དྲ་རྒྱའི་དྲག་ཤུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་རྒྱའི་དྲག་ཤུགས།
དྲ་རྒྱའི་དྲག་ཤུགས་ནི་གནོད་འཚེ་ཚབས་ཆེན་དང་ཤུགས་རྐྱེན་ངན་པའི་དྲག་ཤུགས་ཀྱི་རྣམ་པ་ཞིག་ཡིན་པ་དང་། དེ་ནི་དྲ་ཐོག་ཏུ་སྐུར་འདེབས་དང་། དམའ་འབེབས། མཚན་སྙན་ལ་བཙན་གནོད། ངན་སྐུལ་རང་བཞིན་བཅས་ལྡན་པའི་གཏམ་བརྗོད་ཅིག་ཡིན། ཡི་གེ་དང་། པར་རིས། བརྙན་ལམ་སོགས་ཀྱི་རྣམ་པ་སྤྱད་དེ་དྲ་རྒྱའི་ཐོག་མི་གཞན་ལ་དམའ་འབེབས་བྱེད་པས་མི་རྣམས་ཀྱིས“དྲ་རྒྱའི་དྲག་ཤུགས”ཞེས་བརྗོད་ཀྱིན་ཡོད། དྲ་རྒྱའི་དྲག་ཤུགས་ནི་དྲ་དམངས་ཀྱིས་དྲ་རྒྱ་བེད་སྤྱད་དེ་དྲག་ཤུགས་ཀྱི་ལས་བྱེད་པ་ཡིན་ལ་སྤྱི་ཚོགས་ཀྱི་དྲག་ཤུགས་དེ་དྲ་རྒྱའི་ཐོག་སྣུར་སྲིང་བྱས་པ་ཞིག་རེད། དྲ་དམངས་ཚོས་གལ་ཏེ་རང་དབང་མཚོན་པའི་དབང་ཆ་ཐོབ་འདོད་ན། དྲ་རྒྱའི་ཤེས་བྱ་དང་ཀུན་སྤྱོད་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网络暴力
ཕྱི་ཡིག་གི་མིང་།
Cyber—bullying/online abuse
ཞིབ་ཕྲའི་བྱེད་ཐབས།
དྲ་ཐོག་ནས་ཕར་རྒོལ་རང་བཞིན་གྱི་གཏམ་བརྗོད་སྤེལ་བ།
ཚད་ལྡན་བྱེད་ཐབས།
དྲ་བའི་ཀུན་སྤྱོད་བྱེད་ཐབས།
1 ​ནང་དོན།

