དྲ་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་གནས།
དྲ་གནས་ནི་རྒྱུན་པར་དྲ་ངོས་ཀྱི་ས་གནས་ལ་ཟེར། ཁེ་ལས་དང་བྱ་གཞག་ཚན་པའམ་ཡང་ན་མི་སྒེར་གྱིས་ལག་རྩལ་ཐག་གཅོད་བྱས་པ་བརྒྱུད་ཆ་འཕྲིན་ཁག་ཅིག་ཤོག་ངོས་རེ་རེ་བཞིན་ཉར་ཚགས་བྱེད་ཀྱིན་ཡོད་པ་དང་། ཤོག་ངོས་ཚང་མར་དེ་མཚུངས་ཀྱི་ས་གནས་ཤིག་ཡོད་པ་དེ་དག་སྤྱོད་མཁན་གཞན་གྱིས་འདྲི་རྩད་བྱས་ནས་ཆ་འཕྲིན་དཔྱད་ཡིག་ཐོབ་ཐབས་བྱེད་ཀྱིན་ཡོད། དེ་ལྟ་བུའི་ས་གནས་ལ་དྲ་གནས་ཞེས་བརྗོད་ཀྱིན་ཡོད། གལ་ཏེ་རྩིས་འཁོར་གཅིག་གིས་དྲ་ཐོག་ནས་རྩིས་འཁོར་གཞན་ཞིག་ལ་བཅར་འདྲི་བྱེད་ན། ངེས་པར་དུ་ཕ་རོལ་བོའི་དྲ་གནས་ཤེས་དགོས། འདིར་བཤད་པའི་དྲ་གནས་ནི་དོན་དངོས་ཐོག་ནང་དོན་གཉིས་ཏེIPགནས་ཡུལ་དང་ཁོངས་མིང་གནས་ཡུལ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网址
ཕྱི་ཡིག་གི་མིང་།
website address
གྲུབ་ཆ།
IPགནས་ཡུལ་དང་ཁོངས་མིང་གི་ས་གནས།
ཁོངས་མིང་གདམ་གསེས།
xyz、cn、com、net、edu
1 མཚན་ཉིད། 

རྩིས་འཁོར་ནི་ཨང་ཀིའི་འཇིག་རྟེན་ཞིག་ཡིན་ལ། ཆ་འཕྲིན་གང་རུང་རྩིས་འཁོར་ཁྲོད་ནས་གྲངས་ཀ་ཅན་གྱི་རྣམ་པའི་མཚོན་ཡོད། མིའི་མིང་རྩིས་འཁོར་ནང་དུ་མཚོན་ནའང་དེར་མཐུན་གྱི་ཨང་ཀིའི་ཚབ་རྟགས་དང་ལྟོས་ཟླ་ཡོད། དྲ་རྒྱའི་འཇིག་རྟེན་དུ་ཁ་པར་གཏོང་ན་ངེས་པར་དུ་ཕ་རོལ་གྱི་ཁ་པར་ཨང་གྲངས་ཤེས་དགོས་པ་དང་། ཨང་གྲངས་འདི་ཡང་ངེས་པར་དུ་གཅིག་པུ་དང་གཅིག་མཚུངས་ཡིན་དགོས། རྒྱུན་པར་ས་གནས་འདི་བཅུ་ཡི་གྲངས་ཀྱིས་མཚོན་པ་དང་བར་དུ་སིལ་གྲངས་ཚེག་གིས་བཅད་དེ་ས་གནས་དངIPནིInternetProtocol(དྲ་སྦྲེལ་གྲོས་མཐུན)བཅས་ཀྱི་བསྡུས་འབྲི་ཡིན། འོན་ཀྱང་། མིའི་ངོས་ནས་བརྗོད་ན། གྲངས་ཀས་མཚོན་པའི་རྩིས་འཁོར་གྱི་དྲ་གནས་ནི་དྲན་ཤེས་དཀའ་བ་ཞིག་རེད། གནད་དོན་འདི་ཐག་གཅོད་བྱེད་ཆེད་མིས་རྟོགས་མཁས་པའི་མིང་གིས་རྩིས་འཁོར་མཚོན་གྱི་ཡོད། དྲ་ཐོག་རྩིས་འཁོར་གྱི་མཚོན་རྟགས་ཁོ་ནར་ཁག་ཐེག་བྱེད་ཆེད། ཇུས་གཞི་ཞིག་ལ་གཅིག་བསྡུས་ཀྱིས་མིང་འདོགས་པ་དང་དོ་དམ་བྱེད་ཐབས་སྤྱད་ཆོག དེའི་སྟབས་ཀྱིས་མིང་འདོགས་པའི་ནང་རྐྱེན་ཆ་ཚང་ཞིག་གཏན་འབེབས་བྱས་ཡོད། ཁོངས་མིང་མ་ལག་གི་མིང་བཏགས་པའི་དྲ་གནས་ནི་ཁོངས་མིང་གནས་ཡུལ་ཡིན། ཁོངས་མིང་ས་གནས་རིམ་འགྱུར་གྱིས་མཚོན་པ་ནི། ཀྲུང་གོ་ནིcnདང་། ཨ་རི་ནིusཡིན། ཆེས་གཡོན་ཕྱོགས་ནི་ཞབས་ཞུ་ཆས་ཀྱི་རིགས་ཡིན། wwwཡི་མཚོན་བྱེད་ནི་རྩིས་འཁོར་འདིWebཅན་གྱི་ཞབས་ཞུ་ཆས་ཤིག་ཡིན་པར་ཤེས།  

