ཚལ་མེ་སྐྱོན་ལ་ཡུན་རིང་ལྟ་ཞིབ་དང་ལག་ལེན་བྱེད་པའི་གོ་རིམ་ཁྲོད། རིམ་བཞིན་རང་བྱུང་གི་མེ་བེད་སྤྱོད་བྱེད་ཤེས་པ་མ་ཟད། མེ་སོན་སོར་ཉར་བྱས་ཏེ། དེ་སྤྱད་ནས་དྲོད་ལེན་པ་དང་། འོད་སྒྲོན། ཟས་རིགས་བཙོས་པ། རི་དྭགས་འགོག་པ་བཅས་བྱེད་དགོས། རྗེས་སུ་མི་རྣམས་ཀྱིས་རྡོ་ཆས་བཟོ་བ་དང་བརྡར་བཟོ་བྱེད་པ། ཤིང་ཆ་ལས་སྣོན་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱུན་དུ་མེ་སྟག་དང་དུ་བ་འཕྱུར་བ། ཚ་བ་རྒྱས་པ་སོགས་ཀྱི་སྣང་ཚུལ་མཐོང་། འདི་ལྟར་ཡང་ལོ་ངོ་འབུམ་ཕྲག་དུ་མའི་འཚོལ་ཞིབ་བརྒྱུད་མཐར། མཐར་གཙུབ་བརྡར་གྱི་ཐབས་ལ་བརྟེན་ནས་མིའི་ཐབས་ཀྱིས་མེ་བླངས་པ་རེད། མེ་གསར་རྙེད་དང་བཀོལ་སྤྱོད་བྱས་པ་དེས་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད། དེའི་ཐད་ཨེན་ཀེ་སིས་ཚད་མཐོའི་གདེང་འཇོག་གནང་ནས་གསུངས་དོན། “འཛམ་གླིང་རང་བཞིན་གྱི་བཅིངས་འགྲོལ་ནུས་པར་མཚོན་ན། བརྡར་ནས་མེ་འབར་བ་དེ་སྔར་བཞིན་རླངས་སྒུལ་འཕྲུལ་འཁོར་ལས་བརྒལ་ཡོད། གང་ལགས་ཤེ་ན། བརྡར་ནས་མེ་འབར་བ་དེས་ཐེངས་དང་པོར་མི་རྣམས་ལ་རང་བྱུང་ཁམས་ཀྱི་སྟོབས་ཤུགས་ཤིག་ཁ་ལོ་སྒྱུར་དུ་བཅུག་པས། མཐར་མི་དང་སྲོག་ཆགས་ཀྱི་ཁམས་གཉིས་ཁ་ཕྲལ་བ་རེད”  སྤྱི་ལོ་ལོ་ཁྲི་གཉིས་ཙམ་གྱི་གོང་མི་རྣམས་ཀྱིས་མདའ་གཞུ་སྤྱོད་འགོ་བཙུགས་པ་དང་རྫ་ཆས་བསྲེགས་པ་སོགས་དེ་དག་ཚང་མ་མྱུ་གུ་འབུས་པའི་རྣམ་པའི་བཟོ་སྐྲུན་ལག་རྩལ་ཡིན་པ་རེད། རྡོ་ཆས་གཞོག་བརྡར་ལག་རྩལ་ནི་གདོད་མའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་མཚོན་རྟགས་གཙོ་བོ་ཡིན།

ལོ་ངོ་དྲུག་སྟོང་ནས་བཞི་སྟོང་གི་རིང་ལ། མི་རྣམས་ཀྱིས་རྫ་བཟོའི་ཐོན་སྐྱེད་ལག་ལེན་ཁྲོད་རིམ་བཞིན་ཐབ་དྲོད་མཐོར་འདེགས་ཀྱི་ལག་རྩལ་ཁོང་དུ་ཆུད་པ་རེད། ཕྱིས་སུ་ངལ་རྩོལ་ཡོ་བྱད་བཟོ་བའི་རྡོ་ཆས་སྣ་ཚོགས་ཁྲོད་སླར་ཡང་རང་བྱུང་ཟངས་དམར་གསར་རྙེད་བྱུང་བས། མིའི་རིགས་ཀྱིས་ཐོག་མར་ཟངས་བཙོ་སྦྱངས་མངོན་འགྱུར་བྱུང་བ་རེད། ལི་ཆས་ཡོ་བྱད་བེད་སྤྱོད་བྱས་པ་ལས་བྱུང་བའི་ཐོན་སྐྱེད་ནུས་ཤུགས་ཀྱིས་མཐར་གདོད་མའི་སྤྱི་ཚོགས་ཐོར་ཞིག་ཏུ་སོང་བ་དང་བྲན་གཡོག་སྤྱི་ཚོགས་བྱུང་བ་རེད། དུས་སྐབས་འདིའི་བཟོ་སྐྲུན་ལག་རྩལ་ནི་ཆུ་བེད་འཛུགས་སྐྲུན་བྱེད་པ་ལས་གཞན། འཛུགས་སྐྲུན་ལག་རྩལ་ནི་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད། གནའ་བོའི་ཨེ་ཅིབ་ཀྱིས་བསྐྲུན་པའི་གཏོར་གཟུགས་མཆོད་རྟེན་དང་དེ་བཞིན་ཀྲུང་གོའི་ཧྲང་ཀྲོའུ་དུས་སྐབས་ཀྱི་སྤུས་ལེགས་ལི་ཆས་ནི་དུས་སྐབས་དེའི་བཟོ་སྐྲྲུན་ལག་རྩལ་ཆུ་ཚད་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་ཞིག་ཡིན་པ་དང་ལི་ཆས་བཙོ་སྦྱང་ལག་རྩལ་ཐད་ཕུན་སུམ་ཚོགས་པའི་ལག་ལེན་གྱི་ཉམས་མྱོང་བསགས་ཡོད། རླུང་སྒམ་གསར་གཏོད་བྱས་པས་ལྕགས་བཞུ་ལག་རྩལ་ཡང་རིམ་བཞིན་བྱུང་བ་དང་འཕེལ་རྒྱས་བྱུང་ནས་ཐོག་མའི་ལྕགས་ཆས་བྱུང་བ་རེད། ལྕགས་ཆས་ཡོ་བྱད་ཀྱིས་རྡོ་ཆས་ཡོ་བྱད་ཀྱི་ཚབ་བྱེད་པ་ནི་བཟོ་སྐྲུན་ལག་རྩལ་སྟེང་གི་འཕོ་འགྱུར་གལ་ཆེན་ཞིག་ཡིན། ལྕགས་བཞུའི་ལག་རྩལ་གསར་གཏོད་དང་ལྕགས་ཆས་རྒྱ་ཁྱབ་ཏུ་སྤྱོད་པ་ནི་དུས་སྐབས་དེའི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་གལ་ཆེ་ཤོས་ཤིག་ཡིན་ཞིང་། དེས་སྤྱི་ཚོགས་ཀྱི་ངལ་རྩོལ་ཐོན་སྐྱེད་ལས་ཆོད་ཆེས་ཆེར་མཐོ་རུ་བཏང་བ་རེད། བྲན་གཡོག་གི་སྤྱི་ཚོགས་དེ་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་བར་བརྒལ་བྱེད་པའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་པ་མ་ཟད། བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ཧྲིལ་པོའི་ལག་རྩལ་གྱི་རྨང་གཞི་གཙོ་བོར་ཡང་གྱུར་པ་རེད།