དྲ་རྒྱའི་དྲག་ཤུགས་ནི་དྲ་དམངས་ཀྱིས་དྲ་རྒྱ་བེད་སྤྱད་དེ་དྲག་ཤུགས་ཀྱི་ལས་བྱེད་པ་ཡིན་ལ་སྤྱི་ཚོགས་ཀྱི་དྲག་ཤུགས་དེ་དྲ་རྒྱའི་ཐོག་སྣུར་སྲིང་བྱས་པ་ཞིག་རེད། དྲ་རྒྱའི་དྲག་ཤུགས་དེ་དངོས་ཡོད་འཚོ་བའི་ཁྲོད་ཀྱི་རྐང་ངར་ལག་འཛིང་གི་དྲག་ཤུགས་དང་མི་འདྲ་བར་་དྲ་རྒྱའི་རྟོག་བཟོའི་བར་མཐོངས་ལ་བརྟེན་ནས་མིར་གནོད་འཚེ་གཏོང་བ་དང་དམའ་འབེབས་བྱེད་ཀྱིན་ཡོད་པ་རེད། ཚིག་ངན་ཕན་ཚུན་ཕྱོགས་པའི་གཏམ་བརྗོད་དང་། པར་རིས། བརྙན་ལམ་བཅས་འགྲེམས་སྤེལ་བྱེད་མཁན་དེ་དག་ནི་གཞི་ཁྱོན་ངེས་ཅན་གྱི་དྲ་དམངས་ཚོས་དྲ་ཐོག་ནས་ཁྱབ་བསྒྲགས་བྱས་པའི་མིའི་རིགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་སྲོལ་རྒྱུན། དེ་བཞིན་མིའི་རིགས་ཀྱི་ཀུན་སྤྱོད་ཀྱི་མཐའ་ཚད་དང་འགལ་བའི་དོན་རྐྱེན་ལས་བྱུང་བའི་གཏམ་བརྗོད་ཡིན་པ་རེད། སྐད་ཆ་དང་། ཡི་གེ  པར་རིས། བརྙན་ལམ་བཅས་དེ་དག་ཚང་མར་དུག་ཤེད་ཆེ་བ་དང་། གདུག་རྩུབ་ཆེ་བ་སོགས་ཀྱི་གཞི་རྩའི་ཁྱད་ཆོས་ལྡན་ཡོད། དོན་རྐྱེན་དེ་དག་ལ་རྒྱུན་གཏན་གྱི་དཔྱད་གཏམ་ཁྱབ་ཁོངས་ལས་བརྒལ་ཡོད། དོན་རྐྱེན་དེའི་དོ་བདག་ལ་མི་ལུས་ལ་དམའ་འབེབས་གཏོང་བ་དང་རྐང་བཙུགས་ནས་དམའ་འབེབས་བྱེད་པ་མ་ཟད། གནོད་འཚེ་གཏོང་བའི་བྱེད་སྤྱོད་དེ་རིགས་དྲ་རྒྱ་ནས་དངོས་ཡོད་སྤྱི་ཚོགས་ཁྲོད་དོ་བདག་ལ“མིའི་ཤ་འཚོལ་བཤེར”བྱས་ནས་དེའི་མིང་ཐོབ་དང་། རུས་མིང་། འདྲ་པར། འཚོ་བའི་ཞིབ་ཕྲའི་གནས་ཚུལ་སོགས་མང་ཚོགས་ལ་ཡོངས་བསྒྲགས་བྱས་ཡོད། དཔྱད་གཏམ་དང་བྱེད་སྟངས་དེ་དག་གིས་དོ་བདག་གི་བསམ་བློའི་འཁྱེར་ཕྱོགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་མ་ཟད། དོ་བདག་གི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་བཏང་བ་དང་མཇུག་འབྲས་ཚབས་ཆེན་བཟོས་ཡོད།

2 འབྱུང་ཁུངས།

དྲ་རྒྱའི་གཏུམ་སྤྱོད་ཀྱི་འབྱུང་རྩ་ཧ་ཅང་མང་པོ་ཡོད་པ་དང་། དྲ་དམངས་ཀྱི་མིང་མེད་རང་བཞིན་དང་། དྲ་རྒྱའི་ཐོག་ལམ་ལུགས་དང་ཀུན་སྤྱོད་ཀྱི་ཚོད་འཛིན་མེད་པ། གཉིས་ནས་དྲ་དམངས་ཁག་གཅིག་གི་བྱང་ཚད་ཀྱི་རྒྱུ་རྐྱེན་དང་གསུམ་ནས་སྤྱི་ཚོགས་དྲང་གཞག་མེད་པ། བཞི་ནས་ཁྲིམས་སྐྱོང་དང་བསམ་པའི་དཔལ་ཡོན་རྗེས་སུ་ལུས་པ་སོགས་རེད།

ཀྲུང་གོའི་དྲ་རྒྱའི་དྲག་ཤུགས་དེ་ཀྲུང་གོའི་དྲ་དམངས་ན་གཞོན་ཅན་དང་དྲ་རྒྱའི་ཚོང་ལས་ཅན་གྱི་འཁོར་རྒྱུག་དང་དེ་བཞིན་ཀྲུང་གོའི་དམངས་གཙོའི་ཁོར་ཡུག་དང་འབྲེལ་བ་ཆེན་པོ་ཡོད།