2 སྤྱོད་སྒོ། 

དྲ་གནས་ལ་རྒྱུས་ལོན་བྱེད་པ་ནི་དྲ་རྒྱའི་སྤྱོད་མཁན་གྱིས་དྲ་འཇུག་བྱེད་པའི་རྨང་གཞི་ཡིན་པ་དང་། དངོས་སུ་བཀོལ་སྤྱོད་བྱེད་པའིIPས་གནས་དང་ཁོངས་མིང་གི་ས་གནས་ཚང་མ་མི་རྣམས་ཀྱིས་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད། 

3 རིགས་འབྱེད་པ། 

དྲ་གནས་ནི་རྒྱུན་པར་དྲ་ངོས་ཀྱི་ས་གནས་ལ་ཟེར། Internetདྲ་ཚིགས་ནི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། དྲ་རྒྱའི་ཆ་འཕྲིན་ལ་ལྟ་བ་དང་དྲ་རྒྱའི་ཉེར་སྤྱོད་མཉེན་ཆས་འཁོར་སྐྱོད་བྱེད་པར་ངེས་པར་དུInternetདྲ་ཚིགས་ནང་འཇུག་བྱེད་དགོས། Internetདྲ་ཚིགས་ནི་ཉེར་སྤྱོད་ནང་དོན་མི་འདྲ་བ་དང་བསྟུན་ནས་མི་འདྲ་བ་དང་། ཞབས་ཞུའི་ཆས་ལIPས་གནས་སམ་ཁོངས་མིང་བཀོལ་སྤྱོད་བྱེད་པ། གློག་རྡུལ་སྦྲག་རྫས་གཏོང་ལེན་བྱེད་པར་གློག་རྡུལ་སྦྲག་རྫས་ཀྱི་གནས་ཡུལ་སྤྱོད་དགོས། དྲ་རྒྱའི་ཁྲོད་ཀྱི་ཡིག་ཆ་ལ་འཚམས་འདྲི་བྱེད་སྐབས་ཡིག་ཆའི་ས་གནས་བཀོལ་དགོས།

4 IPས་གནས།

Internetཡི་ཁྲོད་དུ་རྙོག་འཛིང་ཆེ་བའི་དྲ་རྒྱ་མང་པོ་དང་རིགས་མི་འདྲ་བའི་རྩིས་འཁོར་མང་པོ་ཞིག་གིས་དེ་དག་སྦྲེལ་ནས་ཕན་ཚུན་ལ་འཕྲིན་གཏོང་བྱེད་ཐུབ། TCP/IPགྲོས་མཐུན་ལ་བརྟེན་པ་ཡིན། གྲོས་མཐུན་འདི་ལྟར་ནInternetསྟེང་གི་རྩིས་འཁོར་རེ་རེ་ལ་ངེས་པར་དུ་ས་གནས་མཚོན་རྟགས་ཞིག་ཡོད་དགོས། ས་གནས་ནི་གྲངས་ཀ་བརྒྱུད་ནས་རྩིས་འཁོར་ཞིག་གིInternetཡི་ཁྲོད་ཀྱི་ས་གནས་མཚོན། ས་གནས་ལ་གཅིག་ཉིད་རང་བཞིན་ལྡན་པ་སྟེ། Internetསྟེང་གི་རྩིས་འཁོར་མི་འདྲ་བར་འདྲ་མཚུངས་ཀྱི་ས་གནས་ཡོད་མི་རུང་། ས་གནས་ཀྱི་ཐོན་ཁུངས་ལ་ཚད་ཡོད་པས་སྤྱིར་བཏང་དུ་དམིགས་བསལ་གྱི་ཞབས་ཞུ་ཆས་ལ་མ་གཏོགས་གཏན་འཇགས་ཀྱི་ས་གནས་མེད། 

5 IPས་གནས་ཀྱི་སྐྱོན་ཆ། 

གྲངས་ཀའི་རྣམ་པའི་ས་གནས་ནི་སྤྱོད་མཁན་གྱི་དྲན་ཤེས་དང་བཀོལ་སྤྱོད་ལ་སྟབས་མི་བདེ་བ་མ་ཟད། ས་གནས་དེའི་སྟེང་ནས་ས་གནས་དེའི་རྩ་འཛུགས་ཀྱི་མིང་དང་ངོ་བོ་མཐོང་མི་ཐུབ་ལ། ཀུང་ཟིའམ་རྩ་འཛུགས་ཀྱི་མིང་ངམ་ཡང་ན་རྩ་འཛུགས་ཀྱི་རིགས་ལ་གཞིགས་ནས་ས་གནས་གཏན་ཁེལ་བྱེད་མི་ཐུབ།