དེའི་ཐོག་ནས་བཟོ་སྐྲུན་ལག་རྩལ་གྱི་ཐོག་མའི་འཕེལ་རྒྱས་ནི་གདོད་མའི་སྤྱི་ཚོགས་དང་། བྲན་གཡོག་སྤྱི་ཚོགས། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་བཅས་ལོ་རྒྱུས་ཀྱི་དུས་རིམ་གསུམ་བརྒྱུད་ཡོད་པ་མཐོང་ཐུབ། ལོ་རྒྱུས་ཀྱི་དུས་སྐབས་དེའི་གཞི་རྩའི་ཁྱད་ཆོས་ནི་བཟོ་སྐྲུན་ལག་རྩལ་དེ་གཙོ་བོ་ཉམས་མྱོང་དངོས་སྒྱུར་གྱི་དུས་རིམ་དུ་གནས་ཡོད་པ་དང་། ཐོན་སྐྱེད་ལག་རྩལ་ནི་གཞི་རྩའི་ཐོག་ལག་ཤེས་བཟོ་རྩལ་རེད། སྤྱི་ཚོགས་ལ་གྲལ་རིམ་བྱུང་བ་ནས་བཟུང་གྲལ་རིམ་འགལ་ཟླར་གྱུར་པའི་སྤྱི་ཚོགས་ནང་བཟོ་སྐྲུན་ལག་རྩལ་འཕེལ་བཞིན་ཡོད། སྐབས་དེར་ཐོན་སྐྱེད་བྱེད་རིང་དངོས་པོའི་རྒྱུ་ནོར་གསར་སྐྲུན་དང་། ཐོན་སྐྱེད་ཀྱི་ཉམས་མྱོང་གསོག་འཇོག་བྱེད་མཁན་ནི་བྲན་གཡོག་དང་། ཞིང་པ། ལག་ཤེས་བཟོ་ལས་པ་བཅས་ཡིན་པ་དང་། ཁོ་ཚོའི་ལག་ལེན་གྱི་ཉམས་མྱོང་ནི་ལག་རྩལ་ཡར་ཐོན་ཡོང་བའི་རྨང་གཞི་ཡིན། འོན་ཀྱང་ཐོན་སྐྱེད་ཡོ་བྱད་དང་སྤྱི་ཚོགས་ཀྱི་རྒྱུ་ནོར་གཙོ་བོ་བྲན་གཡོག་བདག་པོ་དང་ཞིང་བདག་གིས་བཟུང་ཡོད། དུས་སྐབས་འདིའི་བཟོ་སྐྲུན་ལག་རྩལ་གྱི་ཡར་ཐོན་ལ་ཕྱོགས་གཅིག་ནས་ཐོན་སྐྱེད་ཀྱི་སྐུལ་འདེད་ཐེབས་པ་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་གྲལ་རིམ་གྱི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། འོན་ཀྱང་ཐོན་སྐྱེད་གོང་དུ་འཕེལ་བ་དང་། ཉམས་མྱོང་གསོག་འཇོག་བྱེད་པ་ནི་སྔར་བཞིན་ལག་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་རེད། སྤྱི་ཡོངས་ནས་བཤད་ན། ཐོག་མའི་བཟོ་སྐྲུན་ལག་རྩལ་ཡར་ཐོན་བྱུང་བ་ད་དུང་ཧ་ཅང་དལ་བ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཀྱང་དམའ་བ་རེད། ཕྱོགས་གཅིག་ནས་ལག་རྩལ་གྱི་རྨང་གཞི་ཞན་པ། ཕྱོགས་གཞན་ཞིག་ནས་བྲན་གཡོག་བདག་པོ་དང་ཞིང་བདག་གྲལ་རིམ་གྱིས་ཀྱང་ལག་རྩལ་ལེགས་བཅོས་གཏོང་རྒྱུར་སེམས་ཁུར་བྱེད་ཀྱི་མེད། བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་ནང་བྲན་གཡོག་རྣམས་སྲོག་ལྡན་གྱི་ལག་ཆར་བརྩིས་པ་དང་། ཁོ་ཚོས་ཐོན་སྐྱེད་བྱེད་སྐབས་ལས་ཀར་སྒྱིད་ལུག་བྱེད་པ་དང་ངལ་རྩོལ་ཡོ་བྱད་གཏོར་བཤིག་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བྲན་གཡོག་བདག་པོའི་གདུག་རྩུབ་ཆེ་བའི་གཉའ་གནོན་ལ་འགོག་རྒོལ་བྱེད་ཀྱི་ཡོད། བྲན་གཡོག་བདག་པོས་བྲན་གཡོག་ལ་གཏོར་བཤིག་མི་ཡོང་བའི་སྔོན་འགོག་བྱེད་ཆེད། བྲན་གཡོག་ལ་ཆེས་རྩིང་པོ་དང་ཆེས་ལྗིད་རྫོབ་ཆེ་ཞིང་ཆག་སྐྱོན་འབྱུང་དཀའ་བའི་ལག་ཆ་ཁོ་ན་སྤྱོད་དུ་བཅུག་པ་རེད། བཀས་བཀོད་རྒྱུད་འཛིན་གྱི་ཞིང་བདག་གྲལ་རིམ་གྱིས་ཀྱང་ས་བོགས་དང་དཔལ་འབྱོར་གྱི་བཤུ་གཞོག་བྱེད་ཐབས་ལས་འདས་པའི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཞིང་པའི་རྔུལ་ཁྲག་བཙིར་ལེན་ཁོ་ན་བྱེད་འདོད་པ་ལས། ཞིང་ལས་ཐོན་སྐྱེད་ཡོ་བྱད་ལེགས་བཅོས་བྱེད་མིན་དེ་ཁོ་ཚོར་མཚོན་ན་གནད་འགག་མེད་པ་ཞིག་རེད། བྲན་གཡོག་བདག་པོ་དང་ཞིང་བདག་གྲལ་རིམ་ཉམས་རྒུད་དུ་འགྲོ་བའི་སྐབས་སུ། ཁོ་ཚོས་དེ་བས་ཀྱང་བག་མེད་ལོངས་སྤྱོད་དང་། དྲག་ཤུགས་ལ་བརྟེན་ནས་མི་དམངས་ལ་དྲག་གནོན་བྱས་ཏེ། ཐོན་སྐྱེད་ལ་གཏོར་བརླག་ཐེབས་པ་དང་། དཔལ་འབྱོར་འཕེལ་མེད་སོར་གནས་སུ་ལུས་པས། བཟོ་སྐྲུན་ལག་རྩལ་གྱི་འཕེལ་རྒྱས་ལ་བཀག་འགོག་ཚབས་ཆེན་བྱས། མར་ཁེ་སིས“དེང་རབས་བཟོ་ལས་ཀྱི་ལག་རྩལ་རྨང་གཞི་ནི་གསར་བརྗེ་ཡིན་པ་དང་། ཐོན་སྐྱེད་བྱེད་སྟངས་ཀྱི་ལག་རྩལ་རྨང་གཞི་ཡོད་ཚད་ངོ་བོའི་ཐོག་ནས་བག་འཁུམ་ཡིན”བྲན་གཡོག་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་ཐོན་སྐྱེད་བྱེད་སྟངས་ནི་དེའི་ལག་རྩལ་རྨང་གཞི་བག་འཁུམ་གྱི་རང་བཞིན་གྱི་དབང་གིས་མཐར་ཐུག་དུས་ཡུན་རིང་པོར་གནས་མི་ཐུབ་པ་དང་། བཟོ་སྐྲུན་ལག་རྩལ་རྒྱུན་ཆད་མེད་པར་གསར་བརྗེ་བྱ་རྒྱུ་ཁྱད་ཆོས་སུ་གྱུར་པའི་ཐོན་སྐྱེད་བྱེད་སྟངས་གསར་པས་ཐོན་སྐྱེད་བྱེད་སྟངས་རྙིང་པ་ལས་རྣམ་པར་རྒྱལ་བ་ནི་གཡོལ་ཐབས་མེད་པ་ཞིག་རེད།

6_1 ལག་རྩལ་གསར་བརྗེ་དང་པོ།

(གཅིག) བཟོ་སྐྲུན་ལག་རྩལ་བསྒྱུར་བཅོས་བྱེད་པའི་སྤྱི་ཚོགས་ཆ་རྐྱེན།

དུས་རབས་བཅོ་བརྒྱད་པའི་ལོ་རབས་དྲུག་ཅུ་པར་འགོ་ཚུགས་པའི་བཟོ་ལས་གསར་བརྗེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ལྕགས་ཆས་བེད་སྤྱད་རྗེས་ཀྱི་ལག་རྩལ་གསར་བརྗེ་ཐེངས་དང་པོ་དེ་རེད། དེ་འཁེལ་འཐག་བཟོ་ལས་འཕྲུལ་ཆས་ཅན་དུ་འགྱུར་འགོ་ཚུགས་པ་དང་། རླངས་སྒུལ་འཕྲུལ་འཁོར་གསར་གཏོད་དང་རྒྱ་ཁྱབ་ཏུ་བེད་སྤྱོད་བྱ་རྒྱུ་མཚོན་རྟགས་གཙོ་བོར་བྱས་པས། ཉེ་རབས་ཀྱི་བཟོ་སྐྲུན་ལག་རྩལ་བྱུང་བ་དང་གོང་དུ་འཕེལ་བར་སྐུལ་འདེད་བྱུང་བ་རེད།

ཉེ་རབས་ཀྱི་བཟོ་སྐྲུན་ལག་རྩལ་མ་རྩའི་རིང་ལུགས་ཀྱི་གསར་བརྗེའི་དུས་རབས་སུ་བྱུང་བ་དང་། གསར་བརྗེ་དེ་ནི་གཙོ་བོ་དབྱིན་ཇིའི་བཟོ་ལས་གསར་བརྗེ་དང་ཧྥ་རན་སིའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་།

ལོ་རྒྱུས་དེབ་ཐེར་ནང་བཀོད་པ་ལྟར། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་བཟོ་སྐྲུན་ལག་རྩལ་གྱི་འཕེལ་རྒྱས་ཀྱིས་འབྱོར་ལྡན་གྲལ་རིམ་འབྱུང་བར་སྐུལ་འདེད་བྱས་པ་མ་ཟད། ཁོ་སྤྱི་ཚོགས་གསར་བའི་དབང་སྒྱུར་གྲལ་རིམ་དུ་གྱུར། འབྱོར་ལྡན་གྲལ་རིམ་གྱིས་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་མགོ་རྟིང་བསློགས་རྗེས་བཟོ་སྐྲུན་ལག་རྩལ་སྔར་ལས་ལྷག་པར་གོང་དུ་འཕེལ་བར་སྐུལ་འདེད་བཏང་ཡོད། འབྱོར་ལྡན་གྲལ་རིམ་ལ་ཚན་རིག་ལག་རྩལ་གསར་རྙེད་དང་གསར་གཏོད་དགོས་པ་ནི་མ་རྩའི་རིང་ལུགས་ཀྱི་ཐོན་སྐྱེད་ལ་རག་ལས་ཡོད། མ་རྩའི་རིང་ལུགས་ཀྱི་ཐོན་སྐྱེད་ནི་རིན་ཐང་ལྷག་མ་དོན་གཉེར་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བའི་ཚོང་ཟོག་ཐོན་སྐྱེད་ཡིན་པ་དང་། མ་རྩ་ཅན་བར་གྱི་འགྲན་རྩོད་ནི་མ་རྩའི་རིང་ལུགས་ཀྱི་ཐོན་སྐྱེད་བྱེད་སྟངས་ཀྱི་ནང་གནས་ཆོས་ཉིད་རེད། མ་རྩ་ཅན་གྱིས་ཁེ་བཟང་རག་ཐབས་བྱེད་པ་དང་། འགྲན་རྩོད་བྱེད་སྐབས་ཕ་རོལ་པོ་ལས་རྣམ་པར་རྒྱལ་དགོས་ན། ངེས་པར་དུ་ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཐོན་སྐྱེད་ཡོ་བྱད་དང་ལག་རྩལ་སྒྲིག་ཆས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། འཕྲུལ་འཁོར་ཐོན་སྐྱེད་ཀྱིས་ལག་ཤེས་ངལ་རྩོལ་གྱི་ཚབ་བྱེད་པ། འཕྲུལ་འཁོར་གསར་པས་འཕྲུལ་འཁོར་རྙིང་པའི་ཚབ་བྱེད་དགོས། དུས་རབས་བཅོ་བརྒྱད་པར་དབྱིན་ཇིས་བཟོ་ལས་གསར་བརྗེ་བྱེད་འགོ་བརྩམས་པ་དེ་ནི་མ་རྩའི་རིང་ལུགས་ཀྱི་ལམ་ལུགས་འོག་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཆེན་པོ་འགྲོ་བའི་འགོ་བརྩམས་པ་དང་གྲ་སྒྲིག་བྱས་པ་ཞིག་ཡིན་པས། བཟོ་སྐྲུན་ལག་རྩལ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་བ་རེད། བཟོ་སྐྲུན་ལག་རྩལ་གྱི་འཕོ་འགྱུར་ནི་ཐོག་མར་སྲིང་བལ་འཁེལ་འཐག་ལས་རིགས་ཀྱི་ལས་སྒྲུབ་འཕྲུལ་འཁོར་ནས་འགོ་བརྩམས་པ་ཡིན། ལས་སྒྲུབ་འཕྲུལ་ཆས་གསར་བ་བཟོ་སྐྲུན་བྱས་པའི་རྐྱེན་གྱིས་སྒུལ་ཤུགས་འཕྲུལ་ཆས་ཀྱི་གསར་བརྗེ་དེ་དགོས་ངེས་ཤིག་ཏུ་གྱུར་པར་མ་ཟད། བརྒྱུད་སྒུལ་སྒྲིག་ཆས་ཀྱང་དེ་དང་བསྟུན་ནས་བསྒྱུར་བཅོས་བྱས།

