དྲ་རྒྱའི་བསླུ་བྲིད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་རྒྱའི་བསླུ་བྲིད།
དྲ་རྒྱའི་བསླུ་བྲིད་ནི་རྒྱུན་དུ་དམིགས་ཡུལ་ཞིག་འགྲུབ་ཆེད་དྲ་རྒྱའི་ཐོག་ཐབས་སྣ་ཚོགས་ལ་བརྟེན་ནས་མི་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱེད་པའི་བསླུ་བྲིད་གཏོང་པའི་ཐབས་ལ་ཟེར། ཉེས་གསོག་གི་བྱ་སྤྱོད་དང་ལྷུ་ཚིགས་གཙོ་བོ་མཉམ་སྦྲེལ་དྲ་བ་བརྒྱུད་དེ་ཐོན་པ་ཡིན་ལ། དོན་དངོས་རྫུན་བཟོའམ་གནས་ཚུལ་ངོ་མ་སྦས་གསང་བྱ་ཐབས་ལ་བརྟེན་ནས་གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེ་ཙམ་ཁ་བསླུས་བརྒྱབ་པའི་བྱ་སྤྱོད་ལ་ཟེར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པར། གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེ་ཙམ་བསླུ་བྲིད་གཏོང་པའི་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ཡང་ན་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་གཅིག་པུར་གཅོད་རྒྱུ། གྲངས་འབོར་ཧ་ཅང་ཆེ་བའམ་ཡང་ན་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། གྲངས་འབོར་ལྷག་པར་ཆེ་བའམ་ཡང་ན་ཉེས་ཚབས་ལྷག་པར་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ་བཅུ་ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网络诈骗
ཕྱི་ཡིག་གི་མིང་།
Internet fraud
ཉེས་གསོག་གཙོ་བོ།
རང་བྱུང་མི།
ཉེས་གསོག་ཕལ་བ།
གཞུང་སྒེར་ནོར་དོན་གྱི་བདག་དབང་ཡོད་ཚད།
ཁྱད་ཆོས།
བར་སྟོང་རྟོག་བཟོ་ཅན་དང་བྱ་སྤྱོད་ཡིབ་སྐུང་ཅན་སོགས།
1 རྒྱུན་མཐོང་གི་རིགས།
1_1 བློ་འདྲིའི་ཆ་འཕྲིན་རྫུན་མ།

དྲ་ཐོག་གི་བློ་འདྲིའི་ཆ་འཕྲིན་རྫུན་མའི་ཤུགས་རྐྱེན་ཧ་ཅང་ཆེ་བའི་ལས་རིགས་ནི་དངུལ་འཛིན་ལས་རིགས་ཡིན། རྐང་དངུལ་འཛིན་ལོར་ཚོང་རར་ནག་ཚོགས་སམ་དངུལ་འཛིན་ཀུང་ཟིའི་ནང་ཁུལ་གྱི་མི་སྣས་དྲ་ཐོག་ནས་ཆ་འཕྲིན་རྫུན་མ་ཁྱབ་བསྒྲགས་བྱས་ནས་མ་རྐང་གི་རིན་གོང་ཧམ་སྤར་བྱས་པ་དང་། མགོ་སྐོར་ཐེབས་པའི་མ་དངུལ་འཇོག་མཁན་གྱིས་མ་རྐང་གི་རིན་གོང་ཡར་སྤར་རྗེས། མ་རྐང་འཛིན་ཤོག་ཕམ་ཚོང་བྱེད་མགོ་བརྩམས། དབྱིན་ཇིའི་རླུང་འཕྲིན་ཀུང་ཟིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ཧྥེ་བརྔོས་མ་འཚོང་བའི་ལས་སྒོ་གཉེར་མཁན་དབྱིན་ཇིའི་ཁོའོ་པོ་ཀེ་ཚོགས་པའི་མ་རྐང་འཛིན་ཤོག་གི་རིན་གོང་ཡུན་རིང་མ་སོང་གོང་ཧ་ཅང་ཆེན་པོ་འཕར་ཡོད། ཀུང་ཟི་དེས་བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། མིང་མ་བཀོད་པའི་མི་ཞིག་གིས་དྲ་ཐོག་ནས་ཀུང་ཟི་དེར་ཕྱོགས་སྒྱུར་བྱེད་སྲིད་པའི་གནས་ཚུལ་སྤེལ་བ་ལས་བྱུང་བ་ཞིག་རེད། ཁི་པོ་ཀེ་ཚོགས་པས་དེའི་ཆེད་དུ་གསལ་བསྒྲགས་སྤེལ་ནས་གསལ་འདོན་མི་བྱེད་ག་མེད་བྱུང་། གཞན་ཡང་དབྱིན་ཇིའི་ཀུང་ཟི་ཁག་གཅིག་གིས་དྲ་ཐོག་གི་གླེང་མོལ་ཁང་ནང་མ་འཇོག་བྱེད་མཁན་ཁག་གཅིག་གིས་ཆ་འཕྲིན་རྫུས་མ་མཁོ་འདོན་བྱས་ནས་མ་རྐང་འཛིན་ཤོག་གི་རིན་གོང་བཀོལ་སྤྱོད་བྱས་ཏེ་དེའི་ཁྲོད་ནས་ཁེ་བཟང་རག་ཐབས་བྱེད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་ཡོད།

