མ་ཡུམ་སློབ་གྲྭའི་གཟི་དཔལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་ཡུམ་སློབ་གྲྭའི་གཟི་དཔལ།
རྩོམ་ཡིག་འདིར་ཐོག་མར་སློབ་གྲྭའི་གནས་ཡུལ་དང་། དེ་ནས་སློབ་གྲྭའི་ཕྱིའི་རྣམ་པ། དེའི་འཕྲོར་སློབ་གྲྭའི་དགེ་སློབ་ཀྱི་གནས་ཚུལ་དང་སློབ་སྦྱོང་བྱེད་སྟངས། སློབ་སྦྱོང་གི་གོ་རིམ་བཅས་བྲིས་ཡོད།
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
རིན་ཆེན་སྒྲོལ་མ།
ཕ་ཡུལ།
ཀན་ལྷོ།
སློབ་གྲྭ།
ཀན་ལྷོ་བསང་ཆུ་རྫོང་བསང་ཁོག་སློབ་ཆུང་།
ལོ་རིམ།
དྲུག་པ།
1 ངོ་སྤྲོད།

རྩོམ་ཡིག་འདིར་ཐོག་མར་སློབ་གྲྭའི་གནས་ཡུལ་དང་། དེ་ནས་སློབ་གྲྭའི་ཕྱིའི་རྣམ་པ། དེའི་འཕྲོར་སློབ་གྲྭའི་དགེ་སློབ་ཀྱི་གནས་ཚུལ་དང་སློབ་སྦྱོང་བྱེད་སྟངས། སློབ་སྦྱོང་གི་གོ་རིམ་བཅས་བྲིས་ཡོད།

2 རྩོམ་དངོས།

བཤད་སྒྲུབ་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་ནི་སྐྱེ་བོ་སུ་དང་སུ་ཞིག་ཡིན་རུང་མི་ཤེས་མཁན་གཅིག་ཀྱང་མེད། ཞིང་དེ་ནས་ནུབ་ཕྱོགས་སུ་སྤྱི་ལེ12ཙམ་ཡོང་ན་གད་པ་ལུག་མང་ལ་འབྱོར་ཞིང་། དེ་ནས་གཡས་ཕྱོགས་སུ་སྤྱི་ལེ2ཙམ་དཀྱོགས་ན། ཧ་ཅང་བདེ་ལ་སྙོམས་པའི་ཐང་ཆེན་གཡུ་ཡི་མེ་ལོང་འདྲ་བ་ཞིག་ཡོད་ལ། མེ་ལོང་དེའི་དབུས་སུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་པ་དེ་ནི་བདག་གི་མ་ཡུམ་སློབ་གྲྭ་སྟེ་བསང་ཁོག་སློབ་ཆུང་ཡིན་ནོ། །

བདག་ཆུང་དུས་ནས་བཟུང་། ཕ་མ་གཉིས་ཀྱིས་རིག་གནས་ཤེས་བྱ་སྦྱོང་བའི་ཕྱིར་དུ་གནས་འདི་རུ་བསྐྱལ་ཏེ་ད་ལྟའི་བར་ལོ་ངོ་ལྔ་ཙམ་འགོར་ཡོད་ལ། ངའི་སེམས་སུ་ནམ་ཡང་ཡལ་མ་མྱོང་བ་ནི། སློབ་གྲྭ་འདི་སྤྱིར་བཏང་གི་སློབ་གྲྭ་ཞིག་མིན་པ་དེ་རེད།

སློབ་གྲྭའི་སྒོ་ཆེན་ནས་ནང་ལ་ཡོང་ན་ཐོག་མར་མིག་ལམ་དུ་མངོན་པ་ནི་འཐུས་ཚང་ལྷོད་ཆགས་ཀྱི་སློབ་གྲྭའི་ཁོར་ཡུག་ཡིན་ཏེ། རྒྱ་སྒོའི་འགྲམ་གཉིས་ནས་མཐོ་སྒང་གི་མཁའ་དབུགས་དང་མཐུན་པའི་གསོམ་སྡོང་གིས་དུས་དང་རྣམ་པ་ཀུན་ཏུ་དགེ་སློབ་རྣམས་ཀྱི་འགྲོ་འོང་ལ་བསུ་སྐྱེལ་བྱེད་ཀྱིན་ཡོད་པ་དང་། ད་དུང་ལྗང་མདོག་གི་སྤང་ཐང་ལ་བརྩོན་ལྡན་གྱི་སློབ་བུ་མང་པོ་འདུས་ཏེ་དཔེ་ཀློག་ངག་སྐྱོར་བྱེད་པའི་ཚུལ་ནི། ཁྱོད་ཀྱིས་མཐོང་ཚེ་དངོས་གནས་ཡིད་སེམས་འགུག་པ་ཞིག་ཡིན། དེ་ནས་ནང་དུ་ཡོང་ན། སློབ་གྲྭའི་དེང་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཇ་ཁང་དང་། མལ་ཁང་། སློབ་ཁྲིད་ཐོག་ཁང་སོགས་རེ་རེ་བཞིན་མིག་ལམ་དུ་བསྟར་འོང་ལ། དེ་དག་གིས་སློབ་གྲྭའི་ཕྱིའི་བཀོད་པ་དང་ནང་གི་ཁྱད་ཆོས་སོགས་མ་མཐོང་ན་ཡང་རེ་རེ་བཞིན་ཡིད་ལ་འཆར་ཡོང་།