(གཉིས) རླངས་སྒུལ་འཕྲུལ་འཁོར་གསར་གཏོད་བྱས་པ་དང་ལེགས་བཅོས་བྱས་པ།

རླངས་སྒུལ་འཕྲུལ་འཁོར་གྱི་གསར་གཏོད་ནི་གཙོ་བོ་དབྱིན་ཇིའི་འཁེལ་འཐག་ལས་རིགས་དང་གཏེར་འདོན་ལས་རིགས་ཀྱི་དགོས་མཁོའི་དབང་གིས་ཡིན་མོད། འོན་ཀྱང་དེའི་ལག་རྩལ་བེད་སྤྱོད་བྱེད་རྒྱ་ཧ་ཅང་ཆེ་བ་རེད། གདོད་མའི་རླངས་སྒུལ་འཕྲུལ་འཁོར་ནི་དུས་རབས་བཅོ་བརྒྱད་པའི་ཉིའུ་ཁོ་མོན་གྱི་ལག་རྩལ་གསར་པའི་ཁྲོད་ཐོག་མར་བྱུང་བ་རེད། ཕྱིས་སུ་དབྱིན་ཇིའི་ལག་ཤེས་པ་ཝ་ཐེས་པུའུ་ལ་ཁེའི“ཚ་སྡུར”དང“མངོན་མེད་ཚ་ནུས”རིགས་པའི་གཞུང་ལུགས་སྤྱད་དེ་མཛུབ་སྟོན་བྱས་ཏེ། ཉིའུ་ཁོ་མོན་རླངས་སྒུལ་འཕྲུལ་འཁོར་ལེགས་བཅོས་བྱས་པ་དང་། རླངས་སྣོད་ཀྱི་ཆུ་འཛག་པའི་གནད་དོན་ཐག་གཅོད་བྱས་ཤིང་། གྲང་དཀག་ཆས་གསར་གཏོད་བྱས་པ་རེད། ཕྱིས་སུ་ཁོང་གིས་ལྟེ་བྲལ་མྱུར་ཚད་སྙོམ་སྒྲིག་འཕྲུལ་ཆས་དང་འཕུར་འཁོར་གསར་གཏོད་བྱས་ཤིང་། དེ་ལྟར་བྱས་ན་ད་གཟོད་རིགས་པའི་གཞུང་ལུགས་དང་དོན་དངོས་ཐོག་ནས་འཐུས་ཚང་དུ་བཏང་སྟེ་རླངས་སྒུལ་འཕྲུལ་འཁོར་གྱི་ལས་ཆོད་མཐོ་རུ་བཏང་བ་མ་ཟད། རླངས་སྒུལ་འཕྲུལ་འཁོར་དེ་བཟོ་ལས་སྡེ་ཁག་ཡོད་ཚད་ལ་སྤྱོད་པར་འཚམ་པའི་སྒུལ་ཤུགས་འཕྲུལ་འཁོར་དུ་གྱུར་པ་རེད། ཨེན་ཀེ་སིས“རླངས་པ་དང་ལག་ཆའི་འཕྲུལ་འཁོར་གསར་པས་བཟོ་རའི་ལག་ཤེས་བཟོ་ལས་དེ་དེང་རབས་ཀྱི་བཟོ་ལས་ཆེན་པོར་བསྒྱུར་སྟབས་འབྱོར་ལྡན་གྲལ་རིམ་སྤྱི་ཚོགས་ཀྱི་རྨང་གཞི་ཧྲིལ་པོ་གསར་བརྗེ་ཅན་དུ་གྱུར་པ་རེད”

རླངས་སྒུལ་འཕྲུལ་འཁོར་གསར་གཏོད་དང་ལེགས་བཅོས་བྱ་རྒྱུ་ནི་བཟོ་ལས་གསར་བརྗེའི་རག་ལས་སའི་རྒྱུ་རྐྱེན་ཡིན་པས། དེས་ལག་ཤེས་ཐོན་སྐྱེད་ནས་འཕྲུལ་འཁོར་ཐོན་སྐྱེད་དུ་བར་བརྒལ་བྱེད་པའི་བཟོ་ལས་གསར་བརྗེའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་བ་དང་། བཟོ་ལས་ཐོན་སྐྱེད་ལག་རྩལ་ཕྱོགས་ཡོངས་ནས་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བ་རེད། སྔ་རྗེས་སུ་རླངས་སྒུལ་གྲུ་གཟིངས(སྤྱི་ལོ1807ལོ)དང་རླངས་སྒུལ་འཕྲུལ་འཁོར(སྤྱི་ལོ1817ལོ)གསར་གཏོད་བྱས་པས། འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ལ་གསར་བརྗེ་བྱུང་བ་རེད། དུས་མཚུངས་སུ་ལྕགས་བཞུ་ལས་རིགས་སྤྱི་དང་ལྷག་པར་དུ་ལྕགས་བཞུ་དང་ངར་ལྕགས་བཙོ་སྦྱང་བྱེད་པའི་ལག་རྩལ་ཡང་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། ཨ་རིའི་འཕྲུལ་ཆས་མཁས་པ་ཧེང་ལི་མོ་ཙི་ལི་(སྤྱི་ལོ1771ལོ་ནས་སྤྱི་ལོ1831ལོའི་བར)འཁོར་སྟེགས་རྙིང་པ་ཚང་མ་ལྕགས་ལས་བཟོས་པ་མ་ཟད། སྤྱི་ལོ1797ལོར་འདྲེད་འགུལ་གྲི་སྒྲོམ་ཡོད་པའི་འཁོར་སྟེགས་བཟོས་པ་དེ་ནི་འཁོར་སྟེགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ཚད་བརྒལ་གལ་ཆེན་ཞིག་རེད། དེ་ནས་བཟུང་འཕྲུལ་ཆས་ལས་སྣོན་བྱ་རིམ་ནང་མི་རྣམས་ཀྱིས་ཐད་ཀར་གྲི་ཆས་མ་བཟུང་བར་གྲི་སྒྲོམ་ཁ་ལོ་བསྒྱུར་པས་ཆོག འཁོར་སྟེགས་ཀྱིས་གཏན་ཁེལ་བྱས་པའི་ཆེ་ཆུང་ལྟར་རང་འགུལ་གྱིས་ཀ་ཟླུམ་གཟུགས་སམ་གཅུས་གཟེར་ལས་སྣོན་བྱེད་ཐུབ། འདི་ནི་འཕྲུལ་ཆས་ལས་སྣོན་ལག་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་གསར་གཏོད་གལ་ཆེན་ཞིག་ཡིན་པ་དང་། དེ་ཡིས་གཞོག་གཞོག་ལས་སྣོན་བྱས་ནས་སྤུས་ཚད་ཀྱི་འཕུར་མཆོང་ཞིག་ལེགས་གྲུབ་བྱུང་བ་མཚོན་ཡོད། དེ་ནས་བཟུང་འཕྲུལ་ཆས་ཀྱིས་བཀོལ་སྤྱོད་བྱེད་པའི་ལྕགས་རིགས་གཏུབ་གཞོག་འཁོར་སྟེགས་གྲུབ་པས། འཕྲུལ་སྟེགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་སྟེ། འཕྲུལ་འཁོར་སྔར་ལས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱས།