དྲ་རྒྱའི་མ་ལག་གིས་དོན་དངོས་སུ་ས་གནས་ཁོ་ན་ངོས་འཛིན་བྱེད་པ་དང་། ཁོངས་མིང་ནང་འཇུག་བྱེད་སྐབས། དྲ་རྒྱའི་ནང་གི་ཁོངས་མིང་མ་ལག་གིས་ཁོངས་མིང་དེ་ལྟོས་ཟླའི་གནས་ཡུལ་དུ་བསྒྱུར་ཚེ། ད་གཟོད་ས་གནས་ལྟར་གཙོ་གནས་རྙེད་ཐུབ་པ་དང་འབྲེལ་བཅར་འདྲི་མངོན་འགྱུར་བྱེད་ཐུབ། ས་གནས་ནི་དྲ་རྒྱའི་ནང་གི་རྩིས་འཁོར་རེ་རེའི་གནས་ཡུལ་གྱི་སྒོ་རྟགས་ཨང་གྲངས་དང་འདྲ་སྟེ། དཔེར་ན་སྲང་ལམ་ནང་གི་འཛུགས་སྐྲུན་དངོས་པོ་རེ་རེར་སྒོ་བྱང་གི་ས་གནས་གཅིག་པུ་ཡོད་པ་ནི་གནས་ལུགས་ཤིག་ཡིན། ཁོངས་མིང་ནི་བཟོ་བཀོད་ཀྱི་མིང་དང་འདྲ་ལ། སྲང་ལམ་ནང་གི་འཛུགས་སྐྲུན་དངོས་པོ་ཚང་མར་སྒོ་རྟགས་ཀྱི་ཨང་གྲངས་ཡོད་མོད། འོན་ཀྱང་ཚང་མར་མིང་འདོགས་མི་འོས། དྲ་རྒྱའི་ནང་གི་རྩིས་འཁོར་རེ་རེར་ས་གནས་གཅིག་པུ་དེ་ཡོད་ལ་འོན་ཀྱང་ཚང་མར་ཁོངས་མིང་ཞིག་ཡོད་པའི་ངེས་པ་མེད།

6 ཁོངས་མིང་།

ས་གནས་ལ་སྟབས་བདེ་མིན་པའི་དྲན་ཤེས་ཡོད་པ་མ་ཟད། ས་གནས་རྩ་འཛུགས་ཀྱི་མིང་དང་ངོ་བོ་སོགས་ཀྱི་སྐྱོན་ཆ་ཡོད་པས། མི་རྣམས་ཀྱིས་ཚེག་གིས་བགོས་པའི་མིང་ཕྲེང་གཅིག་གིས་གྲུབ་པའིInternetསྟེང་གི་རྩིས་འཁོར་ཞིག་གམ་རྩིས་འཁོར་ཚོ་ཆུང་ཞིག་གི་མིང་ཇུས་འགོད་བྱས་ཡོད་པ་དེ་ནི་ཁོངས་མིང་ཡིན།

དྲ་གནས་ནི་མིང་ཚིག་གཉིས་སམ་གཉིས་ཡན་གྱིས་གྲུབ་པ་དང་། བར་དུ་ཚེག་རྟགས་ཀྱིས་དབྱེ་ཡོད་ལ་གཡས་ཕྱོགས་ཀྱི་མིང་ཚིག་དེ་ལ་རིམ་པ་མཐོ་ཤོས་ཀྱི་ཁོངས་མིང་ཟེར། གཤམ་ནི་རྒྱུན་མཐོང་གི་རྩེ་རིམ་ཁོངས་མིང་འགའ་དང་དེའི་བཀོལ་སྟངས་ཏེ། COMནི་ཚོང་ལས་སྒྲིག་གཞིར་བཀོལ་བ་ཡིན། དེ་ནི་ཆེས་རྒྱུན་མཐོང་གི་རྩེ་རིམ་ཁོངས་མིང་ཡིན། སུས་ཀྱང་ཐོ་འགོད་བྱས་ཆོག COMརྣམ་པའི་ཁོངས་མིང་།  NETནི་ཐོག་མར་དྲ་རྒྱའི་རྩ་འཛུགས་ལ་སྤྱོད་པ་དང་། དཔེར་ན་ཞབས་ཞུ་ཚོང་པ་དང་ཉམས་གསོ། དེང་སྐབས་མི་སུ་དང་སུ་ཞིག་ཡིན་རུང་ཐོ་འགོད་བྱས་ཆོག   ORGནི་རྩ་འཛུགས་སྣ་ཚོགས་ཀྱི་ཁེ་ཕན་མིན་པའི་རྩ་འཛུགས་ཀྱི་ཆེད་དུ་གཏན་འཁེལ་བྱས་པ་ཡིན། དེང་སྐབས་མི་སུ་ཞིག་ཡིན་རུང་ཐོ་འགོད་བྱས་ཆོག