ཀྲུང་གོའི་དྲ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས(CNNIC)ཀྱིས་སྤྱི་ལོ2008ལོའི་ཟླ7པར་ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་དྲ་སྦྲེལ་དྲ་རྒྱ་འཕེལ་རྒྱས་འགྲོ་ཚུལ་བསྡོམས་རྩིས་སྙན་ཞུ》ཐེངས22པའི་ཐོག་མངོན་པར་གཞིགས་ན། རང་རྒྱལ་གྱི་དྲ་དམངས68.6%ནི་ལོ30མན་གྱི་ན་གཞོན་ཡིན་པ་རེད། ཁྱད་ཆོས་དེ་ཀྲུང་གོའི་དྲ་རྒྱ་འཕེལ་རྒྱས་ཀྱི་ལོ་བཅུ་གཅིག་ནང་འགྱུར་མེད་པ་དང་། ལོ18མན་དང་ལོ18ནས24བར་གྱི་དྲ་དམངས་ཀྱི་བསྡུར་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་རེད། དྲ་དམངས་ན་གཞོན་ཅན་དུ་འགྱུར་བ་ནི་དྲ་རྒྱའི་དྲག་ཤུགས་གློ་བུར་དུ་བྱུང་བའི་ཐད་ཀའི་རྒྱུ་རྐྱེན་ཡིན། ལོ་ན་གཞོན་པའི་དྲ་དམངས་དེ་དག་ལོ་ན་ཅུང་མཐོ་བའི་མི་རྣམས་ཀྱི་ངོས་ནས་བརྗོད་ན། ངར་ཤུགས་ཀྱིས་ཁེངས་ཡོད་མོད། འོན་ཀྱང་ངར་ལངས་སླ་བ་དང་། ཁོང་ཁྲོ་ལངས་སླ་བ། རང་ཉིད་བག་མེད་སྒྲིག་འཆལ་བྱེད་སླ་བ་བཅས་རེད། གཙོ་སྦྱར་དོན་རྐྱེན་དེ་དྲ་རྒྱའི་ཐོག་ཁྱབ་བསྒྲགས་བྱས་ཚེ་ཁོ་ཚོས་ངན་སེམས་དང་བྲེལ་འཚུབ་ཀྱིས་མཐེབ་གཞོང་ལ་བརྟེན་ནས་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་མཚོན་པར་བྱས་ཏེ་ཁོང་ཁྲོ་ཆེན་པོ་ལངས་པ་མངོན་གྱིན་ཡོད། འོན་ཀྱང་། ཁོང་ཁྲོ་ལངས་པའི་མི་དེ་དག་དྲ་རྒྱའི་ཐོག་ལྟ་ཚུལ་གཅིག་མཐུན་གྱི་ཚོགས་པ་ཞིག་ལ་བརྟེན་ནས“དྲང་བདེན”གྱི་མིང་ཐོག་ནས་དོ་བདག་ལ་འཆར་གཞི་ཡོད་པ་དང་། དམིགས་ཡུལ་ཡོད་པ། རྩ་འཛུགས་ཡོད་པ་བཅས་ཀྱི་སྒོ་ནས་རྗེས་སྙེག་དང་རྡུང་རྡེག་བྱེད་ཀྱིན་ཡོད། ཁོ་ཚོས་རང་ཉིད་ཀྱིས་བདེན་དོན་སྤེལ་བཞིན་ཡོད་སྙམ་མོད། འོན་ཀྱང་རང་ཉིད་ཀྱིས་མི་གཞན་ལ་བཟོས་པའི་ཚད་ལས་བརྒལ་བའི་གནོད་འཚེ་སྣང་མེད་དུ་བཞག་པ་རེད།

3 སྤྱི་ཚོགས་ཀྱི་གནོད་འཚེ།

མི་ཚང་མ་དྲ་རྒྱའི་དྲག་ཤུགས་ཀྱི་གནོད་འཚེ་ཕོག་མཁན་དུ་འགྱུར་སྲིད་པ་དང་དྲ་རྒྱའི་དྲག་ཤུགས་ལ་འཛེམ་ཆ་མེད་པར་གྱུར་ནས་སྤྱི་པའི་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བ་དང་ཀུན་སྤྱོད་ཀྱི་མཐའ་ཚད་མེད་པ་བཟོ་བཞིན་ཡོད།