དུས་སྐབས་དེའི་རིང་གི་ལག་རྩལ་གསར་གཏོད་ནི་མ་རྩའི་རིང་ལུགས་ཀྱི་ཐོན་སྐྱེད་གོང་དུ་འཕེལ་བའི་དགོས་མཁོ་དང་བསྟུན་ནས་བྱུང་བ་ཞིག་ཡིན་མོད། འོན་ཀྱང་གསར་གཏོད་དེ་དག་དུས་སྐབས་དེའི་རིང་གི་ལག་རྩལ་འཕེལ་རྒྱས་གཏོང་རྒྱུ་དེ་གཞི་རྩའི་ཐོག་བཟོ་པའམ་བཟོ་སྐྲུན་དགེ་རྒན་གྱི་ཉམས་མྱོང་གསོག་འཇོག་བྱས་ནས་གསར་སྐྲུན་བྱས་པ་ཞིག་རེད། གསར་གཏོད་འདི་དག་ཤུགས་རིག་དང་དངོས་ལུགས་རིག་པའི་ཆོས་ཉིད་དང་མཐུན་མོད། འོན་ཀྱང་རང་བྱུང་ཚན་རིག་པས་ཚན་རིག་གཞུང་ལུགས་ཀྱིས་རང་རྟོགས་སྒོས་མཛུབ་སྟོན་བྱེད་པ་ཤིན་ཏུ་ཉུང་། འདི་ནི་སྔ་དུས་ཀྱི་བཟོ་སྐྲུན་ལག་རྩལ་གྱི་ངོ་བོ་དང་འདྲ་མཚུངས་ཡིན། འོན་ཀྱང་སྔ་དུས་ཀྱི་བཟོ་སྐྲུན་ལག་རྩལ་གྱི་འཕེལ་རྒྱས་ནི་སྐབས་དེའི་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་གྲལ་རིམ་གྱིས་མཐོང་ཆེན་མི་བྱེད་པ་དང་། འབྱོར་ལྡན་གྲལ་རིམ་གྱིས་ལག་རྩལ་ཐད་ཀྱི་གསར་གཏོད་དང་གསར་སྐྲུན་ལ་མཐོང་ཆེན་བྱེད་ཀྱི་ཡོད། ལོ་འགའི་སྔོན་དུ། དབྱིན་ཇིའི་མ་རྩ་ཅན་གྱིས་ལག་རྩལ་ཐད་གསར་སྐྲུན་དང་གསར་གཏོད་བྱེད་པར་གཟེངས་བསྟོད་བྱེད་ཆེད། ཆེད་ཁེའི་ལམ་ལུགས་བཙུགས། “རླངས་སྒུལ་འཕྲུལ་འཁོར་རྒྱ་ཁྱབ་ཏུ་སྤྱོད་པའི་མཚོན་རྟགས་གཙོ་བོར་གྱུར་པའི་ལག་རྩལ་གསར་བརྗེ་ཐེངས་དང་པོའི་མཇུག་འབྲས་ནི་མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་བསྟན་དོན། འབྱོར་ལྡན་གྲལ་རིམ་གྱིས་ལོ་ངོ་བརྒྱ་ཡང་མ་ཟིན་པའི་གྲལ་རིམ་གྱི་དབང་སྒྱུར་བྱེད་སྐབས་གསར་སྐྲུན་བྱས་པའི་ཐོན་སྐྱེད་ནུས་ཤུགས་དེ་སྔོན་ཆད་ཀྱི་དུས་རབས་ཐམས་ཅད་ཀྱིས་གསར་སྐྲུན་བྱས་པའི་ཐོན་སྐྱེད་ནུས་ཤུགས་ཡོངས་རྫོགས་ལས་ཀྱང་མང་བ་དང་ཆེ་བ་ཡོད། ”རླངས་སྒུལ་འཕྲུལ་འཁོར་དང་ལས་སྒྲུབ་འཕྲུལ་འཁོར་གྱིས་མ་རྩའི་རིང་ལུགས་ཀྱི་ཐོན་སྐྱེད་ལ་དངོས་པོའི་ལག་རྩལ་གྱི་རྨང་གཞི་ཆེན་པོ་མཁོ་འདོན་བྱས་པས། མ་རྩའི་རིང་ལུགས་ཀྱིས་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལས་རྣམ་པར་རྒྱལ་བ་དང་། མ་རྩའི་རིང་ལུགས་ཀྱི་ཐོན་སྐྱེད་བྱེད་སྟངས་གཏན་འཁེལ་བྱེད་པའི་མཚོན་ཆ་སྟོབས་ལྡན་ཞིག་ཏུ་གྱུར་པ་རེད། གོང་དུ་འཕེལ་བའི་དུས་སྐབས་སུ་གནས་པའི་འབྱོར་ལྡན་གྲལ་རིམ་གྱིས་ཚན་རིག་ལ་མཐོང་ཧ་ཅང་ཆེན་པོ་བྱས་པའི་དབང་གིས་བྱེད་ཐབས་རབ་དང་རིམ་པ་སྤྱད་ཡོད་ལ། དུས་སྐབས་དེའི་རང་བྱུང་ཚན་རིག་གོང་དུ་འཕེལ་བར་སྐུལ་འདེད་ཀྱང་ནུས་ལྡན་ཐེབས་ཡོད། དངོས་བཤེར་གསར་པ་དང་། རྒྱུ་ཆ་གསར་པ། ངེས་སྲོལ་གསར་པ། གཞུང་ལུགས་གསར་པ་དཔེར་ན་ཆར་རྗེས་སྨྱུག་རྩ་གསར་པ་དང་། ཤུགས་རིག་སྔར་བས་སྨིན་པ་དང་། ཆ་རྡུལ་དངོས་ལུགས་རིག་པ་དང་། གློག་སྡུད་རིག་པ། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ། རྩིས་རིག་བཅས་ཚང་མ་རང་ཉིད་ཀྱི་ཁྱབ་ཁོངས་སུ་དུས་རིམ་གསར་པར་སླེབས་པ་རེད། དུས་རབས་བཅོ་ལྔ་པའི་དུས་སྨད་ནས་འགོ་ཚུགས་པའི་ཉེ་རབས་ཀྱི་རང་བྱུང་ཚན་རིག་འཕེལ་རྒྱས་བྱུང་ནས་དུས་རབས་བཅུ་དགུ་པར་དཔྱད་གཞི་འཚོལ་སྡུད་བྱེད་པའི་དུས་རིམ་ནས་དཔྱད་གཞི་ལེགས་སྒྲིག་བྱེད་པའི་དུས་རིམ་དུ་སླེབས་ཡོད་ཅིང་། ཚན་རིག་ཁག་ཚང་མ་འཐུས་སྒོ་ཚང་བར་ཉེ་ཡོད། རིགས་པའི་གཞུང་ལུགས་ཀྱི་རང་བྱུང་ཚན་རིག་བྱང་ཆུབ་པར་གྱུར་ནས་བཟོ་སྐྲུན་ལག་རྩལ་གྱི་རིགས་པའི་གཞུང་ལུགས་ཅན་དང་ཚན་རིག་ཅན་དུ་འགྱུར་བར་རྨང་གཞི་བཏིང་ཡོད།

6_2 ལག་རྩལ་གསར་བརྗེ་ཐེངས་གཉིས་པ།

(གཅིག) གློག་འཁོར་བྱུང་བ་དང་གློག་ནུས་བཀོལ་སྤྱོད།

དུས་རབས་བཅུ་དགུ་པའི་ལོ་རབས་བདུན་ཅུ་ནི་གློག་ཤུགས་དུས་རབས་ཀྱི་འགོ་བརྩམས་པ་ཡིན། གློག་ཤུགས་བཀོལ་སྤྱོད་ནི་རླངས་སྒུལ་འཕྲུལ་འཁོར་བཀོལ་སྤྱོད་བྱས་རྗེས་ཀྱི་ལག་རྩལ་གསར་བརྗེ་ཐེངས་གཉིས་པ་ཡིན། ཐེངས་འདིའི་ལག་རྩལ་གསར་བརྗེ་ནི་བཟོ་ལས་ཆེན་པོས་སྒུལ་ཤུགས་ལ་བཏོན་པའི་བླང་བྱ་གསར་པ་ཡིན་མོད། འོན་ཀྱང་དེ་ཐད་ཀར་ཐོན་སྐྱེད་ལས་བྱུང་བ་མ་ཡིན་པར་ཚན་རིག་ཚོད་ལྟ་ལས་བྱུང་བ་དང་། གློག་ཁབ་ལེན་གྱི་སྣང་ཚུལ་ལ་ཞིབ་འཇུག་བྱས་པའི་འབྲས་བུ་ལས་བྱུང་བ་རེད། གློག་དང་ཁབ་ལེན་ནི་ལོ་ངོ་ཉིས་སྟོང་ལྷག་གི་ཡར་སྔོན་དུ་རྙེད་ཟིན་པའི་རང་བྱུང་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་དུས་རབས་བཅུ་དགུ་པའི་ཡར་སྔོན་དུ་མི་རྣམས་ཀྱིས་དེ་གཉིས་སོ་སོར་འབྲེལ་བ་མེད་པ་ཞིག་ཏུ་བརྩི་བཞིན་ཡོད། དུས་རབས་བཅུ་དགུ་པར་སླེབས་སྐབས་དབྱི་ཐ་ལིའི་དངོས་ཁམས་རིག་པ་བ་ཧྥུ་ཐེ(སྤྱི་ལོ1745ལོ་ནས་སྤྱི་ལོ1827ལོའི་བར)ཡིས་དམིགས་ཡུལ་དངོས་ལ་སྤྱོད་ཐུབ་པའི་རྫས་འགྱུར་གློག་སྨན་ཐོག་མར་བཟོས་པ་རེད། (སྤྱི་ལོ1800ལོ) ཏེན་མག་གི་ཨོ་སི་ཐེ་ཡིས་གློག་རྒྱུན་གྱི་ཁབ་ལེན་ནུས་སྣང(སྤྱི་ལོ1819ལོ)རྙེད་པ་དང་། གློག་དང་ཁབ་ལེན་གྱི་ཞིབ་འཇུག་མགྱོགས་མྱུར་ངང་སྤེལ་བ་རེད། སྤྱི་ལོ1831ལོར་དབྱིན་ཇིའི་བཟོ་པ་ལས་བྱུང་བའི་ཚན་རིག་པ་ཧྥ་ལ་ཏིས་གློག་སྡུད་ལྟོས་འབྱུང་གཏན་སྲོལ་རྙེད་པ་དེ་ནི་གློག་འདོན་འཕྲུལ་འཁོར་གྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡིན།