7 རྩེ་རིམ་ཁོངས་མིང་ཡང་རིགས་གཉིས་སུ་དབྱེ་ཡོད་དེ། 

གཅིག་ནི་རྒྱལ་ཁབ་ཀྱི་རིམ་པ་མཐོ་ཤོས་ཀྱི་ཁོངས་མི(nationaltop-yveldoainnamesཞེས་པའི་བསྡུས་མིང་ལnTLDsཟེར་བ་ཡིན)དང་། རྒྱལ་ཁབ200ལྷག་གིས་རྒྱལ་ཁབ་ཀྱི་ཚབ་རྟགས་ལྟར་རིམ་མཐོའི་ཁོངས་མིང་བགོ་བཤའ་བརྒྱབ་པ་སྟེ། དཔེར་ན་ཀྲུང་གོ་ནིcnདང་། ཨ་རི་ནིusའཇར་པན་ནིjpསོགས་ཡིན། 

གཉིས་ནི་རྒྱལ་སྤྱིའི་རྩེར་སོན་ཁོངས་མི(internationaltop-veldvainnamesཞེས་པའི་བསྡུས་མིང་ལiTDsཟེར། དཔེར་ན་བཟོ་ཚོང་ཁེ་ལས་ཀྱི་རེད། Comཡིས་དྲ་རྒྱའི་མཁོ་འདོན་ཚོང་བ་མཚོན། netཡིས་ཁེ་སྤོགས་མིན་པའི་རྩ་འཛུགས་མཚོན་པ་རེད། orgསོགས། ཁོངས་མིང་གི་རྩོད་གཞི་མང་ཆེ་བcomཡི་རྩེ་རིམ་ཁོངས་མིང་གི་འོག་ཏུ་བྱུང་། རྒྱུ་མཚན་ནི་ཀུང་ཟི་མང་ཆེ་བའི་དྲ་འཇུག་གི་དམིགས་ཡུལ་ནི་ཁེ་ཕན་གྱི་ཆེད་དུ་ཡིན། ཁོངས་མིང་དོ་དམ་ལ་ཤུགས་སྣོན་དང་ཁོངས་མིང་ཐོན་ཁུངས་ཀྱི་ཛ་དྲག་ཐག་གཅོད་བྱ་ཆེད། Internetམཐུན་ཚོགས་དངInternetདབྱེ་གནས་ལས་ཁུངས་དང་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས(WuO)སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་རྒྱ་ཁྱབ་ཏུ་གྲོས་མོལ་བྱས། སྔོན་གྱི་རྒྱལ་སྤྱིའི་སྤྱི་སྤྱོད་རྩེ་རིམ་ཁོངས་མིང། (com)གསུམ་གྱི་རྨང་གཞིའི་སྟེང་། རྒྱལ་སྤྱིའི་སྤྱི་སྤྱོད་རྩེ་རིམ་ཁོངས་མི7གསར་སྣོན་བྱས་པ་སྟེ། firm(ཀུང་ཟིའི་ཁེ་ལས)དང་། store(ཕྱིར་འཚོང་ཀུང་ཟིའམ་ཁེ་ལས) Web(WWWའབུར་ཐོན་བྱ་འགུལ་གྱི་ལས་ཁུངས) arts(འབུར་ཐོན་རིག་གནས་དང་མངོན་གསལ་དོད་པའི་ལས་ཁུངས) rec(མངོན་གསལ་དོད་པའི་ལས་ཁུངས) info(ཆ་འཕྲིན་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལས་ཁུངསnom)བཅས་ཡིན། འཛམ་གླིང་གི་ཁྱབ་ཁོངས་སུ་ཐོ་འགོད་ལས་ཁུངས་གསར་པ་བདམས་ནས་ཁོངས་མིང་ཐོ་འགོད་རེ་ཞུ་བདག་སྤྲོད་བྱ་དགོས། ཁོངས་མིང་ནི་སྤྱིར་བཏང་དུ་གོ་བདེ་ཞིང་གོ་སླ་བའི་བསྡུས་འབྲི་ཡི་གེའི་ཐོག་ནས་མཚོན་པ་དང་དུས་མཚུངས་སུ་ཐད་ཀར་རིམ་པ་ཅན་གྱི་དོ་དམ་བྱེད་ཐབས་མངོན་གྱི་ཡོད། 

7_1 དེའི་རྣམ་གཞག་གཤམ་གསལ། 

www.〈  མིང 〉    〈 རིམ་པ་གཉིས་པའི་ཁོངས་མིང 〉    〈 རིམ་པ་དང་པོའི་ཁོངས་མིང 〉

7_1_1 རིམ་པ་གཉིས་པའི་ཁོངས་མིང་། 

རིམ་པ་གཉིས་པའི་ཁོངས་མིང་ནི་རྩེ་རིམ་ཁོངས་མིང་འོག་གི་ཁོངས་མིང་ལ་ཟེར་བ་དང་། རྒྱལ་སྤྱིའི་རྩེ་རིམ་ཁོངས་མིང་འོག་དེ་ནི་ཁོངས་མིང་ཐོ་འགོད་མཁན་གྱི་དྲ་ཐོག་མིང་སྟེ། དཔེར་ནibmདང་། yahoomicrosoftསོགས་ཡིན། རྒྱལ་ཁབ་ཀྱི་རྩེར་སོན་ཁོངས་མིང་འོག་དེ་ནི་ཐོ་འགོད་ཁེ་ལས་རིགས་ཀྱི་མཚོན་རྟགས་ཡིན་པ་དཔེར་ན། comདང་། edugovnetསོགས་ཡིན། 