བློ་འདྲིའི་ཆ་འཕྲིན་རྫུན་མ་ཁྱབ་བསྒྲགས་བྱེད་མཁན་ནི་དམིགས་ཡུལ་ངན་པ་གཉིས་ལས་མེད་པ་སྟེ། གཅིག་ནི་ཁེ་སྤོགས་ལེན་པ་དང་། གཅིག་ནི་ཐལ་དྲགས་པའི་ཀུ་རེ་ཡིན་མོད། འོན་ཀྱང་གནོད་འཚེ་ཕོག་མཁན་ལ་བཟོས་པའི་གྱོང་གུན་མི་ཉུང་བ་ཞིག་ཡིན་པས། དྲ་སྦྲེལ་ཁོར་ཡུག་ལ་བཟོས་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཡང་ཧ་ཅང་ཆེན་པོ་ཡོད། དྲ་དམངས་ཀྱིས་དྲ་ཐོག་གི་ཆ་འཕྲིན་ལ་ལྟ་སྟངས་མི་འདྲ་བ་འཛིན་དགོས་པ་ལས་ཚང་མ་བདེན་པ་ཡིན་པར་ངོས་འཛིན་བྱེད་མི་རུང་།

1_2 དྲ་ཐོག་ནས་ཧབ་འཚོང་བྱེད་པ།

དྲ་ཐོག་ནས་རིན་གོང་གང་མཐོར་འཚོང་བ་དང་དྲ་ཐོག་ནས་དངོས་པོ་ཉོ་བ་ནི་དྲ་ཐོག་ནས་འཛད་སྤྱོད་བྱེད་པའི་གླེང་ཆ་ཆེ་བ་ཞིག་ཡིན་པར་གདོན་མི་ཟ། དེ་དག་གིས་རྒྱ་ཆེའི་འཛད་སྤྱོད་པར་དངོས་ཟོག་ཉོ་རྒྱུར་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག་འབྲེལ་ཡོད་ཞུ་གཏུག་ཀྱང་མི་ཉུང་བ་ཞིག་བྱས་ཡོད། དེའི་ནང་ཆེས་རྒྱུན་མཐོང་གི་ཞུ་གཏུག་གནད་དོན་ནི་ཧབ་ཚོང་བརྒྱབ་ནས་དངུལ་སྤྲད་རྗེས་ཚོང་ཟོག་རྩ་བ་ནས་འབྱོར་མི་ཐུབ་པ་དང་། ཡང་ན་རང་ཉིད་ཀྱིས་དང་ཐོག་དྲ་ཐོག་ནས་མཐོང་བ་དང་གཏན་ནས་མི་འདྲ།