དྲ་རྒྱའི་དྲག་ཤུགས་ཀྱི་གནོད་འཚེ་ཤིན་ཏུ་ཆེ། ཉེ་བའི་ལོ་ཤས་རིང་བྱུང་བའི་དྲ་རྒྱའི་དྲག་ཤུགས་དོན་རྐྱེན་གྱི་གནོད་འཚེ་ཕྱོགས་བསྡུས་བྱས་ན། གཙོ་བོ་གཤམ་གྱི་ཕྱོགས་འགའ་ཡོད་དེ།

3_1 བདེན་རྫུན་མཉམ་བསྲེས།

བདེན་རྫུན་གྱི་འཇིག་རྟེན་དང་། ལྷག་པར་དུ་དྲ་རྒྱ་ལྟ་བུའི་རྟོག་བཟོ་བྱས་པའི་སྤྱི་ཚོགས་ཀྱིས་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་མོད། འོན་ཀྱང་དྲ་རྒྱའི་དྲག་ཤུགས་དོན་རྐྱེན་གྱི་ཕོག་ཐུག་འོག་མ་གཞི་དབྱེ་འབྱེད་བྱེད་དཀའ་བའི་བདེན་ལེགས་མཛེས་གསུམ་གྱི་དབྱེ་བ་འབྱེད་དཀའ་བར་གྱུར། རྒྱུན་པར་བདེན་དོན་འཁྱོག་བཤད་བྱེད་པ་དེ་ཆ་འཕྲིན་གྱི་འབྱུང་ཁུངས་ལ་ཐུག་མེད་པར། བདེན་དོན་དེ་ཁྱབ་སྤེལ་བྱེད་པའི་བརྒྱུད་རིམ་ནང་འཁྱོག་བཤད་དང་ཉ་ཉུང་མཉམ་བསྲེ་བྱས་པ་དང་། དྲ་ཐོག་གི་དྲག་ཤུགས་དོན་རྐྱེན་ནི་རྟག་ཏུ་བདེན་དོན་འཁྱོག་བཤད་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ཞིང་། བརྒྱུད་རིམ་དེའི་ནང་འགྲིག་པ་དང་ནོར་བ་དང་བདེན་རྫུན་དབྱེ་འབྱེད་བྱེད་དཀའ་བ་ཞིག་རེད།