ཀྲུང་གོས་རྒྱལ་སྤྱིའི་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས(InterNIC)སུ་དངོས་སུ་ཐོ་འགོད་དང་འཁོར་སྐྱོད་བྱས་པའི་རྩེར་སོན་ཁོངས་མིང་ནིCNཡིན་ལ་ཀྲུང་གོའི་རིམ་པ་དང་པོའི་ཁོངས་མིང་ཡང་ཡིན། རིམ་པ་མཐོ་ཤོས་ཀྱི་ཁོངས་མིང་འོག་ཀྲུང་གོའི་རིམ་པ་གཉིས་པའི་ཁོངས་མིང་དེ་རིགས་ཁོངས་མིང་དང་སྲིད་འཛིན་ས་ཁོངས་ཀྱི་མིང་གཉིས་སུ་དབྱེ་ཡོད། རིགས་དབྱིབས་ཀྱི་ཁོངས་མིང6ཡོད་པ་དེའི་ནང་ཚན་ཞིབ་སྒྲིག་གཞིར་སྤྱོད་པའིacདང་། བཟོ་ཚོང་དངུལ་རྩའི་ཁེ་ལས་ཀྱིcom སློབ་གསོའི་སྒྲིག་གཞིའིeduལ་སྤྱོད་པ་དང་། སྲིད་གཞུང་སྡེ་ཁག་ལ་སྤྱོད་པའིgovདང་། དྲ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་དང་འཁོར་སྐྱོད་ལྟེ་གནས་ལ་སྤྱོད་པའི་netདང་། ཁེ་ཕན་མིན་པའི་རྩ་འཛུགས་ལ་བཀོལ་བའི་org། སྲིད་འཛིན་ས་ཁོངས34ཡོད་པ་དེ་ཀྲུང་གོའི་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་ཁག་བཅས་སོ་སོར་ཁ་གཏད་ཡོད། 

7_1_2 རིམ་པ་གསུམ་པའི་ཁོངས་མིང་། 

རིམ་པ་གསུམ་པའི་ཁོངས་མིང་ནི་གསལ་བྱེད(A~Zདངa~zཡིག་འབྲི་ཆེ་ཆུང་སོགས)དང་། ཨང་ཀི(0~9)བཅས་ཀྱིས་གྲུབ་པ་དང་། རིམ་པ་སོ་སོའི་ཁོངས་མིང་གི་བར་དུ་ཚེག་དངོས་བཀོལ་བ་ཡིན)སྦྲེལ་མཐུད་ཀྱི་རིམ་པ་གསུམ་པའི་ཁོངས་མིང་གི་རིང་ཚད་དེ་ཡིག་རྟགས20ལས་བརྒལ་མི་རུང་། གལ་ཏེ་དམིགས་བསལ་གྱི་རྒྱུ་རྐྱེན་མེད་ན། རེ་འདུན་ཞུ་མཁན་གྱི་དབྱིན་ཡིག་གི་མིང(ཡང་ན་བསྡུས་འབྲི)དང་ཡང་ན་རྒྱ་ཡིག་གི་སྒྲ་སྦྱོར་མིང(ཡང་ན་བསྡུས་འབྲི་)བཀོལ་ནས་རིམ་པ་གསུམ་པའི་ཁོངས་མིང་བྱས་ཏེ། ཁོངས་མིང་གི་ཁ་གསལ་རང་བཞིན་དང་སྟབས་བདེ་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། 

8 འཕེལ་རྒྱས་ཀྱི་ལོ་རྒྱུས། 

སྤྱི་ལོ1985ལོརSymbolicsཀུང་ཟིས་ཐོ་འགོད་ཐེངས་དང་པོ་བྱས། comཁོངས་མིང་། སྐབས་དེར་ཁོངས་མིང་ཐོ་འགོད་བྱས་ནས་དར་རྒྱས་བྱུང་མ་ཐག་རེ་འདུན་ཞུ་མཁན་ཧ་ཅང་ཉུང་།

སྤྱི་ལོ1993ལོརInternetསྟེངWWWཡི་གྲོས་མཐུན་བྱུང་བ་དང་། ཁོངས་མིང་རིམ་བཞིན་དར་འགོ་བརྩམ་པ་རེད།  

སྤྱི་ལོ1993ལོརNoworkSolutions(NSI)ཀུང་སི་དང་ཨ་རིའི་སྲིད་གཞུང་གིས་ལོ5རིང་གི་གན་རྒྱ་བཞག་ནས COM ORG NETབཅས་རྒྱལ་སྤྱིའི་རྩེ་རིམ་ཁོངས་མིང་ཐོ་འགོད་དབང་ཆ་གསུམ་གྱི་ལས་ཚབ་བྱས། སྐབས་དེའི་ཁོངས་མིང་ཁྱོན་བསྡོམས7000ཡས་མས་ཡིན། 

