ཆུ་མིག་སྔོན་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུ་མིག་སྔོན་པོ།
སྙན་ངག་འདི་ནི་རི་ཆུའི་སྐོར་གྱི་སྙན་ངག་ཅིག་ཡིན་ཏེ། སྙན་ངག་གི་ཚིག་རྐང་རེ་རེ་ན་ཁེར་རྐྱང་གི་མཛེས་སྡུག་མངོན་ཞིང་། རང་བྱུང་གི་སྣང་ཚུལ་གསོན་ཉམས་ལྡན་པར་བྲིས་ཏེ་རང་ཉིད་ཀྱི་སེམས་འདུན་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
青溪
འགྱུར་ཡིག་གི་ཁ་བྱང་།
ཆུ་མིག་སྔོན་པོ།
རྩོམ་པ་པོ།
王维
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག

言入黄花川,每逐青溪水。

随山将万转,趣途无百里。

声喧乱石中,色静深松里。

漾漾泛菱荇,澄澄映葭苇。

我心素已闲,清川澹如此。

请留盘石上,垂钓将已矣。

2 འགྱུར་ཡིག

མེ་ཏོག་སེར་པོའི་ཀླུང་ལ་གཟིགས་མོ་རི། །

ཆས་ཚེ་ཆུ་མིག་སྔོན་པོ་ཡང་ཡང་བརྒྱུད། །

རི་བོའི་དབྱིབས་བཞིན་གྱ་གྱུར་རྒྱུ་ནའང་། །

བཞུར་ལམ་ལེ་དབར་བརྒྱ་ལས་འདའ་མ་གྱུར། །

རྡོ་གསེབ་ཆུ་མིག་འུར་འུར་སྒྲ་སྒྲོགས་ཀྱང་། །

རི་བོའི་རྩེ་ནི་དབེན་པའི་ནགས་ན་བརྗིད། །

ཆུ་སྐྱེས་ལྡུམ་བུ་ཆུ་ཡི་ཁ་རུ་འཕྱོ། །

དྭངས་གསལ་ཆུ་རུ་འདམ་རྩྭའི་གཟུགས་བརྙན་འཆར། །

སེམས་སུ་རྣམ་རྟོག་ཕྲ་མོའང་ལྷོད་གྱུར་པ། །

དྭངས་གསལ་ཆུ་རྒྱུན་བཞིན་དུ་བདེ་བར་རྒྱུ། །

ཆུ་འགྲམ་ཕ་བོང་སྟེང་དུ་ཚེ་འདི་རུ། །

དབྱུག་གུ་འཕྱང་ནས་ཉ་མོ་འཛིན་པར་འདོད། །

3 མཆན།

འབྱུག་གུ་འཕྱང་ནས་ཉ་མོ་འཛིན་པར་འདོད། ཅེས་པའི་དོན་ནི་སྲིད་དོན་ལ་བློ་མི་ཕྱོགས་པར་དབེན་པར་གནས་འཆའ་ཞེས་པའོ༎

4 རྩོམ་པ་པོ་ངོ་སྤྲོད།

ཝང་ཝེ། (701-761ཡང་ན། 699-761)ཧོ་ཏུང་ཕུའུ་ཁུལ་གྱི་མི་ཡིན། ཕ་ཡུལ་ནི་ཧྲན་ཞིའི་ཆི་རྫོང་ཡིན། ཐང་རྒྱལ་རབས་སྐབས་ཀྱི་མིང་དུ་གྲགས་པའི་སྙན་ངག་པ་དང་། རི་མོ་བ་ཡིན། བརྩམས་ཆོས་ལ《ཕན་ཚུན་དྲན་པ》སོགས་སྙན་ངག་བཞི་བརྒྱ་དང་ལྷག་དང་། དེ་མིན་《ཝང་ཡིའུ་ཁྲང་གི་གསུང་རྩོམ་ཕྱོགས་བསྒྲིགས》དང《རི་མོའི་མན་ངག》སོགས་ཡོད་དོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-23

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།