དྲ་མངས་དྲ་རྒྱའི་འཇིག་རྟེན་དུ་བསྐྱོད་པར་ནོར་འཁྲུལ་གྱི་གཞི་རྩའི་དབྱེ་འབྱེད་ནུས་པ་ལྡན་དགོས། འོན་ཀྱང་དོན་དངོས་ཀྱི་གནས་ཚུལ་ནི་དྲ་རྒྱ་ལྟ་བུའི་རྟོག་བཟོའི་འཇིག་རྟེན་དུ་ནོར་འཁྲུལ་གྱི་དབྱེ་མཚམས་གསལ་པོ་མེད་པས། གལ་ཏེ་བྱ་དངོས་ཤེས་རྟོགས་བྱེད་པའི་བརྒྱུད་རིམ་ཁྲོད་ཟུར་ཚད་མི་འདྲ་བའི་ཐོག་ནས་གནད་དོན་ལ་ལྟ་སྟངས་མི་འདྲ་བ་འཛིན་པ་ནི་རྦད་དེ་གོང་བཀུར་བྱེད་འོས་པ་ཞིག་རེད། ཡིན་ནའང་འདིར་ཉ་ཉུང་མཉམ་བསྲེས་བྱས་པ་དེ་ནི་རྩོད་སྒྲུབ་ཀྱིས་རྗེས་དཔག་གི་སྤྱོད་ཚུལ་བཟུང་ནས་དོན་དག་ལ་གོ་བ་ལེན་པ་ཞིག་མིན་པར། ནོར་འཁྲུལ་གྱི་རིགས་རྣམས་ཡང་དག་པ་ཞིག་རེད་ཅེས་བཤད་པ་དང་། དོན་དངོས་ཀྱི་གནས་ཚུལ་ངོ་མ་འཁྱོག་བཤད་བྱས་པ་ཞིག་རེད། དྲ་དམངས་མང་པོ་ཞིག་དྲ་རྒྱའི་དྲག་ཤུགས་དོན་རྐྱེན་ལ་ཞུགས་སྐབས། མི་སྒེར་གྱི་བརྩེ་དུང་དང་བཅས་ཏེ་བྱ་དངོས་ལ་ལྟ་སྟངས་འཛིན་པ་དང་། དེ་ནས་བཤད་ན། དོན་རྐྱེན་ཞིག་ལ་རྒྱུན་དུ“བག་ཆགས་དང་པོ”ཡོད་པ་དང་། “བག་ཆགས་དང་པོ”ནི་མི་སྒེར་གྱིས་དྲ་རྒྱའི་དོན་རྐྱེན་ལ་འཛིན་པའི་རྣམ་འགྱུར་དང་པོ་ཡིན་ལ། དེའི་རྗེས་ཀྱི་བརྒྱུད་རིམ་ཁྲོད། འཚོལ་བཤེར་བྱེད་པའམ་ཡང་ན་རྒྱུ་ཆ་ཐོབ་ནས་དོན་རྐྱེན་གྱི་གནས་ཚུལ་ངོ་མ་གསལ་འབྱེད་བྱས་ཀྱང་གནད་དོན་ཐག་གཅོད་བྱེད་མི་ཐུབ། རྒྱུ་མཚན་ནི་དྲ་རྒྱའི་འཇིག་རྟེན་དུ་ཞུགས་པའི་མི་རྣམས་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་འཚོལ་བཤེར་དྲ་ཚིགས་བེད་སྤྱད་ནས་འཚོལ་བཤེར་བྱེད་སྐབས། འཚོལ་འཚོལ་བྱས་པའི་རྒྱུ་ཆ་དང་ལྟ་བ་ནི་རང་ཉིད་ལ་མ་གཞི་འདུ་ཤེས་དང་གཅིག་མཐུན་ཡིན་པའི་ལྟ་བ་ཡིན། གོ་རིམ་དེའི་ནང་དུ་ནོར་འཁྲུལ་ནས་ཡང་དག་པའི་ལྟ་ཚུལ་ཕྱོགས་སུ་འཁྲིད་མི་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་སྔར་ཡོད་ཀྱི་ལྟ་ཚུལ་སྔར་ལས་ཤུགས་ཆེ་རུ་འགྲོ་ངེས་རེད། བྱ་བ་ཞིག་དྲ་རྒྱའི་ཐོག་རྩོད་གླེང་བྱུང་ནས་ཕྱོགས་ཁག་གིས་དོ་ཁུར་དང་གྲོས་བསྡུར་བྱས་ཤིང་། མ་གཞི་ནི་བྱ་བ་བཟང་པོ་ཞིག་ཡིན་ཞིང་། གྲོས་བསྡུར་དང་དབྱེ་འབྱེད་བྱས་པ་བརྒྱུད་བདེན་དོན་དང་དེ་བས་ཉེ་བར་བཅར་ཐུབ་མོད། འོན་ཀྱང་དྲ་རྒྱའི་གཏུམ་སྤྱོད་ལས་བྱུང་བ་དེའང་དྲ་རྒྱའི་དོན་རྐྱེན་ལས་བྱུང་བའི་རྩོད་གླེང་གི་འབྲས་བུ་ཞིག་ཡིན་ཞིང་། མཇུག་འབྲས་དེ་ནི་གྲོས་བསྡུར་བྱས་འབྲས་ཀྱི་རིན་ཐང་སྣ་མང་ཅན་མིན་པར་རྦད་དེ་ལྡོག་པའི་ཐལ་ཆེ་བའི་ལྟ་བ་གཉིས་ཀྱིས་གཙོ་རྒྱུན་གྱི་གནས་བབ་བཟུང་ཡོད། དྲ་དམངས་ཀྱིས་རང་འགུལ་མིན་པའི་ས་ཚིགས་རུ་ཁག་གིས་དྲ་རྒྱའི་གཏུམ་སྤྱོད་དོན་རྐྱེན་གྱི་སྐུལ་འདེད་པ་བྱས་པ་ཞིག་རེད། མི་མང་པོ་ཞིག་གིས་རྩོད་གཞི་ཧ་ཅང་ཆེ་བའི་དྲ་རྒྱའི་གཏུམ་སྤྱོད་དོན་རྐྱེན་ལ་བལྟས་ཚེ། དོན་རྐྱེན་དེ་རིགས་མང་ཆེ་བ་བཅའ་ཁྲིམས་ལས་འགལ་མེད་ཀྱང་མང་ཆེ་བ་ཡོངས་ཁྱབ་ཀྱི་ཀུན་སྤྱོད་མི་ཆོས་ཀྱི་རིན་ཐང་ལྟ་བ་ལས་འགལ་ཡོད་པ་ཤེས་ཐུབ།