9 ཁོངས་མིང་ཐོ་འགོད་སྙན་སེང་། 

1.དྲ་ཚིགས་ཡོད་པའི་ཁོངས་མིང་ལ་དམིགས་དགོས། (དྲ་ཚིགས་མེད་པའི་ཁོངས་མིང་ཐོ་འགོད་སྙན་སེང་ཞུ་མི་དགོས)

2.རྒྱལ་ཁབ་ཀྱི་ཆ་འཕྲིན་ཐོན་ལས་པུའུ་ལ་དྲ་ཚིགས་ཕུལ་བའི་འབྲེལ་ཡོད་ཆ་འཕྲིན་ལ་ཟེར། 

ཁོངས་མིང་ཐོ་འགོད་སྙན་སེང་གི་དམིགས་ཡུལ་ནི་དྲ་ཐོག་ཏུ་ཁྲིམས་འགལ་གྱི་དྲ་ཚིགས་གཉེར་སྐྱོང་བྱེད་སྒོ་སྤེལ་བར་སྔོན་འགོག་དང་། དྲ་སྦྲེལ་མི་ལེགས་པའི་ཆ་འཕྲིན་ཁྱབ་སྤེལ་བྱེད་པར་རྡུང་རྡེག་གཏོང་ཆེད་ཡིན། གལ་ཏེ་དྲ་ཚིགས་ཐོ་འགོད་མ་བྱས་ན། ཞིབ་བཤེར་ཐག་གཅོད་བྱས་རྗེས་སྒོ་རྒྱག་སྲིད། ཁོངས་མིང་ཐོ་འགོད་རེ་ཞུ་ལེགས་གྲུབ་བྱུང་རྗེས་རང་འགུལ་གྱིས་ཁོངས་མིང་ཐོ་འགོད་བྱེད་པ་དང་། ཁོངས་མིང་ཐོ་འགོད་ཞིབ་བཤེར་གཏན་འབེབས་བྱེད་པའི་དུས་ཚོད་ནི་སྤྱིར་བཏང་དུ་ལས་ཀའི་ཉིན་གྲངས7ཡས་མས་ཡིན། ཞིབ་བཤེར་ལེགས་འགྲུབ་བྱུང་རྗེས་རྒྱུན་ལྡན་གྱི་འཚམས་འདྲི་བྱས་ཆོག། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆ་འཕྲིན་ཐོན་ལས་པུའི་པུའུ་དོན་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གཉེར་སྐྱོང་རང་བཞིན་མིན་པའི་དྲ་སྦྲེལ་ཆ་འཕྲིན་ཞབས་ཞུའི་ཐོ་འགོད་སྙན་སེང་དོ་དམ་བྱ་ཐབས》ཀྱི་དགོངས་དོན་གཞིར་བཟུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཉེར་སྐྱོང་རང་བཞིན་མིན་པའི་དྲ་སྦྲེལ་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་པར་ཐོ་འགོད་སྙན་སེང་འགྲོ་ལུགས་གཉེར་དགོས། ཐོ་འགོད་སྙན་སེང་ཞུ་མེད་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཉེར་སྐྱོང་རང་བཞིན་མིན་པའི་དྲ་སྦྲེལ་ཆ་འཕྲིན་ཞབས་ཞུ་བྱས་མི་ཆོག ཐོ་འགོད་སྙན་སེང་བྱས་མེད་པའི་དྲ་ཚིགས་ལ་དངུལ་ཆད་གཅོད་པའམ་སྒོ་རྒྱག་རྒྱུ། ཐོ་འགོད་སྙན་སེང་ནི་གཙོ་སྐྱོང་ལས་ཁུངས་ལ་རྒྱུ་མཚན་ཞུ་འབུལ་བྱས་ནས་ཞིབ་བཤེར་རྩིས་ལེན་བྱེད་པར་ཟེར། སྲིད་འཛིན་བཅའ་ཁྲིམས་ཀྱི་ཟུར་ཚད་དེ་ཐོ་འགོད་སྙན་སེང་ལ་བལྟ་དགོས་ཤིང་། ལག་ལེན་དངོས་ཀྱི་ནང་གཙོ་བོ《ཁྲིམས་འཛུགས་བཅའ་ཁྲིམས》དང《ཁྲིམས་སྲོལ་དང་སྒྲིག་སྲོལ་ཐོ་འགོད་སྙན་སེང་སྲོལ་ཡིག》གི་གཏན་འབེབས་ཡིན། 

10 རེ་ཞུའི་ཕྱོགས་སྟོན།

རེ་ཞུ་བྱེད་མཁན་གྱིས་ཁོངས་མིང་ཐོ་འགོད་རེ་ཞུ་བྱེད་སྐབས་ཁོངས་མིང་ཐོ་འགོད་འདྲི་རྩད་འཁོར་སྦྲེལ་ཐོ་འགོད་དང་གློག་རྡུལ་སྦྲག་རྫས་སོགས་ཀྱི་བྱ་ཐབས་བརྒྱུད་ཁོངས་མིང་ཐོ་འགོད་ཞབས་ཞུའི་སྒྲིག་གཞིར་ཁོངས་མིང་ཐོ་འགོད་རེ་ཞུའི་རེའུ་མིག་འབུལ་ཆོག་པ་དང་། ཁོངས་མིང་ཐོ་འགོད་རེ་ཞུ་འདོན་ཆོག་པ་མ་ཟད། ཁོངས་མིང་ཐོ་འགོད་ཞབས་ཞུའི་སྒྲིག་གཞི་དང་ཁོངས་མིང་ཐོ་འགོད་གྲོས་མཐུན་ཡང་འཇོག་དགོས། 