1_3 དྲ་ཐོག་ཞབས་ཞུ་དང་འབྲེལ་བ་ཡོད་པའི་གཡོ་ཐབས།

འཛད་སྤྱོད་པས་དྲ་ཐོག་བརྡ་ཁྱབ་ཁག་ཅིག་མཐོང་སྐབས་དྲ་ཚིགས་ག་གེ་མོར་རིན་མེད་ཐོ་འགོད་བྱས་ཚེ་དྲ་ཚིགས་དེས་རིན་མེད་དྲ་ཞུགས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད་ཅེས་བཤད། ཐོ་འགོད་བྱེད་དུས་དྲ་ཚིགས་ལ་ཁྱོད་ཀྱིས་ཡིད་རྟོན་བྱང་བུའི་ཆ་འཕྲིན་འདོན་སྤྲོད་བྱེད་དགོས། འོན་ཀྱང་ཁག་ཐེག་གཏན་ནས་བྱེད་མི་སྲིད། ཐོ་འགོད་བྱས་ཚར་རྗེས། ཁོ་ཚོས་ཁྱོད་ལ་དྲ་ཞུགས་ལ་མཁོ་བའི་མཉེན་ཆས་ཕབ་ལེན་བྱེད་དུ་འཇུག་ངེས། ཁྱོད་ཀྱིས་དྲ་འཇུག་ལ་བཀོལ་བ་ཡིན་ཟེར། མཉེན་ཆས་འདིའི་ནང་དུ་ནད་དུག་འདུས་ཡོད་པ་མི་ཤེས་པས་གལ་ཏེ་གློག་ཀླད་ནང་དུ་སྒྲིག་སྦྱོར་བྱས་རྗེས། དྲ་འཇུག་འཕྲུལ་ཆས་གནོན་ཐེངས་རེར་གློག་ཀླད་ཆག་ནས་དྲ་བར་ཞུགས་མི་ཐུབ། དེ་དང་ཆབས་ཅིག་ཁྱེད་ཀྱི་ཡིད་རྟོན་བྱང་བུ་མི་གཞན་གྱིས་ཐེངས་མང་པོར་བརྐུ་པ་དང་། དྲ་ཞུགས་ཞབས་ཞུ་འདོན་སྤྲོད་བྱེད་པ་ནི་རྫུན་མ་ཡིན། ཁྱོད་ཀྱི་ཡིད་རྟོན་བྱང་བུའི་ཆ་འཕྲིན་ལེན་པ་ནི་གཡོ་ཇུས་འདིའི་དམིགས་ཡུལ་ངོ་མ་ཡིན།

1_4 ཆ་འཕྲིན་དང་དར་མའི་ཞབས་ཞུའི་མགོ་སྐོར།

“དར་མའི་ནང་དོན”གྱི་དྲ་ཚིགས་སུ་རྟག་ཏུ་ཡོང་མཁན་མང་པོ་ཡོད། མི་ལ་ལས་དྲ་ཚིགས་འདི་དག་གི་སྟེང་ནས་འདྲ་པར་ཕབ་ལེན་བྱེད་བཞིན་ཡོད། མགོ་སྐོར་གཏོང་ཐབས་འགའ་ཞིག་ནི་འཛད་སྤྱོད་པ་དེ་རིགས་ལ་དམིགས་ནས་ཡོང་བ་ཞིག་ཡིན་པ་དང་རིན་མི་དགོས་པར“མི་དར་མའི་ནང་དོན”ཞེས་པའི་པར་ཕབ་ལེན་བྱ་རྒྱུ་དེ་སླུ་ཟས་སུ་བྱེད་ཀྱི་ཡོད་པས་མཐར་སྐུ་མགྲོན་གྱིས་པར་ཕབ་ལེན་བྱེད་པ་དང་ཆབས་ཅིག་ཨང་འབོད་མཉེན་ཆས་ཤིག་ཀྱང་ཕབ་ལེན་བྱས་ཡོད་པ་རེད། དེ་རྗེས་ཁོང་ཚོའི་གློག་ཀླད་ལ་ཨང་འབོད་མཉེན་ཆས་དེས་སུས་ཀྱང་གོ་མེད་ཚོར་མེད་ངང་རྒྱལ་སྤྱིའི་ཁ་པར་ཞིག་བརྒྱབ་པ་རེད། ཉོ་མཁན་ལ་ཁ་པར་གྱི་རྩིས་ཐོ་འབྱོར་བའི་སྐབས་སུ་ད་གཟོད་རང་ཉིད་ལ་མགོ་སྐོར་ཐེབས་པ་ཤེས།