3_2 རིན་ཐང་ལྟ་བར་ཤུགས་རྐྱེན་ཐེབས་པ།

ཐད་ཀར་བཟོས་པའི་གནོད་འཚེ་དང་ཤུགས་རྐྱེན་ཕུད། དྲ་རྒྱའི་དྲག་ཤུགས་ཡང་ཡང་ཐོན་པ་དེས་དྲ་དམངས་ཀྱི་ཀུན་སྤྱོད་རིན་ཐང་ལྟ་བར་གནོད་འཚེ་བཟོ་སྲིད། རིན་ཐང་གི་ལྟ་བ་ཡང་དག་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་སྒྲིག་ལམ་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པ་དང་། མཛེས་སྡུག་ལྡན་པའི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་པའི་འགན་སྲུང་ཡིན། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ། མི་རྣམས་ཀྱི་ཀུན་སྤྱོད་ཀྱི་ལྟ་བ། རིན་ཐང་གི་ལྟ་བ། དུས་དང་རྣམ་པ་ཀུན་ཏུ་ཁོ་ཚོའི་བྱ་སྤྱོད་དང་བྱ་བ་སྒྲུབ་སྟངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། སློབ་གྲྭའི་ཟ་ཁང་ལ་དཔེ་བཞག་ནས་བཤད་ན། ཟ་མ་ཟ་ཐེངས་རེར་འཚང་ཁ་ཆེ་བ་དང་། སྐས་སྒམ་དུ་མི་ཚོགས་ཀྱིས་ཁེངས་ཡོད་མོད། འོན་ཀྱང་ཟང་ཟིང་ཁྲོད་གོ་རིམ་ལྡན་པ་ནི་རིན་ཐང་འདུ་ཤེས་ཀྱིས་ནུས་པ་ཐོན་པ་དེ་ཡིན། འགྲིམ་འགྲུལ་སྒྲིག་སྲོལ་གྱི་གནས་ལུགས་གཅིག་མཚུངས་ཡིན་ཏེ། འགྲིམ་འགྲུལ་སྒྲིག་སྲོལ་ད་དུང་གཏན་འབེབས་བྱས་མེད་པ་དང་། གློག་དམར་གློག་ལྗང་གཉིས་ཀ་མེད་པའི་འཇིག་རྟེན་དུ་གཞུང་ལམ་ཐོག་ཕར་འགྲོ་ཚུར་འོང་བྱེད་མཁན་དང་རླངས་འཁོར་གྱིས་ཀྱང་ཕན་ཚུན་བསམ་ཤེས་བྱས་ནས་འགྲོ་སྐྱོད་བྱེད་མཁན་ཚང་མ་མགྱོགས་མྱུར་དམིགས་སར་སླེབས་ཐུབ་པ་བྱེད་དགོས། སྤྱི་ཚོགས་ཀྱི་ཡོངས་ཁྱབ་རིན་ཐང་ལྟ་བས་དངོས་པོའི་བྱེ་བྲག་གི་རིན་ཐང་ལྟ་བར་ཤུགས་རྐྱེན་ཐེབས་ནས་དངོས་པོའི་བྱེ་བྲག་གི་བྱ་སྤྱོད་ལ་ཤུགས་རྐྱེན་ཐེབས་ཡོད།

