རླུང་ཁམས་ཆེན་མོའི་བརྫད་སྐྱོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རླུང་ཁམས་ཆེན་མོར་བརྫད་སྐྱོན་བཏང་བ་ནི་རླུང་ཁམས་ཆེན་མོའི་ནང་དུ་ཟབ་ཞུགས་བྱེད་པའི་བརྫད་པའི་དངོས་པོ་དེ་ཁོར་ཡུག་གི་ཐེག་ཚད་ལས་བརྒལ་ཏེ། འགྲོ་བ་མིའི་ཐོན་སྐྱེད་དང་། འཚོ་བ། ལུས་པོའི་བདེ་ཐང་སོགས་ལ་ཐད་ཀར་རམ་གཞན་བརྒྱུད་ནས་གནོད་པ་ཐེབས་པའི་སྣང་ཚུལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大气污染
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
རྫས་འགྱུར།
1 ​ངོ་སྤྲོད།

སྤྱི་ལོ1979ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་འགོ་ཁྲིད་ཀྱིས་འཁོར་སྐར་ལས་པར་རྒྱབ་པའི་འདྲ་པར་ལ་ལྟ་སྐབས། ཀྲུང་གོའི་བྱང་ཤར་གྱི་ལྕི་བའི་བཟོ་ལས་གྲོང་ཁྱེར་པེན་ཞི་མཐོང་རྒྱུ་མེད་པར་གྱུར། འཁོར་སྐར་གྱིས་དེ་པར་རྒྱག་མ་ཐུབ་པ་ནི་བརྫད་སྐྱོན་བཏང་བའི་རླུང་ཁམས་ཆེན་མོའི་དུ་སྨུག་གིས་བཏུམ་པའི་རྐྱེན་རེད། རླུང་ཁམས་ཆེན་མོར་བརྫད་སྐྱོན་བཏང་བ་ནི་རླུང་ཁམས་ཆེན་མོའི་ནང་དུ་ཟབ་ཞུགས་བྱེད་པའི་བརྫད་པའི་དངོས་པོ་དེ་ཁོར་ཡུག་གི་ཐེག་ཚད་ལས་བརྒལ་ཏེ། འགྲོ་བ་མིའི་ཐོན་སྐྱེད་དང་། འཚོ་བ། ལུས་པོའི་བདེ་ཐང་སོགས་ལ་ཐད་ཀར་རམ་གཞན་བརྒྱུད་ནས་གནོད་པ་ཐེབས་པའི་སྣང་ཚུལ་ཞིག་ཡིན།   