1_5 གློག་ཀླད་མཉེན་ཆས་ཉོ་སྐབས་ཀྱི་མགོ་སྐོར།

དྲ་ཐོག་ནས་རིན་གོང་ཚོང་ཁང་གཞན་པ་ལས་སླ་བའི་གློག་ཀླད་མཉེན་ཆས་ཤིག་ཉོས། ཁྱོད་ཀྱིས་མཉེན་ཆས་ཕབ་ལེན་བྱེད་སྐབས། མགོ་སྐོར་གཏོང་མཁན་གྱིས་གློག་ཀླད་ཀྱི་ནད་དུག་དེ་མཉམ་དུ་ཁྱོད་ལ་ཕབ་ལེན་བྱས་ཏེ། ཁྱོད་ཀྱི་གློག་ཀླད་ནང་གི་ཆ་འཕྲིན་རྐུ་འཁྱེར་བྱས་རྗེས། ཡང་བསྐྱར་ཆ་འཕྲིན་འདི་དག་བེད་སྤྱད་ནས་དྲ་ཐོག་ཏུ་ནག་ཉེས་བཟོ་བཞིན་ཡོད།

1_6 ཁྱིམ་དུ་ལས་ཀ་གཉེར་པའི་འཆར་གཞི།

ཨ་རིའི་བུད་མེད་མང་པོ་ཞིག་གིས་རང་ཉིད་ཀྱིས་ཁྱིམ་ཚང་དང་ལས་དོན་ཁྲོད་དོ་མཉམ་ཞིག་ཡོང་ཆེད་ཁྱིམ་དུ་ལས་ཀ་བྱེད་པ་ནི་ཧ་ཅང་ཕུན་སུམ་ཚོགས་པའི་ཐག་གཅོད་བྱེད་ཐབས་ཤིག་རེད། ཡིན་ཡང་མགོ་སྐོར་གཏོང་མཁན་ཚོས་འདིརིགས་ལ་དམིགས་ནས་ཇུས་འགོད་ཞིབ་ཚགས་ཤིག་བྱས་ཡོད་པ་རེད། ཆེས་རྒྱུན་མཐོང་གི་རྣམ་པ་ནི་རྔོན་པའི་ཀུང་ཟིའིE-mailའབྱོར་བ་དེ་ཡིན། ཁྱོད་ལ་ཁྱིམ་དུ་ལས་ཀ་བྱེད་པའི་བྱ་བ་འཚོལ་རོགས་བྱེད་ཐུབ་པ་དེ་ཡིན། བྱ་བ་སླ་མོ་ཡིན་པ་མ་ཟད། གཟའ་འཁོར་རེར་ཨ་སྒོར༡༠༠༠ཡན་ལེན་ཐུབ། ཁོ་ཚོས་ཨ་སྒོར༡༠༠ཡས་མས་ཀྱི་རྒྱུ་ཆའི་རིན་པ་སྤྲད་ཁྱིམ་དུ་ལས་ཀ་སྣ་ཚོགས་འདེམས་ཆོག་པ་རེད། གལ་ཏེ་ཁྱོད་ཀྱིས་སྒོར་མོ་བསྐུར་རྗེས། བརྡ་འཕྲིན་ཅི་ཡང་མེད་དུས་ད་གཟོད་མགོ་སྐོར་གཏོང་བ་ངོས་ཟིན།