ཁོངས་མིང་ཐོ་འགོད་རེ་ཞུའི་རེའུ་མིག་གི་ནང་དོན་དུ། 

1.རེ་ཞུའི་ཁོངས་མིང་། 

2.ཁོངས་མིང་གཙོ་བོའི་ཁོངས་མིང་ཞབས་ཞུ་ཆས་དང་ཁོངས་མིང་ཞབས་ཞུ་ཆས་ཀྱི་གཙོ་འཁོར་མིང་དངIPས་གནས། 

3.ཁོངས་མིང་འཛིན་མཁན་གྱི་ལས་ཁུངས་ཀྱི་མིང་དང་། ལས་ཁུངས་ཀྱི་འགན་འཁུར་མི་སྣ། ལས་ཁུངས་ཀྱི་ལས་རིགས། འཕྲིན་གཏོང་ས་གནས། སྦྲག་སྲིད་ཨང་གྲངས། གློག་རྡུལ་སྦྲག་ཡིག  ཁ་པར་ཨང་གྲངས། བརྙན་སྐྱེལ་ཨང་གྲངས། དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཆ་འཕྲིན་བཅས་ཡིན། 

4.ཁོངས་མིང་ལག་རྩལ་དང་། དོ་དམ། གྲོན་དངུལ། སྒྲུབ་འགན་འཁུར་མཁན་གྱི་འབྲེལ་གཏུགས་བྱེད་ས་དང་། ཁོངས་གཏོགས་ལས་ཁུངས་ཀྱི་མིང་དང་འཕྲིན་གཏོང་ས་གནས། སྦྲག་སྲིད་ཨང་གྲངས། གློག་རྡུལ་སྦྲག་གནས། ཁ་པར་ཨང་གྲངས། དེ་བཞིན་བརྙན་སྐྱེལ་ཨང་གྲངས་བཅས་ཡིན། 

11 དོ་སྣང་བྱ་དགོས་པའི་དོན་དག

དབྱིན་ཡིག་གི་ཁོངས་མིང་གི་རྣམ་གཞག་གཤམ་གསལ་ལྟར། ཁོངས་མིང་ནི་རྒྱལ་ཁབ་སོ་སོའི་ཡི་གེའི་དམིགས་བསལ་གྱི་ཡིག་རྟགས་ཚོགས་དང་། དབྱིན་ཡིག་གི་གསལ་བྱེད། ཨང་ཀི་དང་“-”(ཐ་སྦྲེལ་ཡིག་རྟགས་སམ་ཡང་ན་ཉུང་འཕྲི)ཡིས་གང་འདོད་དུ་སྡེབ་སྒྲིག་བྱས་ནས་གྲུབ་པ་ཡིན་མོད། འོན་ཀྱང་མགོ་དང་དེའི་ནང་དུ“-”འདུས་མི་རུང་། ཁོངས་མིང་ནང་གི་ཡི་གེ་ཆེ་ཆུང་དབྱེ་མེད། 

ཁོངས་མིང་གི་རིང་ཚད་ཆེ་ཤོས་ལ་ཡིག་རྟགས63ཡོད་པ་དང་། ཁོངས་མིང་གི་མིང་མཐའ་ནི་གསལ་བྱེད་གཉིས་ཀྱི་རྒྱལ་ཁབ་ཀྱི་ཁོངས་མིང་ཡིན་སྲིད་པའམ་ཡང་ན་དབྱངས་གསལ་མང་པོ་ལས་གྲུབ་པའི་རྩེ་རིམ་ཁོངས་མིང་གསར་པ་ཡིན་པས། ཁོངས་མིང་གི་ཆེས་རིང་བའི་མཚན་ཉིད་ནི་སྤྱིར་བཏང་དུ་རིམ་པ་གཉིས་པའི་ཁོངས་མིང་ཁོ་ན་ཡིན་ཏེ། དཔེར་ནwwwདང་རྩེ་རིམ་ཁོངས་མིང་ལྟ་བུ་ཡིན།

རྒྱ་ཡིག་གི་ཁོངས་མིང་གི་རྣམ་གཞག་གཤམ་གསལ་ལྟར། རིམ་པ་ཁག་གི་ཁོངས་མིང་གི་རིང་ཚད་དེ་ཁྲིམས་དང་མཐུན་པའི་ཡིག་རྟགས26(རྒྱ་ཡིག་དང་། དབྱིན་ཡིག་a-z,A-Zདང་། ཨང་ཀི0-9དང་། “-”སོགས་ཚང་མ་ཡིག་རྟགས་གཅིག་ལ་བརྩི་བ)དང་། དབྱིན་ཡིག་དང་གྲངས་ཀའི་ཁོངས་མིང་ཁོ་ན་ཡིན་མི་རུང་། ཉུང་མཐར་རྒྱ་ཡིག་ཅིག་ཡོད་དགོས། རྟགས“-”མུ་མཐུད་དུ་འབྱུང་མི་རུང་། 