སྤྱི་ལོ1832ལོར་ཧྥ་རན་སིའི་ཕི་ཁེ་ཞི་ཡིས་གློག་སྡུད་ལྟོས་འབྱུང་གཏན་སྲོལ་ལྟར་ཡུན་གནས་ཁབ་ལེན་ལྕགས་ཀྱིས་འཁོར་ཆས་བཟོས་ཏེ་གློག་འདོན་འཕྲུལ་འཁོར་བཟོས་པ་རེད། ཕྱིས་སུ་མི་རྣམས་ཀྱིས་སྤྱི་ལོ1840ལོ་ནས་སྤྱི་ལོ1865ལོའི་བར་གློག་སྡུད་གློག་སྒུལ་འཕྲུལ་འཁོར་བཟོས་པ་མ་ཟད། གློག་འབྱུག་བཟོ་པས་གློག་འབྱུག་འཕྲུལ་འཁོར་དང་གཏན་རྡུལ་ལ་ལེགས་བཅོས་ཐེངས་མང་བྱས་པ་དང་། སྤྱི་ལོ1867ལོར་འཇར་མན་གྱི་ཞི་མོན་ཙི་ཡིས་ཐོག་མར་རང་ཤུགས་ཅན་གྱི་ཐད་རྒྱུག་གློག་འདོན་འཕྲུལ་འཁོར་བཟོས་པ་དང་། དེས་གློག་འདོན་འཕྲུལ་འཁོར་རང་ནས་བྱུང་བའི་གློག་རྒྱུན་གྱིས་གློག་འདོན་པའི་ཤུགས་དང་ལྡན་པའི་གློག་སྡུད་ལྕགས་བེད་སྤྱོད་བྱས་པས། ལས་ཆོད་ནི་སྔ་དུས་ཀྱི་གློག་སྡུད་འཕྲུལ་འཁོར་ལས་ཧ་ཅང་མཐོ་བ་རེད། དེའི་རྗེས་སུ། སྤྱི་ལོ1870ལོར་ཀེ་ལ་མུའུ་ཡིས་གདུབ་དབྱིབས་འཁོར་ཆས་སྤྱི་ལོ1872ལོར་འཇར་མན་གྱི་ཨར་ཐེ་ཉེ་ཁེས་སླར་ཡང་རྔ་དབྱིབས་འཁོར་ཆས་གསར་གཏོད་བྱས་པ་དང་། གློག་འདོན་འཕྲུལ་འཁོར་ཉེར་སྤྱོད་དུས་རིམ་དུ་སླེབས་པ་དང་། དངོས་སྤྱོད་རིན་ཐང་ལྡན་པའི་གློག་སྒུལ་འཕྲུལ་འཁོར་བཟོས་ཟིན་པ་ནས་བཟུང་གློག་ཤུགས་ཀྱིས་རླངས་སྒུལ་སྒུལ་ཤུགས་ཀྱི་ཚབ་བྱེད་པ་རེད། ལོ་རབས་བརྒྱད་ཅུ་པར་ཡང་རྒྱང་ཐག་རིང་བའི་གློག་འདྲེན་པའི་གནད་དོན་ཐག་གཅོད་བྱས་ཤིང་། དངོས་སྤྱོད་གློག་འདོན་འཕྲུལ་འཁོར་དང་གློག་སྒུལ་འཕྲུལ་འཁོར་བཟོ་སྐྲུན་བྱས་པ་ནས་གློག་སྦྱོར་དྲ་རྒྱ་དང་རྒྱང་ཐག་རིང་བའི་གློག་འདྲེན་ལག་རྩལ་ཐད་གྲུབ་འབྲས་ཐོབ་པའི་བར་གློག་ཤུགས་བཟོ་ལས་འཛུགས་འགོ་བརྩམས་ཏེ་གློག་ཤུགས་ཅན་གྱི་དུས་རབས་གསར་པ་བཏོད་པ་རེད། སྤྱི་ལོ1844ལོར་ཨ་མེ་རི་ཁའི་མོར་སི(སྤྱི་ལོ1791ལོ་ནས་སྤྱི་ལོ1872ལོའི་བར)ཡིས་གློག་འཕྲིན་གསར་གཏོད་བྱས་པ་དང་། སྤྱི་ལོ1876ལོར་ཨ་རིའི་པེ་ཨེར་གྱིས་ཁ་པར་གསར་གཏོད་བྱས་པ་རེད། དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་བྱུང་བའི་སྐུད་མེད་གློག་འཕྲིན་གྱི་ལག་རྩལ་ནི་སྔར་རྒྱ་ཁྱབ་ཏུ་སྤྱོད་པའི་སྐུད་ཡོད་གློག་འཕྲིན་ཚགས་པར་དང་ཁ་པར་གྱི་རྗེས་སུ་དེ་བས་ནུས་ལྡན་གྱི་འཕྲིན་སྐྱེལ་ཡོ་བྱད་བསྣན་པ་དེ་རེད། དེ་ལྟར་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གློག་གིས་རྨང་གཞི་བྱས་པའི་དེང་རབས་ཀྱི་དངོས་པོའི་དཔལ་ཡོན་བྱུང་བ་དང་། སྒུལ་ཤུགས་དང་། གློག་སྒྲོན། འཕྲིན་གཏོང་སོགས་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་ཁག་ཏུ་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད། གློག་ཤུགས་བཀོལ་སྤྱོད་བྱས་པ་དེས་བཟོ་ལས་ཐོན་སྐྱེད་ཀྱི་རྣམ་པ་ཧྲིལ་པོར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། གློག་ཤུགས་ཀྱིས་གསར་སྐྲུན་བྱས་པའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དེ་རླངས་པའི་དུས་རབས་ལས་ཧ་ཅང་མཐོ་བ་རེད།

གློག་སྡུད་རིག་པའི་ཚོད་ལྟ་དང་གཞུང་ལུགས་ཀྱི་འཕེལ་རྒྱས་ནས་གློག་ཤུགས་དུས་རབས་བྱུང་བའི་བར་དུ། གསོན་ཉམས་ལྡན་པའི་སྒོ་ནས་ཚན་རིག་ཅུང་སྨིན་པའི་དུས་རིམ་དུ་བསླེབས་རྗེས། ཚན་རིག་གིས་ཐོན་སྐྱེད་འཕེལ་རྒྱས་ལ་ཐད་ཀར་སྐུལ་འདེད་ཀྱི་ནུས་པ་ཐོན་པ་མ་ཟད། ཐོན་སྐྱེད་ཀྱི་སྔོན་དུ་སོང་ནས་མཛུབ་སྟོན་གྱི་ནུས་པ་ཐོན་པ་མཚོན་ཡོད། བཟོ་སྐྲུན་ལག་རྩལ་དེ་གཙོ་བོར་ངལ་རྩོལ་པའི་ཉམས་མྱོང་དང་རྩལ་ནུས་ཀྱི་དུས་རིམ་ནས་བཟོ་ལས་ཐོན་སྐྱེད་ཁྲོད་ཚན་རིག་བཀོལ་སྤྱོད་བྱེད་པ་དེ་ཁྱད་ཆོས་གཙོ་བོ་ཡིན་པའི་དུས་རིམ་དུ་འཕེལ་རྒྱས་བྱུང་། དེ་ནི་ཚན་རིག་དང་ཐོན་སྐྱེད་བར་གྱི་འབྲེལ་བའི་འགོ་འཛུགས་ས་གསར་པ་ཞིག་ཡིན།

(གཉིས) ནང་འབར་འཕྲུལ་འཁོར་གསར་གཏོད་དང་བེད་སྤྱོད།

མ་རྩའི་རིང་ལུགས་ཀྱི་བཟོ་ལས་ཆེན་པོ་གོང་དུ་འཕེལ་བ་དང་བསྟུན་ནས་རླངས་སྒུལ་འཕྲུལ་འཁོར་གྱིས་སྒུལ་ཤུགས་ཀྱི་དགོས་མཁོ་སྐོང་མི་ཐུབ། ཚ་འཕྲུལ་གྱི་ལས་ཆོད་དང་ཚ་ཤུགས་རིག་པའི་ཞིབ་འཇུག་ལ་བརྟེན་ནས་ནང་འབར་འཕྲུལ་འཁོར་གྱི་གསར་གཏོད་བྱས། དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་འཇར་མན་གྱི་ཚན་རིག་མཁས་ཅན་ཨའོ་ཐུའོ་རུ་སོལ་རླངས་འཕྲུལ་འཁོར་བཟོས་རྗེས་སླར་ཡང་རླངས་སྣུམ་འཕྲུལ་འཁོར་དང་རྡོ་སྣུམ་ལྕི་བའི་འཕྲུལ་འཁོར་གསར་གཏོད་བྱས་པ་རེད། སྤྱི་ལོ1892ལོར་འཇར་མན་གྱི་ཏི་སེར་གྱིས་དམའ་རིམ་འབར་སྣུམ་སྤྱད་ཆོག་པའི་གནོན་བཙིར་མཐོ་བའི་རང་འགུལ་ནང་འབར་འཕྲུལ་འཁོར་བཟོས་ནས་དེ་ཉིད་དངོས་སྤྱོད་སྒུལ་ཤུགས་འཕྲུལ་འཁོར་ཞིག་ཏུ་གྱུར། གལ་ཏེ་གློག་འདོན་འཕྲུལ་འཁོར་ནི་ཐོག་མར་གྲོང་ཁྱེར་གྱི་བཟོ་ལས་ལ་ཕན་ཐོགས་ཡོད་པ་དང་། ནང་འབར་འཕྲུལ་འཁོར་གསར་གཏོད་དང་བེད་སྤྱོད་བྱས་པ་ཡིན་ན་ཞིང་ལས་ཐོན་སྐྱེད་ཀྱི་ལག་རྩལ་ལ་གསར་བརྗེ་ཆེན་པོ་བྱེད་ཐུབ། འདྲུད་འཐེན་འཁོར་ལོ་བཀོལ་སྤྱོད་བྱས་པ་དེས་ཞིང་སྤྱོད་ལས་སྒྲུབ་འཕྲུལ་འཁོར་འབོར་ཆེན་བཟོ་བ་དང་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་བཏང་ཡོད། ནང་འབར་འཕྲུལ་འཁོར་གྱི་གསར་གཏོད་ཀྱིས་རླངས་འཁོར་བཟོ་སྐྲུན་ལས་རིགས་ཀྱང་འཕེལ་རྒྱས་བྱུང་། རླངས་འཁོར་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱེད་པ་དང་། གཞུང་ལམ་དྲ་བ་གསར་འཛུགས་བྱས་པས། ཐོན་སྐྱེད་དང་སྤྱི་ཚོགས་བར་གྱི་འབྲེལ་བ་ཇེ་དམ་དུ་སོང་། བཟོ་ལས་ཆེན་པོ་དང་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱིས་གྲོང་གསེབ་ཀྱི་འགག་པའི་གནས་ཚུལ་གཏོར་བས། རླངས་འཁོར་ནི་འགྲིམ་འགྲུལ་གལ་ཆེན་ཞིག་ཏུ་གྱུར།

