བདག་གི་མ་ཡུམ་སློབ་གྲྭ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བདག་གི་མ་ཡུམ་སློབ་གྲྭ།
རྩོམ་ཡིག་འདིར་སློབ་ཁྲིད་ཐོག་ཁང་དང་། དགེ་རྒན་གྱི་སློབ་ཁྲིད། ལུས་རྩལ་ར་བ། ཟ་ཁང་བཅས་རེ་རེ་བཞིན་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
གཡང་སྒྲོན།
ཕ་ཡུལ།
ལྷ་ས།
སློབ་གྲྭ།
ལྷ་ས་སྙེ་མོ་རྫོང་ཆ་ཚང་སློབ་ཆུང་།
ལོ་རིམ།
དྲུག་པ།
1 ​ངོ་སྤྲོད།

རྩོམ་ཡིག་འདིར་སློབ་ཁྲིད་ཐོག་ཁང་དང་།  དགེ་རྒན་གྱི་སློབ་ཁྲིད། ལུས་རྩལ་ར་བ།  ཟ་ཁང་བཅས་རེ་རེ་བཞིན་ངོ་སྤྲོད་བྱས་ཡོད།

2 རྩོམ་དངོས།

ང་ཡི་གཅེས་སུ་འོས་པའི་སློབ་གྲྭ་ནི་སྙེ་མོ་རྫོང་སློབ་ཆུང་ཞེས་རྫོང་ཡོངས་ནས་ཆ་རྐྱེན་ལེགས་པའི་སློབ་ཆུང་ཞིག་ཡིན་ལ། དགེ་རྒན50ལྷག་ཙམ་དང་སློབ་ཕྲུག600ཟིན་ཙམ་ཡོད་པ་དང་། ནང་སའི་ཡིག་རྒྱུགས་ལོན་མཁན་མང་བས་མི་དམངས་སྲིད་གཞུང་དང་རྒྱ་ཆེའི་མང་ཚོགས་ཚོས་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། 

སློབ་གྲྭའི་རྒྱལ་སྒོ་འཛུལ་མ་ཐག་ཐོག་བརྩེགས་གསུམ་ལྡན་སློབ་ཁྲིད་ཁང་ཆེན་ཞིག་མཐོང་གི་རེད། ཁང་ཆེན་དེའི་ནང་ལོ་རིམ་རེར་འཛིན་གྲྭ་གསུམ་རེ་བྱས་པས་ཁྱོན་བསྡོམས་འཛིན་གྲྭ་བཅོ་བརྒྱད་དང་། སློབ་གཙོའི་གཞུང་ལས་ཁང་། སློབ་དཔྱོད་ཁང་། གློག་ཀླད་ཁང་། རྒན་ལགས་རྣམས་ཀྱི་གཞུང་ལས་ཁང་། ཀུན་སྤྱོད་སློབ་གསོ་ཁང་སོགས་ཡོད། དེ་དག་གི་སྒེའུ་ཁུང་ངམ་བར་ཁྱམས་སུ་སྒྲིག་པའི་མེ་ཏོག་སྣ་ཚོགས་ཀྱི་དྲི་ཞིམ་དང་། ཆམ་རིགས་སོགས་སྔོན་འགོག་བྱེད་ཆེད་དུ་གདུག་པའི་གཟིམ་སྤོས་དྲི་ཞིམ་ལས་དྭངས་གཙང་གི་སློབ་གྲྭ་ཞིག་ཡིན་པ་ཤེས་ཐུབ་བོ།།

