ང་རང་དཔེ་ཆ་ལ་དགའ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ང་རང་དཔེ་ཆ་ལ་དགའ།
རྩོམ་ཡིག་འདིའི་མགོ་མཇུག་གཞོགས་འདེགས་ལེགས་པོ་བྱས་ཤིང་། དཔེ་ཀློག་གི་རིན་ཐང་དང་གོས་དང་ཁང་པ་སོགས་གཤིབ་བསྡུར་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
བདེ་སྐྱིད་སྒྲོལ་མ།
ཕ་ཡུལ།
ཀན་ལྷོ།
སློབ་གྲྭ།
ཀན་ལྷོ་གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་།
ལོ་རིམ།
ལྔ་བ།
1 ​ངོ་སྤྲོད།

རྩོམ་ཡིག་འདིའི་མགོ་མཇུག་གཞོགས་འདེགས་ལེགས་པོ་བྱས་ཤིང་། དཔེ་ཀློག་གི་རིན་ཐང་དང་གོས་དང་ཁང་པ་སོགས་གཤིབ་བསྡུར་བྱས་ཡོད།

2 རྩོམ་དངོས།

དཔེ་ཆ་ནི་བདག་གི་ཆེས་བཟང་བའི་གྲོགས་པོ་རིག་གཞུང་ཅན་ཞིག་ཡིན་ཏེ། ཁོས་རང་གི་རིག་གཞུང་གི་ཡོད་ཚད་ཀྱི་ཡོད་ཚད་ང་ལ་སྦྱང་དུ་བཅུག་སྟེ། ང་རང་ཡང་ཁོ་ལྟ་བུའི་མི་རིག་གཞུང་ཅན་ཞིག་ཏུ་སྒྱུར་བཞིན་གདའ། དེར་བརྟེན། བདག་དང་རིག་གཞུང་ཅན་གྱི་དཔེ་ཆ་མི་ཚེ་གང་བོར་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ཁ་གཏན་ནས་འབྲལ་མི་ཐུབ།

དཔེ་ཆ་ཀློག་པར་དགའ་བའི་མི་ཞིག་གི་ཚོར་སྣང་ནི། གོས་ཡག་པོའམ། ཟས་ཞིམ་པོ། ཁང་པ་ཆེན་པོ་སོགས་ནི་དཔེ་ཆའི་རིན་ཐང་ལ་བསྡུར་དཀའ་ཞིང་དེར་དོ་བ་ཞིག་མེད། གོས་ཡག་པོ་ཞིག་གོན་པས་ཡུད་ཙམ་ལ་སེམས་ལ་སྤྲོ་སྣང་ཙམ་སྟེར་དང་། ཟས་ཞིམ་པོ་ཞིག་ཟོས་ན། སྐབས་བབ་ཙམ་ལ་ཞིམ་ཡང་དེ་མུར་ཡལ་ནས་འགྲོ། དོན་གྱི་སྙིང་བོ་མི་ཤེས་པར་ཁང་པ་ཆེན་པོ་ཞིག་ཏུ་བསྡད་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་དེ་སྟོང་ཟད་དུ་འགྲོ་ངེས། དེ་བས། དཔེ་ཆ་དོན་སྙིང་ལྡན་པ་ཞིག་ཐེངས་འགར་བཀླགས་ནས་སེམས་ལ་བཟུང་ན། དེས་དོན་སྙིང་ལྡན་པའི་གནས་ལུགས་ཤེས་སུ་འཇུག་པས་མི་ཚེ་གང་བོར་དོན་སྙིང་ལྡན།

ས་ཤུགས་ནི་བཟློག་ཏུ་མེད་པ་ཞིག་ཡིན་ལ། དཔེ་ཆའི་ནང་གི་ན་ནི་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན་པ་དང་། རིག་གཞུང་གི་རིན་ཐང་ནི་བརྗོད་ལས་འདས་པ་ཞིག་ཡིན། མིས་དཔེ་ཆ་བཀླགས་ན། མི་དེ་གྲོགས་མེད་ཁེར་རྐྱང་ལྟར་ཡིན་ལ། མི་གྲོགས་མེད་ཁེར་རྐྱང་ཡིན་པའི་མྱོང་ཚོར་ནི། དུས་ཚོད་ཐུང་ངུ་ཞིག་ཡིན་ཡང་སྲིད་མོད། གལ་སྲིད་མི་ཞིག་དཔེ་ཆ་ཀློག་པར་མི་དགའ་ན། དེའི་ཁེར་རྐྱང་གི་མྱོང་ཚོར་ཚེ་གང་བོ་ཡིན། དཔེ་ཆའི་རིག་གཞུང་ནི་དབྱར་དྲུག་པའི་གྲིབ་བསིལ་ལྟ་བུ། དགུན་གྱི་མེ་དཔུང་ལྟ་བུ། ནད་བཅོས་བྱེད་ཀྱི་སྨན་ལྟ་བུ་རེད། མདོར་ན། དཔེ་ཆ་ནི་མིའི་རིགས་གང་ས་གང་ལ་འཕུར་ལྡིང་བྱེད་སྤྱད་ཀྱི་གཤོག་ཟུང་ལྟ་བུ་རེད།

