ཡོམ་པང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡོམ་པང་།
ཡོམ་པང་ནི་རྩལ་རྩེད་ཀྱི་འཁྲབ་སྟོན་ཁྲོད་རྒྱུན་སྤྱོད་ཀྱི་དོ་མཉམ་འཁྲབ་ཆས་ཤིག་ཡིན། དེ་ནི་པང་ལེབ་མཐུག་པོ་ཞིག་དང་སྒོར་ཟོའི་མཉམ་སྡེབ་ཅིག་ཡིན་ལ། པང་ལེབ་དེ་སྒོར་ཟོའི་སྟེང་དུ་བཞག་ཡོད་ཅིང་། མི་རྣམས་དེའི་སྟེང་དུ་ལངས་ཐུབ། གང་ལགས་ཤེ་ན། སྒོར་ཟོ་འགྲིལ་གྱི་ཡོད་པས་སྟེང་དུ་ལངས་པའི་འཁྲབ་སྟོན་པས་ངེས་པར་དུ་དོ་མཉམ་གྱི་ཚོར་སྣང་ལེགས་པོ་ཞིག་ཡོད་ན་གཞི་ནས་རྒྱུན་འཁྱོངས་བྱེད་ཐུབ། རྩལ་རྩེད་པ་ལ་ལས་འོག་ཏུ་སྒོར་ཟོ་མང་པོ་བརྩེགས་པས་པང་ལེབ་གཡས་གཡོན་དུ་གཡོ་བ་མ་ཟད། སྔ་གཞུག་ཏུ་ཡང་ཁེར་རྐྱང་དུ་གཡོ་ཞིང་། འཁྲབ་སྟོན་ཧ་ཅང་དཀའ་བ་ཞིག་ཡིན། རིགས་སྣ་ཚོགས་ཀྱི་རྩལ་རྩེད་འཁྲབ་སྟོན་ཚང་མ་ཡོམ་པང་དང་ཟུང་འབྲེལ་བྱས་ཆོག དེའི་ནང་རྒྱུན་མཐོང་གི་དབྱུག་རྩལ་དང་། ཚོད་འཛིན་ལག་རྩལ། ལུས་སྦྱོང་དང་འཇམ་རྩལ་སོགས་ཚུད་ཡོད། ཡོམ་པང་ཀྱང་མཉམ་དུ་མི་མང་པོས་བཀོལ་ཆོག དཔེར་ན་འཁྲབ་སྟོན་པ་གཉིས་དུས་གཅིག་ཏུ་ཡོམ་པང་སྟེང་ལངས་ཏེ། ཁོ་ཚོའི་མཉམ་དུ་དོ་མཉམ་སྲུང་འཛིན་བྱེད་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
晃板
དབྱིན་ཡིག་གི་མིང་།
rola bolaཡང་ནteeter board
1 རྒྱུ་ཆ།

ཡོམ་པང་གི་སྒོར་ཟོ་ནིPVCའམ་ལྕགས་རིགས་ཀྱི་རྒྱུ་ཆ་ཡིན། དེའི་ནངPVCརྒྱུ་ཆ་ཅུང་འཇམ་ཞིང་། གལ་ཏེ་མཐུག་ཚད་མ་ལོངས་ན་དབྱིབས་འགྱུར་སྲིད། སྒོར་ཟོ་བཀོལ་བ་ལས་གཞན། དཔེར་ན་པའོ་ལེན་སྤོ་ལོ་ལྟ་བུའི་སྤོ་ལོ་ཆེན་པོས་སྒོར་ཟོ་ཡི་ཚབ་བྱས་ཆོག ཡོམ་པང་ནི་སྤྱིར་བཏང་དུ་ཤིང་གིས་བཟོས་པ་ཡིན། སྐབས་ལ་ལར་ཤིང་ལེབ་དང་མཉམ་དུ་ཟོ་བའི་སྟེང་བརྡར་ཤུགས་ཇེ་དྲག་ཏུ་གཏོང་བའི་སྤྱིན་ཐག་འགའ་སྦྱར་བ་དང་། ཡོམ་པང་གི་ཞབས་སུ་སྐབས་འགར་གཞོགས་གཉིས་སུ་ཤིང་ལེབ་འཇོག་སྲིད། འདི་ལྟར་བྱས་ན་སྒོར་ཟོའི་སྟེང་ནས་མར་ལྷུང་མི་སྲིད། ཐོག་མའི་སློབ་མཁན་གྱི་ངོས་ནས་བཤད་ན་ཅུང་བདེ་འཇགས་ཡིན།

2 དོ་སྣང་བྱ་དགོས་པའི་དོན་དག

ཐོག་མར་སློབ་མཁན་གྱིས་ཡོམ་པང་སློབ་སྦྱོང་བྱེད་སྐབས། དངོས་པོའི་འདེགས་སྐྱོར་ཡོད་ན་བཟང་། དེ་ནི་གནོད་འཚེ་མི་ཕོག་པའི་ཆེད་དུ་ཡིན། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྩལ་རྩེད། དོ་མཉམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-19

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།