སྤྱི་ལོ1913ལོར་ཨ་རིའི་ཧྥུ་ཐེ་རླངས་འཁོར་བཟོ་གྲྭས་ཆེད་སྤྱོད་འཁོར་སྟེགས་སྤྱད་དེ་རླངས་འཁོར་ཐོན་སྐྱེད་བྱས། ཐོན་སྐྱེད་བྱ་རིམ་ཐད་བཟོ་རྩལ་ལེགས་བཅོས་གལ་ཆེན་བྱུང་བ་དེ་ནི་དེང་རབས་ཅན་གྱི་ཐོན་སྐྱེད་ཀྱི་སྔོན་བྱོན་པ་ཡིན། ནང་འབར་འཕྲུལ་འཁོར་གྱི་གསར་གཏོད་དང་བཀོལ་སྤྱོད་ཀྱིས་ལྕགས་ལམ་སྐྱེལ་འདྲེན་གྱི་གནས་ཚུལ་ལ་འགྱུར་ལྡོག་བཏང་བ་མ་ཟད། སྐྱེལ་འདྲེན་སྣ་ཚོགས་ཀྱི་སྒུལ་ཤུགས་ཆེན་པོར་གྱུར་ཡོད། དེ་བས་གལ་འགངས་ཆེ་བ་ཞིག་ནི་སྤྱི་ལོ1903ལོར་མིའི་རིགས་ཀྱི་གནམ་གྲུ་དང་པོར་རླངས་སྣུམ་འཕྲུལ་འཁོར་སྒྲིག་སྦྱོར་བྱས་ནས་མཁའ་དབྱིངས་སུ་འཕུར་བས། མིའི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་རིང་གི་ཕུགས་བསམ་མངོན་འགྱུར་བྱུང་བ་རེད།

མདོར་ན། གློག་འཁོར་དང་ནང་འབར་འཕྲུལ་འཁོར་གྱི་ཐོན་སྐྱེད་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དེས་བཟོ་ལས་ཆེན་པོ་ཉིན་བཞིན་དར་འཕེལ་བྱུང་བར་མ་ཟད། སྤྱི་ཚོགས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་ཆེས་ཆེར་ཕྱིན་ནས་ལོ་རྒྱུས་ཀྱི་འཕེལ་རིམ་མགྱོགས་སུ་ཕྱིན་ཡོད།

6_3 ལག་རྩལ་གསར་བརྗེ་ཐེངས་གསུམ་པ།

དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་པ་ནས་ལྔ་བཅུ་པའི་བར་རྡུལ་ཕྲན་ནུས་པའི་བཟོ་ལས་དང་། གློག་རྡུལ་རྩིས་འཁོར། བར་སྣང་ལག་རྩལ་བཅས་མཚོན་རྟགས་གཙོ་བོར་གྱུར་པའི་ལག་རྩལ་གསར་བརྗེ་ཐེངས་གསུམ་པ་བྱུང་བ་རེད། ཐེངས་འདིའི་ལག་རྩལ་གསར་བརྗེའི་ནང་དོན་དེ་སྔོན་གྱི་ལག་རྩལ་གསར་བརྗེ་ཐེངས་གཉིས་དང་བསྡུར་ན་སྔར་ལས་ཕུན་སུམ་ཚོགས་པ་དང་། ཤུགས་རྐྱེན་སྔར་ལས་གཏིང་ཟབ་པ་ཡོད། དེའི་ནང་ད་དུང་རང་འགུལ་ཚོད་འཛིན་དང་། རྒྱང་ཚོར། སྐུལ་འོད་དང་དེ་བཞིན་འདྲེས་སྦྱོར་རྒྱུ་ཆ་སོགས་ཀྱི་ལག་རྩལ་ཚུད་ཡོད་པ་དང་། དུས་མཚུངས་སུ་ཕྱོགས་བསྡུས་རང་བཞིན་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ཚོད་འཛིན་སྨྲ་བ་དང་། ཆ་འཕྲིན་སྨྲ་བ། མ་ལག་སྨྲ་བ་སོགས་གསར་པ་ཡང་ཐོན་ཡོད།

(གཅིག) རྡུལ་ཕྲན་ནུས་པའི་གསར་སྤེལ་དང་བེད་སྤྱོད་བྱེད་པ།

རྡུལ་ཕྲན་གྱི་ནུས་པ་སྔོག་འདོན་དང་བེད་སྤྱོད་བྱེད་རྒྱུ་ནི་ཉེ་བའི་ལོ་ངོ་སུམ་ཅུའི་རིང་ལག་རྩལ་གྱི་མདུན་ཕྱོགས་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་བ་དེ་རེད། ལོ་རབས་སུམ་ཅུ་བར་སླེབས་རྗེས། གློག་ཤུགས་བཟོ་ལས་དང་སྐུད་མེད་གློག་གི་འཕེལ་རྒྱས་ཀྱིས་ཧྥུ་ཁྲི་དྲུག་ཅུའི་མཐོ་གནོན་ལྡབ་སྣོན་ཆས་དང་ཞི་གློག་འགྲོས་སྣོན་ཆས་དང་ཕྱིར་འཁྱིལ་འགྲོས་སྣོན་ཆས་གསར་གཏོད་བྱས་པས། མི་རྣམས་ལ་ཉིང་རྡུལ་འགྱུར་འབྱུང་དངོས་བཤེར་ཕྱོགས་ནས་འཕེལ་རྒྱས་ཆེན་པོ་བྱུང་། སྤྱི་ལོ1922ལོར་དབྱིན་ཇིའི་ཚན་རིག་མཁས་ཅན་ཨ་སི་ཏུན་གྱིས་གནས་མཐུན་རྒྱུའི་རིགས་པའི་གཞུང་ལུགས་ལ་གཞིགས་ནས་མ་རྡུལ་ཉིང་ཁུའི་ནང་འདུས་པའི་ནུས་ཚད་དེ་སླད་ཕྱིན་བཟོ་གྲྭའི་སྒུལ་ཤུགས་སམ་ཉིང་རྡུལ་འབར་མདེལ་བཟོ་བར་སྤྱོད་ཆོག་པའི་སྔོན་དཔག་གསལ་པོ་བྱས་ཡོད། སྤྱི་ལོ1932ལོར་འགྲོས་སྣོན་ཆས་སྤྱད་དེ་མ་རྡུལ་ཉིང་ངན་འགྱུར་མངོན་འགྱུར་བྱུང་། ལོ་དེར་ཡང་བསྐྱར་མ་ནིང་རྡུལ་རྙེད་པ་དང་། དེ་ཉིད་མི་རྣམས་ཀྱིས་སྒྱོགས་མདེལ་སྤྱད་དེ་ཉིང་རྡུལ་འགྱུར་འབྱུང་མངོན་འགྱུར་བྱས། སྤྱི་ལོ1933ལོར་འཇར་མན་གྱི་ཧ་ཨེན་དང་ཧྲི་ཐེ་ལ་སི་མན་སོགས་ཀྱིས་བར་རྡུལ་གྱིས་ཡུ་མ་རྡུལ་ཉིང་ལ་རྡེག་གཏོར་བྱས་ན། ཡུ་ཉིང་དུམ་བུ་གཉིས་སུ་གྱེས་ཐུབ་པ་དང་། དུས་མཚུངས་སུ་ནུས་ཚད་འདོན་ཐུབ། ནུས་ཚད་འདི་རིགས་ལ་མ་རྡུལ་ནུས་པ་ཟེར། ཚོད་ལྟས་རྡུལ་ཕྲན་ནུས་པའི་དངོས་ཡོད་རང་བཞིན་ར་སྤྲོད་བྱས་པ་མ་ཟད། ཡུ་ཁེ་གཅིག་གིས་གས་འགྱུར་ཁྲོད་ནུས་ཚད་མང་པོ་འདོན་ཐུབ་པར་ཚོད་དཔག་བྱས། ཡུ་མ་རྡུལ་ཉིང་གས་འགྱུར་སྣང་ཚུལ་གསར་རྙེད་བྱུང་ནས། རྡུལ་རྡུལ་ནུས་པ་བཀོལ་སྤྱོད་བྱེད་པའི་དུས་རབས་གསར་བ་ཕྱེས།