1_7 དངུལ་བུན་རེ་ཞུ་གྲོན་དངུལ།

དྲ་ཐོག་ནས་མི་ཞིག་གིས་སྐྱེད་ཀ་ཧ་ཅང་དམའ་བའི་ཁང་བ་དང་རླངས་འཁོར་གྱི་དངུལ་བུན་འདོན་སྤྲོད་བྱེད་པ་དང་། རེ་ཞུའི་ཆ་རྐྱེན་ཡང་ཧ་ཅང་ལྷོད་ཡངས་ཡིན། མཇུག་འབྲས་རེ་ཞུ་རིན་པ་བསྡུས་རྗེས་གནས་ཚུལ་ཅི་ཡང་མི་འདུག གཡོ་ཐབས་དེ་རིགས་ཀྱིས་སྐྱེད་ཀའི་ཚད་དམའ་བའི་དངུལ་བུན་དེ་སླུ་ཟས་སུ་བྱེད་པའི་དམིགས་ཡུལ་ནི་རེ་ཞུའི་གྲོན་དངུལ་གཡོ་ལེན་བྱེད་པའི་ཆེད་དུ་ཡིན།

1_8 ཡིད་རྟོན་བྱང་བུའི་རེ་ཞུ།

མི་ལ་ལས་ཡིད་རྟོན་ཟིན་ཐོ་མི་བཟང་བས་ཡིད་རྟོན་བྱང་བུ་རེ་ཞུ་བྱེད་དཀའ། གཡོ་ཐབས་དེ་རིགས་ནི་འཛད་སྤྱོད་པ་དེར་དམིགས་ནས་ཡོང་བ་ཞིག་ཡིན་ཞིང་། དེ་ནི་ཁོང་ཚོར“ཡིད་རྟོན་བརྟག་དཔྱད་བྱ་མི་དགོས་པའི”ཡིད་རྟོན་བྱང་བུ་མཁོ་འདོན་བྱས་པ་ཞིག་ཡིན་ཞིང་། རེ་འདུན་ཞུ་མཁན་གྱིས་རེ་ཞུའི་གྲོན་དངུལ་ཞིག་སྤྲད་ཚེ་ཁོང་ལ་ཡིད་རྟོན་བྱང་བུ་སྤྲོད་རྒྱུའི་འགན་ལེན་བྱས་པ་ཞིག་རེད། མཐར་རེ་འདུན་ཞུ་མཁན་གྱིས་རེ་ཞུའི་གྲོན་དངུལ་སྤྲད་རྗེས་ཡིད་རྟོན་བྱང་བུ་ལེན་མི་ཐུབ། འདི་ནི་ཡིད་རྟོན་བྱང་བུའི་རེ་ཞུའི་གྲོན་དངུལ་གཡོ་ལེན་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པའི་གཡོ་ཐབས་ཤིག་ཡིན།

གོང་གི་དཔེ་མཚོན་ལས་ང་ཚོས་མཐོང་ཐུབ་པ་ནི་དྲ་རྒྱའི་གཡོ་ཇུས་ཀྱི་རྣམ་པ་སྣ་མང་ཡིན་པ་དང་། མགོ་སྐོར་གཏོང་བའི་བྱེད་ཐབས་ཉིན་རེ་ལས་མ་འདས་པར་མང་དུ་ཕྱིན་ནས་མི་རྣམས་ལ་དོགས་ཟོན་ཆེན་པོ་བྱེད་ཀྱིན་ཡོད། འོ་ན། ཇི་ལྟར་བྱས་ན་རང་ཉིད་དྲ་རྒྱའི་གཡོ་ཇུས་ཀྱི་བློས་གཏོང་དངོས་པོར་མི་འགྱུར་བར་བྱེད་ཐུབ་ཟེར་ན། ཐོག་མར་དོགས་ཟོན་གྱི་འདུ་ཤེས་མཐོར་འདེགས་གཏོང་དགོས་པ་དང་། དེ་ནས་མི་སྒེར་གྱི་དོགས་ཟོན་རྒྱུན་འཁྱོངས་བྱེད་པ་དང་མཉམ་དུ། ད་དུང་དོགས་གཞི་ཅན་གྱི་བྱ་སྤྱོད་དག་འཛད་སྤྱོད་པའི་རྩ་འཛུགས་སམ་སྨྱན་གཟུགས་ལ་ཡར་ཞུ་བྱས་ཏེ། ཁོ་ཚོས་འབྲེལ་ཡོད་སྡེ་ཁག་ལ་གོམ་གང་མདུན་སྤོས་ཀྱིས་བརྟག་དཔྱད་བྱེད་པར་སྐུལ་འདེད་བྱས་ཏེ་འཛད་སྤྱོད་པ་སྔར་ལས་མང་བར་སྔོན་འགོག་བྱེད་དགོས།