རྒན་ལགས་རྣམས་ཀྱིས་སྐད་གདངས་དལ་ཞིང་རིང་བའི་སྒོ་ནས། སློབ་གཞི་ཁག་གི་ནང་དོན་གཏིང་ཟབ་ཅིང་ཁ་གསལ་པོས་སློབ་ཁྲིད་གནང་བ་མ་ཟད། བྱ་ཐབས་སྣ་ཚོགས་སྤྱད་པས་སློབ་མའི་སྦྱངས་འབྲས་ཀྱང་མངོན་གསལ་དོད་པོས་ཡར་རྒྱས་ཕྱིན་ཡོད། དེ་མིན་ཁྱིམ་དུ་ཕ་མ་གཙོ་བོ་བྱས་པའི་ནང་མིའི་ཁ་ལ་ཉན་དགོས་པ་དང་སློབ་གྲྭར་འགྲོ་འོང་གི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཀའ་སློབ་ཡང་ཡང་གནང་གི་ཡོད། སློབ་ཁྲིད་ཁང་ཆེན་གྱི་ཤར་ཕྱོགས་སུ་སྤང་བཏིང་ཞིང་རྒྱ་ཤིན་ཏུ་ཆེ་བའི་རྐང་རྩེད་སྤོ་ལོ་རྒྱག་སའི་ཐང་ཆེན་ཞིག་ཡོད། དེའི་མཐའ་འཁོར་དུ་ལྕང་མ་དང་། སྦྱར་པ། ཡོ་འབོག ཤུག་པ་སོགས་སྔོ་ཐིང་ངེར་གནས་པ་ལ་བྱ་བྱེའུ་ཚོགས་ཀྱིས་སྐད་སྙན་སྒྲོག་ཅིང་ཕར་འཕུར་ཚུར་འཕུར་གྱི་གཤོག་རྩལ་ངོམ་པ་དང་། ལུས་རྩལ་བྱེད་སྒོར་ཞུགས་པའི་སློབ་ཕྲུག་ཚོས་ལ་ལས་སྤོ་ལོ་རྒྱག་པ་དང་། ལ་ལ་མཐོ་མཆོང་རྒྱང་མཆོང་སོགས་བྱེད་པས་འཁྲུག་ཆ་དོད་པའི་རྣམ་པས་ཁེངས་སོ།།

ཤིན་ཏུ་གཙང་བས་ཁྲོམ་གཞུང་ནས་གསར་པ་ཉོས་པ་དང་མཚུངས། འཚོ་བཅུད་ཕུན་སུམ་ཚོགས་པའི་བྱ་ཤ་དང་། ཕག་ཤ སྒོ་ང་། སྔོ་ཚལ་སོགས་གཡོས་སྦྱོར་ལ་ཤིན་ཏུ་མཁས་པའི་མ་བྱན་ཚོས་རང་གི་ནུས་ཤུགས་གང་ཡོད་བཏོན་ནས་བརྔོས་པའི་ཚལ་དག་སློབ་མ་ཚོའི་ཁ་ལ་ཞིམ་ཞིང་ལུས་ལ་འཕྲོད་པས་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་ཡོད། ལྷག་པར་དུ་ཏང་དང་མེས་རྒྱལ་སྤུན་ཟླ་མི་རིགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ལ་འགན་གསུམ་སྲིད་ཇུས་དོན་འཁྱོལ་བྱུང་བས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་རྣམས་སློབ་གྲྭར་ཞུགས་པའི་གོ་སྐབས་འདི་ལྟ་བུ་ཞིག་བྱུང་། ང་ཚོས་ད་ལྟ་ནས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་ཏེ། མ་འོངས་པར་ཏང་དང་། མེས་རྒྱལ། མི་དམངས་བཅས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་བའི་ཕུལ་བྱུང་གི་མི་སྣ་ཞིག་བྱ་རྒྱུ་ཡིན། 

3 དཔྱད་གཏམ།

རྩོམ་ཡིག་འདིར་སློབ་ཁྲིད་ཐོག་ཁང་དང་།  དགེ་རྒན་གྱི་སློབ་ཁྲིད། ལུས་རྩལ་ར་བ།  ཟ་ཁང་བཅས་རེ་རེ་བཞིན་ངོ་སྤྲོད་བྱས་ཡོད་པས།  རྩོམ་གྱི་སྒྲིག་གཞི་གསལ་ཞིང་། གསལ་བཤད་བྱས་པ་གོ་རིམ་ལྡན་པ་དང་བརྗོད་དོན་རྟོགས་སླའོ། ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།