དྲ་རྒྱའི་དྲག་ཤུགས་ཀྱིས་རང་ཉིད་ཀྱི་འགོག་སྲུང་མ་ལག་ལ་ཕོག་ཐུག་བཏང་བས་དང་ཐོག་སྤྱི་ཚོགས་ཀྱི་མི་ཆོས་དང་མཐུན་པ་དང་ཀུན་སྤྱོད་ཀྱི་འདུ་ཤེས་དང་མཐུན་པའི་རིན་ཐང་ལྟ་བ་དྲ་རྒྱའི་དྲག་ཤུགས་ཀྱི་རྡབ་རྡེག་འོག་འཁྱོག་བཤད་བྱེད་སྲིད། ཐོག་མ་ཉིད་ནས་དར་སྤེལ་བྱེད་པའི་རྩོད་སྒྲུབ་རིག་པ་དེ་དྲ་རྒྱའི་དྲག་ཤུགས་དོན་རྐྱེན་ཁྲོད་རྦད་དེ་སྣང་མེད་དུ་བཞག་པ་དང་། དོན་དག་ཐལ་དྲགས་གཉིས་ལས་མེད་པ་དང་། དྲ་རྒྱའི་དྲག་ཤུགས་དོན་རྐྱེན་ཁྲོད་དུ། དོན་རྐྱེན་ལ་ཞུགས་པའི་དྲ་དམངས་ཀྱིས་རྨོངས་ཚོད་ཀྱིས་ཕྱོགས་ཤིག་ལྟོས་མེད་ཅན་དུ་འགྱུར་བའི་ལྟ་ཚུལ་ལ་རྒྱབ་སྐྱོར་བྱེད་པ་དང་། ཀུན་སྤྱོད་ཀྱི་ཕྱི་གོས་གྱོན་ནས་ཀུན་སྤྱོད་དང་འགལ་བའི་བྱ་བ་སྒྲུབ་པ་མ་ཟད། རང་ཉིད་ལ་ནོར་འཁྲུལ་ཡོད་པར་མི་འདོད། དེ་གར་དྲ་རྒྱའི་གཏུམ་སྤྱོད་ཀྱི་མཚོན་ཚུལ་ནི་ནོར་འཁྲུལ་གྱི་རིན་ཐང་ལྟ་བ་ཡིན་པ་དང་ནོར་འཁྲུལ་གྱི་ལྟ་བ་དེ་བདེན་དོན་དུ་བརྩིས་ནས་ནོར་འཁྲུལ་ཁས་ལེན་གཏན་ནས་བྱེད་ཀྱི་མེད། མི་ལ་བསམ་གཞིགས་བྱེད་སྐབས་གོམས་གཤིས་ཤིག་ཡོད་པ་ནི་སྐབས་འགར་ཕྱོགས་གང་ཞིག་གི་ལྟ་ཚུལ་ལ་ཡིད་ཆེས་བརྟན་པོ་བྱེད་པ་མ་ཟད། ཆ་འཕྲིན་གཞན་དག་འཚོལ་ཞིབ་བྱས་པ་བརྒྱུད་དེ་རང་ཉིད་ཀྱི་ལྟ་ཚུལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་གི་ཡོད། དེའི་རྒྱུ་མཚན་ནི་མི་སྒེར་གྱི་ལྟ་ཚུལ་ཕྱོགས་ཤིག་ཏུ་ཕྱོགས་པ་དང་། རང་ཉིད་ཀྱི་འདུ་ཤེས་དང་མི་འདྲ་བའི་ལྟ་ཚུལ་ལ་བཙན་འཛུལ་བྱས་ན། བདེ་འཇགས་མིན་པའི་ཚོར་སྣང་ཡོད་ཅིང་། རང་ཉིད་ཀྱི་ལྟ་ཚུལ་ལ་སྲུང་སྐྱོབ་གང་ཐུབ་བྱས་ཏེ། རང་ཉིད་ལ་མགོ་སྐོར་གཏོང་བ་དང་། རང་ཉིད་དང་འདྲ་བའི་ལྟ་ཚུལ་བསྡུ་ལེན་བྱེད་པ་དང་དུས་མཚུངས་སུ་ཚད་ངེས་ཅན་གྱི་རང་ཉིད་ལ་མགོ་སྐོར་གཏོང་བ་དང་། སྔོན་མའི་ལྟ་ཚུལ་ཇེ་དྲག་ཏུ་བཏང་ནས། ལྟ་ཚུལ་གཞན་པ་དང་ལེན་མི་བྱེད་པ་དང་། རིན་ཐང་ལྟ་བ་འཁྱོག་བཤད་བྱེད་ཀྱིན་ཡོད།