2 གནོད་སྐྱོན།

མི་རྣམས་ཀྱིས་དོ་སྣང་བྱ་ཡུལ་དུ་གྱུར་བའི་རླུང་ཁམས་ཆེན་མོའི་བརྫད་པའི་དངོས་པོ་ལ་རིགས1000ལྷག་ཡོད་དེ།  དེ་ལས་འགྲོ་བ་མིར་གནོད་འཚེ་ཆེས་ཆེ་བ་ནི་རྡོ་སོལ་གྱི་རྡུལ་དང་། དབྱང་གཉིས་ཐཱན་རྫས། ཏན་དབྱང་འགྱུར་རྫས། ཐཱན་དབྱང་འགྱུར་རྫས། ཐཱན་ཆིང་འདྲེས་འགྱུར་རྫས། ཧྥུལ་འགྱུར་རྫས།  ཨེམ་སོགས་ཡིན། བརྫད་པའི་དངོས་པོ་འདི་དག་གི་འབྱུང་ཁུངས་ནི་རིགས་གཉིས་སུ་དབྱེ་ཆོག་སྟེ། རང་བྱུང་གི་རླུང་ཁམས་ཆེན་མོ་བརྫད་སྐྱོན་གཏོང་བའི་ཡོང་ཁུངས་ཏེ།   དཔེར་ན།  མེ་རིའི་ཐལ་བ་དང་། དབྱང་གཉིས་ཟི་རྫས། ཟི་ཆིང་རྫས་བཅས་ཕྱིར་གཏོང་བའི་མེ་རི་གསོན་པོ་ལྟ་བུ་དང། རང་བྱུང་གིས་སོལ་རླུང་དང་རང་བྱུང་སོལ་རླུང་ཕྱིར་ཤོར་བའི་སོལ་ཞིང་དང་སྣུམ་ཞིང་ལྟ་བུ། ནགས་ཚལ་འབར་བ། སྲོག་ཆགས་དང་རྩི་ཤིང་གི་བེམ་རོ་སོགས་ལྟ་བུ་ཡིན། མིས་རླུང་ཁམས་ཆེན་མོར་བརྫད་སྐྱོན་གཏོང་བའི་ཡོང་ཁུངས་ནི། དཔེར་ན་སོལ་ཞིང་དང་སྣུམ་ཞིང་སྔོག་འདོན་བྱེད་པ་དང་། བཟོ་ལས་ཀྱི་མེ་ཐབ་སྣ་ཚོགས།  ཚ་སྣོན་ཐབ་ཀ  དམངས་སྤྱོད་ཐབ་ཀ  རླངས་འཁོར་དང་། གནམ་གྲུ།  གྲུ་གཟིངས་སོགས་ཡིན།  རླུང་ཁམས་ཆེན་མོར་བརྫད་སྐྱོན་གཏོང་ཁུངས་གཙོ་བོ་ནི་འགྲོ་བ་མིའི་ཐོན་སྐྱེད་དང་འཚོ་བའི་འགུལ་སྐྱོད་དང་། ལྷག་པར་དུ་བཟོ་ལས་ཐོན་སྐྱེད་དང་འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ཡིན།  རླུང་ཁམས་ཆེན་མོའི་ནང་གི་བརྫད་པའི་དངོས་པོ་དེ་གར་ཚད་ངེས་ཅན་ཞིག་ལ་ཐོན་ཚེ་རླུང་ཁམས་ཆེན་མོའི་རང་བཞིན་དང་ནམ་ཟླ་འགྱུར་བ་ཡིན། དཔེར་ན་དབྱང་གཉིས་ཐཱན་རྫས་དང་ས་རྡུལ་སོགས་མང་དྲགས་ཚེ་ས་ངོས་ཀྱི་དྲོད་ཚད་ཇེ་མཐོའམ་ཇེ་དམའ་རུ་གཏོང་ཞིང་། རིལ་རྡུལ་ཕྲ་མོས་མཐོང་ལམ་སྒྲིབ་པ་དང་ཆར་ཆུ་འབབ་ཚད་ཇེ་མང་དུ་གཏོང་། རླུང་ཁམས་ཆེན་མོ་བརྫད་སྐྱོན་བཏང་བ་ལས་བྱུང་བའི་སྐྱུར་ཆར་གྱིས་སྐྱེ་དངོས་དང་འཛུགས་སྐྲུན་སྣ་ཚོགས། དེ་མིན་ཀློག་འདོན་དང་འཕྲིན་སྐྱེལ་སྐུད་ལམ་སོགས་སྒྲིག་ཆས་ལ་གཏོར་བརླག་ཆེན་པོ་གཏོང་བར་བྱེད། 

མི་དར་མ་ཞིག་གིས་ཉིན་རེར་མཁའ་རླུང་སྟོང་ཁེ་སྟོང་ཕྲག་ཁ་ཤས་རྔུབ་དགོས་པས། བརྫད་སྐྱོན་བཏང་བའི་མཁའ་རླུང་ཁོག་ཏུ་རྔུབ་ན། དབང་རྩ་དང་།  འབྱིན་རྔུབ། སྙིང་རྩ་བཅས་མ་ལག་ལ་ནད་སློང་སྲིད་དེ། དཔེར་ན་ཚངས་ཐིག་ལ་ལི་སྨི0.5∽5བར་ཡོད་པའི་རྡུལ་ཕྲན་ཐད་ཀར་མིའི་གློ་ལྦུ་ཐོན་ནས་སྤུངས་གསོག་བྱེད་པ་དང་། ད་དུང་ཁྲག་བརྒྱུད་ནས་ལུས་ཡོངས་ལ་ཁྱབ་ཐུབ། ཁ་རླུང་ནང་གི་ལྕི་བའི་ལྕགས་རིགས་ཞ་དང་། ཁད། ཏི་ཚ། ཁིར། ཆུལ་སོགས་མིའི་ཁོག་ཏུ་ཞུགས་རྗེས། དལ་བའི་རང་བཞིན་གྱི་ནད་དང་སྐྲད་ནད་སློང་ལ། དུས་ཡུན་ཐུང་ཐུང་གི་ནང་དུ་བརྫད་པའི་དངོས་པོ་དེ་རླུང་ཁམས་ཆེན་མོའི་ནང་དུ་གར་ཚད་མཐུག་པོ་ཞིག་གསོག་ཐུབ་ཅིང་། དེའི་རྒན་འཁོགས་དང། ནད་པ། ཁྱེའུ་བཅས་ལ་གནོད་འཚེ་ཆེན་པོ་བཏང་ནས་འཆི་བར་འགྱུར། མི་རྣམས་ལ་གལ་ཏེ་དུས་ཡུན་རིང་བོའི་ནང་དུ་གར་ཚད་དམའ་བའི་རླུང་ཁམས་ཆེན་མོ་བརྫད་སྐྱོན་དངོས་པོའི་གར་ཚད་དམའ་མོ་ཞིག་གིས་གནོད་འཚེ་ཐེབས་ན། ལུས་སྟོབས་ཇེ་ཞན་དུ་གྱུར་ནས་རྒྱུན་ལྡན་གྱི་བྱ་བ་དང་། སློབ་སྦྱོང་། འཚོ་བ་བཅས་ལ་གནོད་སྐྱོན་གཏོང་བ་དང་། སྲོག་ཆགས་དང་རྩི་ཤིང་སོགས་ལའང་མི་དང་འདྲ་བར་རླུང་ཁམས་ཆེན་མོའི་བརྫད་སྐྱོན་གྱི་གནོད་འཚེ་ཐེབས་སྲིད།