ངས་འདི་ནས་བརྗོད་འདོད་པ་ནི། ང་ཚོའི་སློབ་གྲྭར་གཞན་དང་མི་མཚུངས་བའི་ཁྱད་ཆོས་ཤིག་ཡོད་པ་དེའོ། ། དེ་ནི་སློབ་གྲྭ་ཡོངས་ལ་འཛིན་གྲྭ11དང་། སློབ་མ489དང་། དགེ་རྒན33ཡོད་པ་ཚང་མས་སློབ་སྦྱོང་ནི་གཙོ་བོར་བཟུང་སྟེ། འཛིན་གྲྭ་སོ་སོ་དང་། སློབ་གྲོགས་ཕན་ཚུན། ཐ་ན་དགེ་རྒན་སོ་སོའི་བར་འགྲན་སེམས་ཀྱི་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཚུགས་ཡོད། སློབ་གཙོས་རྒྱུན་དུ་གྲལ་བསྒྲིགས་ཐེངས་རེར་བཤད་པ་ལྟར། འགྲན་སེམས་མེད་ན་འཕེལ་རྒྱས་མེད་ཟེར་བ་ནི་ཅི་མ་བདེན། ང་ཚོའི་སློབ་གྲྭར་མཚོན་ན། སློབ་རའི་ནག་པང་སྒྲུབ་པ་དང་། རྒྱལ་དར་འོག་གི་གཏམ་བཤད་སྤེལ་བ། མི་བཟང་དོན་བཟང་གི་བྱ་འགུལ་སྤེལ་བ། འཛིན་གྲྭ་ཚང་མ་མཉམ་གཅིག་ཏུ་ལུས་རྩལ་ར་བར་འཛོམས་ཏེ་ཉིན་རེ་རེའི་ཞོགས་སྦྱོང་ལ་ཞུགས་པ་སོགས་བྱ་བ་ཆེ་མ་ཆུང་གསུམ་གང་ཞིག་ཡིན་ནའང་། སློབ་གྲོགས་ཕན་ཚུན་བར་དང་། འཛིན་གྲྭ་ཕན་ཚུན་བར་འགྲན་སྡུར་བྱས་ཏེ་སྒྲུབ་ཀྱིན་ཡོད། དེ་ལྟར་བསྒྲུབས་ཚེ་བྱ་བ་ཅི་ཞིག་ཡིན་རུང་ཕན་ཚུན་ལ་གནོན་ཤུགས་མེད་པ་དང་། དོན་དག་དེ་འགྲུབ་སླ་བ། འབྲས་བུ་བཟང་པོ་ཞིག་ལོན་ཐུབ་པ། དཔེར་ན། སློབ་ལོ་རེ་རེར་ང་ཚོའི་སློབ་གྲྭའི་ཁྱབ་བསྒྲགས་ར་བའི་ནང་དུ་རྫོང་དང་ཁུལ་རིམ་པས་གནང་བའི་གཟི་བརྗིད་དཔང་ཡིག་ཅིག་ཁ་སྣོན་བྱེད་ངེས་ཡིན་པ་ལྟ་བུ། དེ་བས། ང་ཚོའི་ཕ་ཡུལ་གྱི་ཡུལ་མི་རྣམས་ཀྱིས་ཀྱང་རང་ནུས་གང་ཡོད་ཀྱིས་སློབ་གྲྭའི་བྱ་བ་ཞིག་ཡིན་ཚེ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ལྷག་པར་དུ། ད་ལོ་ང་ཚོའི་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཞིག་གིས་ལྗོངས་ཞིང་ལྔའི་ཞིབ་འཇུག་སློབ་མའི་རྒྱུགས་ལེན་ཁྲོད་ཨང་དང་པོ་བླངས་པའི་གཏམ་བཟང་དེ་ཡང་རྫོང་རིམ་པ་ནས་སློབ་གྲྭ་དང་། སློབ་གྲྭ་ནས་སྡེ་བ་སོ་སོར་ཁྱབ་པ་དེས་ཀྱང་། ངའི་སེམས་སུ་མ་ཡུམ་སློབ་གྲྭའི་གཟི་དཔལ་དེ་ཨ་སྔོན་དགུང་ལ་གཏད་སོང་།

3 དཔྱད་གཏམ།

རྩོམ་ཡིག་འདིར་ཐོག་མར་སློབ་གྲྭའི་གནས་ཡུལ་དང་། དེ་ནས་སློབ་གྲྭའི་ཕྱིའི་རྣམ་པ། དེའི་འཕྲོར་སློབ་གྲྭའི་དགེ་སློབ་ཀྱི་གནས་ཚུལ་དང་སློབ་སྦྱོང་བྱེད་སྟངས། སློབ་སྦྱོང་གི་གོ་རིམ་བཅས་བྲིས་ཡོད་པས། གོ་རིམ་གསལ་ཞིང་ངོ་སྤྲོད་བྱས་པ་ཁ་གསལ་ལཚིག་གི་སྦྱོར་བ་བདེ་བ་ཡིན།


བརྡ་འགྲེལ་གདོང་འཛར།

དགེ་རྒན། འབྲས་བུ་བཟང་བོ། སློབ་མ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།