སྐབས་དེར། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྔ་ནུབ་ཏུ། དམག་འཁྲུག་དང་དམག་དོན་ཐད་ཀྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིས། རྒྱལ་ཁབ་སོ་སོས་མྱུར་དུ་རྡུལ་ཕྲན་ནུས་པའི་ཕྱོགས་སུ་འཁོར་ནས་དམག་དོན་སྟེང་དངོས་སུ་བཀོལ་སྤྱོད་བྱེད་པར་ཞིབ་འཇུག་བྱེད་པར་སྐུལ་འདེད་བྱས། ཨ་རིས་སྤྱི་ལོ1945ལོར་ཡིའུ235དང་ཕིལ239སྤྱད་དེ་མྱུར་བའི་བར་རྡུལ་ཕྲེང་ཐག་འགྱུར་འབྱུང་འབར་གས་སྒྲིག་ཆས་རྡུལ་ཕྲན་འབར་མདེལ་བཟོས་པ་རེད། རྡུལ་ཕྲན་ནུས་པ་དེ་བཟོ་ལས་སྒུལ་ཤུགས་ཀྱི་ནུས་ཁུངས་ཤིག་ཡིན་པའི་ཆ་ནས་ལོ་རབས་ལྔ་བཅུ་པར་ད་དུང་ཚོད་ལྟ་དང་འཚོལ་ཞིབ་བྱེད་པའི་དུས་རིམ་ཙམ་ཡིན་པ་དང་། ལོ་རབས་བདུན་ཅུ་པའི་རྗེས་སུ་གཞི་ནས་རྡུལ་ཕྲན་ནུས་པའི་གློག་འདོན་ལག་རྩལ་ཁྱབ་སྤེལ་དང་བེད་སྤྱོད་བྱེད་ཐུབ་པ་རེད། གཞན་ཡང་བར་སྣང་ལག་རྩལ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་བྱ་ཆེད། ཉིང་རྡུལ་འགྱུར་འབྱུང་ཕུང་པོའི་དབྱིབས་ཆུང་ཅན་ཐད་ལའང་ཚད་བརྒལ་ཆེན་པོ་བྱུང་ཡོད།

(གཉིས) གློག་རྡུལ་རྩིས་འཁོར་གྱི་བྱུང་འཕེལ།

གློག་རྡུལ་རྩིས་འཁོར། རྒྱུན་པར་གློག་རྡུལ་ཨང་ཀིའི་གསོག་འཇོག་བྱ་རིམ་རྩིས་འཁོར་ལ་ཟེར། དེ་ནི་རང་འགུལ་དང་མགྱོགས་མྱུར་ངང་གཞི་གྲངས་རྩིས་རྒྱག་དང་ཆ་འཕྲིན་ལ་ལས་སྣོན་བྱེད་ཐུབ་པའི་གློག་རྡུལ་སྒྲིག་ཆས་ཤིག་ཡིན། གློག་རྡུལ་རྩིས་འཁོར་ནི་དང་ཐོག་དམག་དོན་གྱི་དགོས་མཁོ་ལས་འཕེལ་རྒྱས་བྱུང་བ་དང་། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ། མྱུར་དུ་འཕུར་བའི་རླུང་འབུད་གནམ་གྲུ་དང་འཕུར་མདེལ་བྱུང་བ་རེད། ལེ་ཏ་ཡིས་དམིགས་འབེན་རྟོགས་ཐུབ་མོད། འོན་ཀྱང་གལ་ཏེ་མྱུར་མོའི་རྩིས་རྒྱག་ཡོ་བྱད་ཅིག་མེད་ཚེ་མདེལ་ལམ་རྩིས་རྒྱག་དང་མཁའ་འགོག་མེ་ཤུགས་ཚོད་འཛིན་བྱས་མེད་ན། མཁའ་འགོག་ལེ་ཏ་ཡི་གཤིས་ནུས་ཇི་ལྟར་བཟང་ཡང་དོན་སྙིང་མེད་པ་རེད། འོན་ཀྱང་ལྡོག་རྒོལ་བྱེད་ལོང་མེད་པས། གློག་རྡུལ་རྩིས་འཁོར་ནི་གནས་ཚུལ་འདི་འདྲའི་འོག་ནས་བྱུང་བ་རེད།

མིག་སྔར་གློག་རྡུལ་རྩིས་འཁོར་ཆེ་གྲས་དང་། ཤིན་ཏུ་ཕྲ་བ། དྲ་བ། རིག་ནུས་ལད་ཟློས་སོགས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། གློག་རྡུལ་རྩིས་འཁོར། རང་འགུལ་ཚོད་འཛིན་ལ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་ཏེ། བཟོ་ལས་ཐོན་སྐྱེད་དང་བཟོ་སྐྲུན་ལག་རྩལ་མྱུར་དུ་རང་འགུལ་ཅན་དུ་འགྱུར་བར་སྐུལ་འདེད་བྱས། ལོ་རབས་ལྔ་བཅུ་བའི་དུས་འགོར། གློག་རྡུལ་རྩིས་འཁོར་དེ་རླུང་འབུད་གནམ་གྲུ་དང་། དེ་ནས་འཕུར་མདེལ་སོགས་འཐབ་ཇུས་མཚོན་ཆ་དང་མི་བཟོས་འཁོར་སྐར་འཕེན་གཏོང་དུ་བཀོལ་བ་རེད། གློག་རྡུལ་རྩིས་འཁོར་གྱི་ལག་རྩལ་འཕེལ་རྒྱས་བྱུང་བ་དང་། ལྷག་པར་དུ་གློག་རྡུལ་རྩིས་འཁོར་ཆུང་བ་མང་པོ་བྱུང་བ་དང་བསྟུན་ནས། གློག་རྡུལ་རྩིས་འཁོར་གྱིས་རང་འགུལ་ཚོད་འཛིན་བྱེད་པ་ཡང་ཇེ་མང་ནས་ཇེ་མང་རེད། འཇིག་རྟེན་བར་སྟོང་དང་། བཟོ་ལས་ཐོན་སྐྱེད། འགྲིམ་འགྲུལ་སྐྱེལ་འདྲེན། ཚོང་ལས་སྡེ་ཁག་སོགས་ཀྱི་ཕྱོགས་ནས། རང་འགུལ་འཕྲུལ་འཁོར་དང་། རང་འགུལ་དཔྱད་ཆས། རང་འགུལ་བཟོ་གྲྭ། འཁོར་ཁང་སོགས་སྣ་ཚོགས་བཙུགས་པས། རང་འགུལ་ཅན་གྱི་མ་ལག་ཆེ་གྲས་སུ་གྱུར། མི་ཤུགས་གྲོན་ཆུང་བྱེད་ཐུབ་པ་དང་། ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་བཏང་ནས་བཟོ་གྲྭའི་ཁེ་ལས་ལ་རྩ་བའི་ལག་རྩལ་བསྒྱུར་བཀོད་བྱེད་ཐུབ་པ་མ་ཟད། མིའི་རིགས་ཀྱི་རིག་ནུས་ངེས་ཅན་ལྡན་པའི་འཕྲུལ་མི་ཡང་གསར་སྐྲུན་བྱེད་ཐུབ་ཅིང་། དེ་དག་གིས་རྒྱ་མཚོའི་གཏིང་དང་། རི་བོ། མིའི་རིགས་ཀྱི་ལས་ཀ་དང་འཚོ་བ་སྐྱེལ་ཐབས་བྲལ་བའི་ས་གནས་གཞན་དག་བཅས་སུ་རང་འགུལ་ཅན་གྱི་ཐོན་སྐྱེད་བྱས་ནས་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་བྱས་ཆོག བར་སྟོང་གི་དམིགས་བསལ་ཆ་རྐྱེན་བེད་སྤྱད་དེ་རང་འགུལ་ཅན་གྱི་བར་སྣང་ཚོད་ལྟ་ཁང་དང་བར་སྟོང་བཟོ་གྲྭ་འཛུགས་དགོས། གློག་རྡུལ་རྩིས་འཁོར་དེ་ད་དུང་དཔལ་འབྱོར་དང་དམག་དོན། འགྲིམ་འགྲུལ་སྐྱེལ་འདྲེན། ཚན་རིག་ཞིབ་འཇུགརིག་གནས་སློབ་གསོ། སྨན་བཅོས། ཚན་རྩལ་གསང་འཕྲིན་རྒྱུ་ཆ་དང་དཔེ་དེབ་དོ་དམ་སོགས་ཀྱི་ཐད་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད། དེའི་རྒྱུ་མཚན་ནི་དེས་མིའི་རིགས་ཀྱི་རིག་སྟོབས་དང་བསམ་གཞིགས་ཏེ་ཀླད་པའི་ངལ་རྩོལ་ལ་བཅིངས་འགྲོལ་ཐོབ་པས་རེད། གློག་རྡུལ་རྩིས་འཁོར་གཞི་རྩའི་བྱེད་ཐབས་སུ་གྱུར་པའི་དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་གོང་དུ་འཕེལ་བ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ལག་རྩལ་གསར་བརྗེ་གལ་ཆེན་ཞིག་ཡིན་ཞིང་། དེས་ཉིན་རེ་བཞིན་དེང་རབས་ཀྱི་ཐོན་སྐྱེད་དང་། དཔལ་འབྱོར། ཚན་རིགམིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་བཅས་ཕྱོགས་གང་ཅིའི་ཐད་ཀྱི་འཕོ་འགྱུར་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་བཞིན་ཡོད།

(གསུམ། ) བར་སྣང་གི་ཚན་རིག་ལག་རྩལ་བྱུང་བ།

བར་སྣང་གི་ཚན་རིག་ལག་རྩལ་ནི་དུས་རབས་འདིའི་ལོ་རབས་ལྔ་བཅུ་པར་རིམ་བཞིན་ཆགས་པའི་རང་ཚུགས་ཀྱི་ཚན་རིག་ལག་རྩལ་ཞིག་རེད། དེ་ནི་མིས་བཟོས་འཁོར་སྐར(འཇིག་རྟེན་འཕུར་གྲུ་ཚུད)ཞིབ་འཇུག་གསར་བཟོ་དང་། འཕེན་གཏོང་། བེད་སྤྱོད་བཅས་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་ལག་རྩལ་ཞིག་ཡིན། བར་སྣང་གི་ཚན་རིག་ལག་རྩལ་ནི་རྒྱལ་ཁབ་ཅིག་གི་ཚན་རིག་ལག་རྩལ་གོང་དུ་འཕེལ་ཚད་བསྡུར་ཞིབ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན། མིག་སྔར་འཁོར་སྐར་ལག་རྩལ་དེ་དངོས་སུ་བཀོལ་སྤྱོད་བྱེད་ཐུབ་པའི་དུས་རིམ་ལ་སླེབས་ཡོད་དེ། ཉེར་སྤྱོད་འཁོར་སྐར་ལ་རིགས་ཧ་ཅང་མང་སྟེ། དཔེར་ན་མྱུལ་ཞིབ་འཁོར་སྐར་དང་། སའི་གོ་ལའི་ཐོན་ཁུངས་སྲུང་སྐར། གནམ་གཤིས་སྲུང་སྐར། འཕྲིན་གཏོང་སྲུང་སྐར། ཚན་རིག་འཁོར་སྐར་སོགས་ལྟ་བུ། བར་སྣང་གི་ཚན་རིག་ལག་རྩལ་དེ་དམག་དོན་ཐད་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་ཅིང་། རྒྱལ་དམངས་དཔལ་འབྱོར་དང་ཚན་རིག་ཞིབ་འཇུག་བྱེད་པའི་ཕྱོགས་མང་པོ་ཞིག་འཇིག་རྟེན་གྱི་བར་སྟོང་ཧ་ཅང་ཡངས་ཤིང་རྒྱ་ཆེ་བ་ཞིག་ཏུ་གྱུར་སྟབས་མི་རྣམས་ཀྱི་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་། མིའི་རིགས་ཀྱིས་རང་བྱུང་ཁམས་ངོས་འཛིན་དང་བསྒྱུར་བཀོད་བྱེད་པར་གནས་ཡུལ་གསར་པ་ཞིག་བཏོད་པ་རེད།