ཀྲུང་གོ་རུ་སྤྱི་ལོ2016ལོ་ནས་སྤྱི་ལོ2018ལོའི་བར་མི་དམངས་ཁྲིམས་ཁང་གིས་དྲ་རྒྱའི་ཉེས་གསོག་གྱོད་གཞི་ཁྲི4.8ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། གྱོད་གཞིའི་གྲངས་འབོར་དང་དེ་བཞིན་ཉེས་དོན་གྱོད་གཞི་ཡོངས་ཀྱི་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ལོ་རེ་བཞིན་མཐོ་རུ་འགྲོ་བཞིན་ཡོད་པ་རེད། དེའི་ནང་སྤྱི་ལོ2018ལོར་དྲ་རྒྱའི་ཉེས་གསོག་གྱོད་གཞིའི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དེ་དུས་མཚུངས་ལས50.91%འཕར་ཡོད། མི་གསུམ་ཡན་གྱི་བྱས་ཉེས་མཉམ་བསགས་ཀྱི་གྱོད་གཞི་ལོ་རེ་བཞིན་མང་དུ་ཕྱིན་པ་དང་། ཆ་འཕྲིན་བརྒྱུད་གཏོང་། རྩིས་འཁོར་ཞབས་ཞུ། ཞུ་སྦྱོར་ཕྱི་མ་བ་བཅས་མང་ཤོས་ཡིན་པ་དེས37.21%བཟུང་ཡོད།           སྤྱི་ལོ2017ལོར་དྲ་རྒྱའི་ཁ་བསླུས་གྱོད་གཞི་དེས་ཁ་བསླུས་གྱོད་གཞི་ཧྲིལ་པོའི7.67%བཟུང་བ་དང་སྤྱི་ལོ2018ལོར་བསྡུར་གྲངས17.61%བཟུང་བའི་ནང་ཤར་ལྷོའི་མཚོ་རྒྱུད་ས་ཁུལ་གྱིས་དྲ་རྒྱ་ཡོ་བྱད་དུ་བྱས་ནས་ཁ་བསླུས་རྒྱག་པའི་གནས་ཚུལ་ཚབས་ཆེ་ཤོས་ཡིན་པ་རེད། སྤྱི་ལོ2018ལོར་སྐད་འཕྲིན་དེQQལས་བརྒལ་བ་དེ་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཁྲོད་སྤྱོད་མང་ཤོས་ཀྱི་ལག་ཆ་ཞིག་ཏུ་གྱུར་པ་དང་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཕྱེད་ཀ་ལྷག་ཙམ་ཁྲོད་སྐད་འཕྲིན་སྤྱད་ནས་ཁ་བསླུས་རྒྱག་པའི་གནས་ཚུལ་ཐོན་ཡོད་པ་རེད། ཞུ་སྦྱོར་ཕྱི་མ་བས་བུད་མེད་ལ་བརྫུས་པའམ་ཡང་ན་མགོ་སྐོར་གཏོང་བ་སོགས་ཀྱི་ཐོབ་ཐང་ལ་བརྫུས་ནས་ཁ་བསླུས་རྒྱག་པའི་གྱོད་གཞིའི་བསྡུར་ཚད31.52%ཟིན་པ་དང་གདན་ཞུ་བྱ་རྒྱུ་དེ་སླུ་ཟས་ལ་བརྩིས་ནས་ཁ་བསླུས་རྒྱག་པའི་གྱོད་གཞིའི་བཟུང་ཚད་སྤྱི་ལོ2018ལོར་ཆེས་ཆེར་འཕར་བ་དང་། 20%ཙམ་གྱི་དྲ་རྒྱའི་ཁ་བསླུས་གྱོད་གཞི་ནི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཐོབ་རྗེས་ཁ་བསླུས་བརྒྱབ་པ་རེད།