3_3 འགོག་བཅོས་བྱེད་ཐབས།

དྲ་རྒྱ་ནི་རྟོག་བཟོའི་འཇིག་རྟེན་ཞིག་ཡིན་ལ། འཛམ་གླིང་ངོ་མ་དང་མཉམ་གཤིབ་དང་མཉམ་འདྲེས་ཀྱི་དངོས་ཡོད་འཇིག་རྟེན་ཞིག་ཀྱང་ཡིན། དྲ་སྦྲེལ་གྱི་སྒོ་འབྱེད་རང་བཞིན་དང་། ཕན་ཚུན་རང་བཞིན་དང་། མིང་མི་འགོད་པའི་རང་བཞིན་བཅས་ཀྱིས་དྲ་དམངས་ལ་ལས་འགན་མི་འཁུར་བའི་གཏམ་སྤྱོད་དེ“དྲ་རྒྱའི་དྲག་ཤུགས”སུ་འགྱུར་སླ་བ་དང་། དོ་བདག་གི་གསང་དོན་དབང་ཆ་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པ། ཁོང་ཚོར་བསམ་པའི་གནོད་འཚེ་དང་སེམས་ཁམས་ཀྱི་གནོད་འཚེ་ཆེན་པོ་བཟོ་བ་བཅས་ལ་སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས། རིགས་གཅིག་མཁས་ཅན་ཚོས“དྲ་རྒྱའི་དྲག་ཤུགས”འགོག་བཅོས་བྱེད་པར་ངེས་པར་དུ་ལྷོད་གཡེང་ཟུང་འབྲེལ་དང་ཕྱོགས་བསྡུས་འགོག་བཅོས་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད། སྤྱོད་གོ་ཆོད་པའི་དྲིལ་བསྒྲགས་སློབ་གསོ་ལ་བརྟེན་ནས་དྲ་དམངས་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་ཀུན་སྤྱོད་རང་གཅུན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁོང་ཚོའི་ཤན་འབྱེད་ནུས་པ་དང་གདམ་གསེས་ནུས་པ། ཐ་ཤལ་རིག་གནས་ཀྱི་ནད་འགོག་ནུས་པ་བཅས་ཆེ་རུ་གཏོང་བ། བདེ་ཐང་གི་སེམས་ཁམས་དང་འཐུས་སྒོ་ཚང་བའི་མི་གཤིས་སྐྱེད་སྲིང་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཡ་རབས་དང་འགན་འཁུར་བའི་དྲ་རྒྱའི་བྱ་སྤྱོད་དར་སྤེལ་གཏོང་དགོས། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་ཁྲིམས་འཛུགས་ཞིབ་འཇུག་བྱེད་མགྱོགས་སུ་གཏོང་བ་དང་བབ་མཚུངས་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་གང་མགྱོགས་འདོན་པ། ཁྲིམས་ལྟར་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་དང་བཅའ་ཁྲིམས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་རྣམས་ཀྱི་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་དྲ་རྒྱའི་ཁོར་ཡུག་གཙང་བཟོ་བཅས་བྱེད་དགོས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དྲ་རྒྱ། དྲ་རྒྱའི་དྲག་ཤུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-24

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།