མདོར་ན། བཟོ་སྐྲུན་ལག་རྩལ་བྱུང་བ་ནས་བཟུང་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ལག་རྩལ་གསར་བརྗེ་ཐེངས་གསུམ་བརྒྱུད་ཡོད། རླངས་སྒུལ་འཕྲུལ་འཁོར་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་པ་མཚོན་རྟགས་གཙོ་བོར་གྱུར་པའི་ལག་རྩལ་གསར་བརྗེ་ཐེངས་དང་པོ་དེས་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད། གློག་ཤུགས་རྒྱ་ཁྱབ་ཏུ་སྤྱོད་པ་མཚོན་རྟགས་གཙོ་བོར་བྱས་པའི་ལག་རྩལ་གསར་བརྗེ་ཐེངས་གཉིས་པ་དེས་ཐོན་སྐྱེད་ཁྱབ་ཁོངས་ལ་གསར་བརྗེའི་རང་བཞིན་གྱི་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཆེན་པོ་བྱུང་བ། ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་ཆེས་ཆེར་ཕྱིན་ནས་མིའི་རིགས་ཀྱི་དངོས་པོའི་དཔལ་ཡོན་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་བ་རེད། རྡུལ་ཕྲན་ནུས་པ་བེད་སྤྱོད་དང་། གློག་རྡུལ་རྩིས་འཁོར་དང་བར་སྣང་ལག་རྩལ་ཐོན་པ་མཚོན་རྟགས་གཙོ་བོར་གྱུར་པའི་ལག་རྩལ་གསར་བརྗེ་ཐེངས་གསུམ་པ་བྱས་པས། སྤྱི་ཚོགས་ཅན་དུ་གྱུར་པའི་ཐོན་སྐྱེད་ཆེན་པོ་དང་དེང་རབས་ཀྱི་ཚན་རིག་ལག་རྩལ་གཉིས་སྔར་ལས་དམ་པོར་ཟུང་འབྲེལ་བྱས་པས། ཐོན་སྐྱེད་ཀྱི་གཞི་ཁྱོན་དང་ངལ་རྩོལ་བྱ་ཡུལ་ལ་འགྱུར་ལྡོག་སྔར་ལས་གཏིང་ཟབ་བྱུང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་ངལ་རྩོལ་ཐོན་སྐྱེད་ལས་ཆོད་སྔར་ལས་མགྱོགས་པའི་སྒོ་ནས་འཕེལ་རྒྱས་བྱུང་བ་དང་འཕེལ་རྒྱས་སྔར་ལས་ཆེ་བ་བྱུང་བ་རེད། ད་ལྟ་མི་རྣམས་ཀྱིས་སྤྱི་ལོ2000ལོའི་ཡས་མས་སུ་ལག་རྩལ་གསར་བརྗེ་ཐེངས་བཞི་པ་མངོན་དུ་འགྱུར་བར་བརྩོན་ལེན་བྱེད་བཞིན་ཡོད་ཅིང་། དེ་ནི་གློག་རྡུལ་ལྟེ་བར་འཛིན་པ་དང་། ནུས་ཁུངས་དང་། རྒྱུ་ཆ། རྒྱུད་འཛིན་ལས་གྲྭ་སོགས་འགག་གནད་གསར་པ་སྒྲོལ་བ་མཚོན་རྟགས་གཙོ་བོར་འཛིན་གྱི་ཡོད། ང་ཚོས་སྐབས་དེར་མིའི་རིགས་ཀྱིས་རང་བྱུང་ཤེས་རྟོགས་དང་རང་བྱུང་ཁམས་བསྒྱུར་བཀོད་བྱེད་པའི་ནུས་པར་མཐོར་འདེགས་ཆེན་པོ་འབྱུང་ངེས་ཡིན། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དེས་སྤྱི་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ཅིའི་ཐད་ལ་ཤུགས་རྐྱེན་སྔར་ལས་གཏིང་ཟབ་པ་ཐེབས་ཏེ་མིའི་རིགས་ཀྱི་ལུས་ཤུགས་དང་རིག་སྟོབས་ལའང་བཅིངས་འགྲོལ་སྔར་ལས་ཆེ་བ་འཐོབ་ཐུབ།

བཟོ་སྐྲུན་ལག་རྩལ་གོང་དུ་འཕེལ་བའི་ལོ་རྒྱུས་ཐོག་ནས་དེའི་འཕེལ་རྒྱས་ལ་ཐོན་སྐྱེད་དང་། ཚན་རིགཐོན་སྐྱེད་འབྲེལ་བ། སྟེང་གི་བཀོད་པ་བཅས་ཀྱི་ཤུགས་རྐྱེན་དྲག་པོ་ཐེབས་ཡོད་པ་གསལ་པོར་མཚོན་ཡོད། འོན་ཀྱང་བཟོ་སྐྲྲུན་ལག་རྩལ་ཐད་ཚད་བརྒལ་གལ་ཆེན་བྱུང་ཚེ་དཔལ་འབྱོར་འཕེལ་རྒྱས་འགྲོ་ངེས་རེད། ལག་ལེན་ལས་ང་ཚོར་མིའི་རིགས་ཀྱིས་ལག་རྩལ་ཡར་ཐོན་ཡོང་བར་བརྟེན་ན་ད་གཟོད་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ང་ཚོར་གསལ་བཤད་བྱས་ཡོད། དེང་རབས་སུ་རྒྱལ་ཁབ་ཅིག་གི་ཚན་རིག་ལག་རྩལ་གྱི་ཆུ་ཚད་དང་ཚན་རིག་ལག་རྩལ་བེད་སྤྱོད་བྱེད་ནུས་དེ་ཉིན་རེ་བཞིན་རྒྱལ་ཁབ་དེའི་དངོས་ཡོད་སྟོབས་ཤུགས་(དཔལ་འབྱོར་སྟོབས་ཤུགས་དང་རྒྱལ་སྲུང་སྟོབས་ཤུགས་ཚུད་ཡོད་)ལ་བསྡུར་ཞིབ་བྱེད་པའི་མཚོན་རྟགས་ཧ་ཅང་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། རྒྱལ་ཁབ་གང་ཞིག་ཡིན་རུང་དེའི་རྒྱལ་ཁབ་ཀྱི་གནས་ཚུལ་ཅི་འདྲ་ཞིག་ཡིན་རུང་། དེ་སྤྱི་ཚོགས་ཀྱི་ལམ་ལུགས་ཅི་འདྲ་ཞིག་ཡིན་རུང་། ཚན་རིག་ལག་རྩལ་ལ་མཐོང་ཆེན་མི་བྱེད་པ་དང་། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པར་མཐོང་ཆེན་མ་བྱས་ན། དེའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་མི་སྲིད། རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་བཞིའི་འཛུགས་སྐྲུན་བྱེད་སྐབས་ཀྱང་ངེས་པར་དུ་ཚན་རིག་ལག་རྩལ་ལ་བརྟེན་དགོས་པ་སྤྱི་དང་། ལྷག་པར་དུ་ཉེར་སྤྱོད་ལག་རྩལ་དང་ཐོན་སྐྱེད་ལག་རྩལ་ཞིབ་འཇུག་དང་བེད་སྤྱོད་བྱེད་པར་མཐོང་ཆེན་བྱ་དགོས། དེར་བརྟེན་རང་རྒྱལ་གྱིས་དེང་རབས་ཅན་བཞི་མངོན་དུ་འགྱུར་བར་བྱ་དགོས་ན་ངེས་པར་དུ་བཟོ་སྐྲུན་གྱི་ཚན་རིག་ལག་རྩལ་གོང་དུ་སྤེལ་དགོས། གང་ལགས་ཤེ་ན། བཟོ་སྐྲུན་གྱི་ཚན་རིག་ལག་རྩལ་ནི་བཟོ་ལས་གོང་དུ་སྤེལ་བ་དང་ཐོན་སྐྱེད་གོང་དུ་སྤེལ་ནས་ཐོན་རྫས་ཀྱི་སྤུས་ཀ་དག་ཏུ་གཏོང་རྒྱུ་དང་མ་གནས་གཅོག་རྒྱུའི་གནད་འགག་ཡིན་པའི་རྐྱེན་གྱིས་རེད། བཟོ་ལས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཉམས་མྱོང་ཐོག་ནས་དེ་ར་སྤྲོད་བྱུང་ཡོད། དེ་ནི་ང་ཚོས་ནན་ཏན་གྱིས་དཔྱད་གཞིའི་མེ་ལོང་དུ་འཛིན་འོས་པ་ཞིག་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལས་གྲྭ། ལག་རྩལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-23

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།