བདག་གི་ཨ་ཕ་ཡང་དཔེ་ཆ་ཀློག་པར་དགའ་བའི་མི་ཞིག་ཡིན། ནམ་རྒྱུན་ཁོང་དང་འགྲོགས་ནས་ཁྲོམ་དུ་སོང་ན། མི་མང་པོ་འདུས་པའི་སར་གོམ་པ་གང་ཡང་མི་སྤོ་སྟེ། སྨིན་མཚམས་འདུས་ནས་མགོ་བོ་གཡུག་བཞིན་མི་ཚོགས་ལ་ཁ་བྲལ་བ་རེད།  ཡིན་ནའང་། དཔེ་མཛོད་ཁང་གི་སྒོ་ཁར་ཐོན་པ་ན། ཇི་ལྟར་འཚང་ཁ་ཤིག་ཤིག་བྱེད་ནའང་། ཁོང་གིས་དེ་དག་གང་ལ་ཡང་མི་འཛེམ་པར་ནང་དུ་སོང་ནས་དཔེ་ཆ་ཉོ་བ་རེད། ཨ་ཕས་ཀྱང་རྒྱུན་དུ་ང་ལ། འཇིག་རྟེན་སྟེང་དུ་འཚོ་བའི་མི་ཞིག་ཡིན་ན། ཡར་ཐོན་གྱི་འདུ་ཤེས་ཤིག་དགོས། དེ་འདྲའི་འདུ་ཤེས་ནི་དཔེ་ཆ་སྣ་མང་ལ་བལྟས་པ་ལས་འབྱོར་ཐུབ་པ་མ་གཏོགས། རྩེད་ཆས་སྣ་ཚོགས་བཟུང་ནས་རྩེད་མོར་གཡེངས་པ་ཁོ་ན་ལས་འབྱོར་ཐུབ་པ་ཞིག་གཏན་ནས་མིན། གལ་ཏེ་མི་ལ་དེ་འདྲའི་འདུ་ཤེས་ཤིག་མེད་སོང་ན། དེ་ནི་རྣམ་ཤེས་མེད་པའི་རོ་ཁོ་ན་ལྟ་བུ་ཡིན་ཏེ། ཉིན་རེ་རེའི་རིན་ཐང་གཞལ་ཏུ་མེད་པའི་དུས་ཚོད་དེ་དོན་མེད་དུ་བརླག་པ་ཡིན་པ་སྨྲ་ཅི་དགོས། དེ་འདྲའི་འདུ་ཤེས་ཤིག་ཡོད་སོང་ན། དེ་ནི་འཇིག་རྟེན་ཁམས་ཀྱི་མི་ཆེས་འབྱོར་ཕྱུག་ལྡན་པ་ཞིག་ཡིན། ཞེས་གསུངས་སོ། ། བདག་གིས་ཀྱང་ཨ་ཕས་གསུངས་པའི་སྐད་ཆ་དེ་རྡོ་བརྐོས་རི་མོ་བཞིན་དུ་ཡིད་ལ་བཟུང་ནས། དུས་དང་རྣམ་པ་ཀུན་ཏུ་དཔེ་ཆ་རིག་གཞུང་ཅན་འདིའི་རིན་ཐང་གཏན་ནས་བརྗེད་མི་སྲིད།

མདོར་བསྡུས་ནས་བཤད་ན། དཔེ་ཆའི་རིན་ཐང་ནི་བརྗོད་ཀྱིས་མི་ལངས་པ་ཞིག་ཡིན་ལ། ང་ཚོ་མིའི་རིགས་ཀྱི་ཚེ་སྲོག་གི་འཛིན་ཐག་ལྟ་བུ་ཡིན་སྟབས། ང་རང་དཔེ་ཆ་ལ་ཤིན་ཏུ་ཞེན་ཆགས་སོ། །

3 དཔྱད་གཏམ།

རྩོམ་ཡིག་འདིའི་མགོ་མཇུག་གཞོགས་འདེགས་བྱས་པ་ལེགས་ཤིང་། དཔེ་ཀློག་གི་རིན་ཐང་དང་གོས་དང་ཁང་པ་སོགས་གཤིབ་བསྡུར་བྱས་པ་དེས་དཔེ་ཆའི་དོན་སྙིང་ཇེ་གསལ་དུ་བཏང་བ་དང་། ཨ་ཕའི་གཏམ་བྲིས་པ་དེས་དཔེ་ཀློག་བྱེད་དགོས་པའི་གནས་ལུགས་གསལ་པོར་བསྟན་ཡོད་པ་མ་ཟད། ང་ཚོས་དཔེ་ཀློག་བྱེད་པར་སྐུལ་མ་བཏང་ཡོད།


བརྡ་འགྲེལ་གདོང་འཛར།

ཨ་ཕ། འབྱོར་ཕྱུག དཔེ་ཀློག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།