3 སྣང་ཚུལ་གཞན།

རླུང་ཁམས་ཆེན་མོའི་བརྫད་སྐྱོན་ཁྲོད་དུ་ད་དུང་གཞན་དང་མི་མཚུངས་པའི་སྣང་ཚུལ་དེ། འོད་རྫས་འགྱུར་དུ་སྨུག་ཅེས་པ་ཞིག་ཡོད།  དེ་ནི་རླངས་འཁོར་དང་བཟོ་གྲྭ་སོགས་ཀྱིས་རླུང་ཁམས་ཆེན་མོའི་ནང་དུ་བཏང་བའི་ཐཱན་ཆིང་འདྲེས་འགྱུར་རྫས་དང་ཏན་དབྱང་འདྲེས་འགྱུར་རྫས་ཉི་འོད་འོག་ཏུ་འོད་རྫས་འགྱུར་འགྱུར་ལྡོག་བྱུང་ནས་གྲུབ་པའི་བརྫད་སྐྱོན་སྣང་ཚུལ་ཞིག་ཡིན། འོད་རྫས་འགྱུར་དུ་སྨུག་འབྱུང་སྐབས་དུ་སྨུག་འཐིབ་པ་དང་། རླུང་ཁམས་ཆེན་ནས་མཐོང་ཚད་ཇེ་དམའ་རུ་གཏོང་བ་ཡིན། དུ་སྨུག་ནང་གི་དཀུ་དབྱང་དང་། དབྱང་འདས་ཁ་ཤན་ཟེ་སྐྱུར་ཐེན(PAN) སིན་ཀ་པ་ཆོན། ཆོན་ཀ་པ། དབྱང་གཉིས་ཟི་རྫས།  ཟི་སྐྱུར། ཟི་སྐྱུར་ཚྭ་སོགས་ཀྱིས་མི་དང་སྲོག་ཆགས་ཀྱི་མིག་དང་འབྱར་སྐྱི་ལ་གནོད་སྐྱོན་གཏོང་བར་མ་ཟད། ད་དུང་མིར་མགོ་བོ་ན་ཞིང་། དབུགས་འབྱིན་རྔུབ་བྱེད་དཀའ་བ། གློ་བའི་ནུས་པ་རྒྱུན་ལྡན་མིན་པ་སོགས་སློང་སྲིད། རྩི་ཤིང་ལ་གནོད་སྐྱོན་ཐེབས་ན་ཤུན་པ་པྲ་ཚིལ་ལྟ་བུ་འགྱུར་ལ། ལོ་མའི་སྟེང་དུ་དམར་ཐིག་ཆགས། ནད་འབུས་གནོད་པ་གཏོང་བ་འགོག་པའི་ནུས་པ་ཞན་དུ་འགྱུར་ལ་འཚར་སྐྱེས་གེགས་རྐྱེན་ཐེབས་སྲིད། འོད་རྫས་འགྱུར་གྱི་དུ་སྨུག་ཚོད་འཛིན་བྱེད་པ་ནི་རླུང་ཁམས་ཆེན་མོའི་བརྫད་སྐྱོན་གཞན་དག་ཚོད་འཛིན་བྱེད་པ་དང་འདྲ་བར་ཆེས་གཙོ་བོ་ནི་རླངས་འཁོར་དང་བཟོ་གྲྭས་དུ་བ་སོགས་རླུང་ཁམས་ཆེན་མོའི་ནང་དུ་གཏོང་ཚད་ཇེ་ཉུང་དུ་གཏོང་རྒྱུ་དེ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-24

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།