2 ཉེས་ཆད་ཚད་འབེབས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པར། གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེ་ཙམ་ཁ་བསླུས་བརྒྱབ་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་གཅིག་པུར་གཅོད་རྒྱུ། གྲངས་འབོར་ཧ་ཅང་ཆེ་བའམ་ཡང་ན་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། གྲངས་འབོར་ལྷག་པར་ཆེ་བའམ་ཡང་ན་ཉེས་ཚབས་ལྷག་པར་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ་བཅུ་ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་བཅས་ཡིན།

3 རྫུན་འགོག་ལག་རྩལ།

དྲ་སྦྲེལ་ཐོག་གི་ཁ་བསླུས་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ཀྱི་མདུན་དུ་བསླུ་བྲིད་ཀྱི་མཐིལ་ཇི་ལྟར་བརྟོལ་ནས་གཡོ་ཇུས་ལས་གཡོལ་ཐུབ་བམ་ཟེར་ན།  གཤམ་གྱི་བྱེད་ཐབས་འགའ་སྤྱད་དེ་མགོ་སྐོར་འོག་ཏུ་མི་ཚུད་པ་བྱ་དགོས།

(1)འཚོལ་བཤེར་མ་ལག་གིས་ཀུང་ཟི་འདི་དང་ཡང་ན་འཚོལ་བཤེར་ཞིག་བྱས་ཏེ། ཁ་པར་དང་ས་གནས། ལས་གཉེར་ལག་ཁྱེར་སོགས་ཀྱི་དཔང་ཡིག་བར་གྱི་ནང་དོན་དང་མཐུན་མིན་དྲ་ཚིགས་ཀྱི་བདེན་དངོས་རང་བཞིན་ལ་ཞིབ་དཔྱད་བྱ་དགོས། ཚད་ལྡན་དྲ་ཚིགས་ཀྱི་དྲ་ངོས་དང་པོ་ཚང་མར“ཕུབ་དམར”རི་མོ་དང“ICP”ཨང་རྟགས་ཡོད་པ་དང་ཡི་གེ་སྦྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་མངོན་གྱིན་ཡོད།

(2)དྲ་ཚིགས་ཐོག་ཀུང་ཟིའི་གཞུང་ལས་ས་གནས་གསལ་བཤད་བྱས་ཡོད་མེད་ལ་བལྟ་དགོས། གལ་ཏེ་ཡོད་ན། ཀུང་སི་དེའི་མི་དང་མཉམ་དུ་ས་གནས་དེར་ཡོད་ན་ཐད་ཀར་ཀུང་སིར་སོང་ནས་དངུལ་སྤྲད་ཆོག གལ་ཏེ་ཕྱོགས་ཅིག་ཤོས་ཀྱིས་ཅི་ཐབས་ཀྱིས་ཁ་གཡར་དུས་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།    

(3)དྲ་ཐོག་ནས་དངོས་པོ་ཉོ་སྐབས་ཆེས་བཟང་ན་དངོས་ཡོད་འཚོ་བའི་ཁྲོད་སྙན་གྲགས་བཟང་བའི་ཀུང་ཟིས་བཙུགས་པའི་དྲ་ཚིགས་སམ་ཡང་ན་མིང་གྲགས་ཅན་གྱི་ཡིད་རྟོན་ལམ་ལུགས་དང་བདེ་འཇགས་འགན་སྲུང་ཡོད་པའི་དངོས་པོ་ཉོ་དགོས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། རྫུན་འགོག་ལག་རྩལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-23

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།