ཁོངས་མིང་ཐོ་འགོད་བྱེད་པར་སྔོན་ལ་རེ་ཞུ་ཐོ་འགོད་ཀྱི་རྩ་དོན་གཞིར་བཟུང་དགོས་པ་དང་། དོ་དམ་ལས་ཁུངས་ཀྱིས་རེ་འདུན་ཞུ་མཁན་གྱིས་བཏོན་པའི་ཁོངས་མིང་དེ་ཕྱོགས་གསུམ་པའི་ཁེ་དབང་དང་འགལ་ཡོད་མེད་ལ་ཞིབ་བཤེར་མ་བྱས་པ་རེད། དུས་མཚུངས་སུ་ཁོངས་མིང་ཐོ་འགོད་དང་འདྲི་རྩད་བྱེད་པ་ཚང་མ་བསྐྱར་ཟློས་བྱེད་མི་རུང་། དེར་བརྟེན་དྲ་རྒྱའི་ཐོག་ཁོངས་མིང་ནི་ཚད་ཡོད་ཀྱི་ཐོན་ཁུངས་ཤིག་ཡིན་ཞིང་། དེའི་རིན་ཐང་ནི་ཐོ་འགོད་ཁེ་ལས་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་རིམ་བཞིན་མི་རྣམས་ཀྱིས་མཐོང་ཆེན་བྱེད་ཀྱིན་ཡོད། 

12 ཁོངས་མིང་དབྱེ་ཞིབ། 

དབྱིན་ཡིག་གི་མིང་། DNS(doainnameresolutia)ཡིས་ཁོངས་མིང་ཐོ་འགོད་བྱས་རྗེས་ཇི་ལྟར་བྱས་ན་ད་གཟོད་རང་ཉིད་ཀྱི་དྲ་ཚིགས་ཀྱི་ནང་དོན་མཐོང་ཐུབ། ཆེད་ལས་བརྡ་ཆད་གཅིག་ལ“ཁོངས་མིང་དབྱེ་ཞིབ”ཟེར་བ་ཡིན། འབྲེལ་ཡོད་བརྡ་ཆད་ཀྱི་འགྲེལ་བཤད་ཁྲོད། ཁོངས་མིང་དང་དྲ་གནས་ནི་དོན་གཅིག་མ་ཡིན་པར། ཁོངས་མིང་ཐོ་འགོད་བྱས་རྗེས། ཁྱོད་ཀྱིས་ཁོངས་མིང་འདི་ལ་བཀོལ་སྤྱོད་ཀྱི་དབང་ཆ་ཡོད་པ་ཁོ་ན་གསལ་བཤད་བྱས་ཡོད། གལ་ཏེ་ཁོངས་མིང་དབྱེ་ཞིབ་མ་བྱས་ན། ཁོངས་མིང་འདིས་དེའི་ནུས་པ་འདོན་སྤེལ་བྱེད་མི་ཐུབ་པ་དང་། དབྱེ་ཞིབ་བྱས་པའི་ཁོངས་མིང་གློག་རྡུལ་ཡིག་སྒམ་གྱི་རྗེས་རྒྱན་བྱས་ཆོག་ལ། དྲ་ཚིགས་སུ་བརྩིས་ནས་རང་ཉིད་ཀྱི་དྲ་ཚིགས་ལ་འཚམས་འདྲི་བྱས་ཀྱང་ཆོགདེར་བརྟེན་ཁོངས་མིང་བཀོལ་སྤྱོད་བྱེད་པའི་ལྷུ་ཚིགས་ནི“ཁོངས་མིང་དབྱེ་ཞིབ་”ཡིན། ང་ཚོས་ཤེས་གསལ་ལྟར། ཁོངས་མིང་ནི་དྲན་ཤེས་ལ་སྟབས་བདེ་ཡོང་ཆེད་ཆེད་དུ་བཙུགས་པའི་ས་གནས་བརྗེ་སྤོར་མ་ལག་ཅིག་ཡིན་པ་དང་། དྲ་སྦྲེལ་སྟེང་གི་ཞབས་ཞུ་ཆས་ཤིག་ལ་བཅར་འདྲི་བྱེད་དགོས་པ་དང་། མཇུག་མཐར་ད་དུང་ངེས་པར་དུ་ས་གནས་བརྒྱུད་དེ་མངོན་འགྱུར་བྱེད་དགོས་པ་དང་། ཁོངས་མིང་དབྱེ་ཞིབ་ནི་ཁོངས་མིང་ཡང་བསྐྱར་གནས་ཡུལ་དུ་བསྒྱུར་བའི་བརྒྱུད་རིམ་ཡིན། ཁོངས་མིང་གཅིག་ལྟོས་ཟླའི་ཤག་གནས་གཅིག་ཁོ་ན་དང་ཁོངས་མིང་མང་པོ་ཞིག་དུས་མཚུངས་སུ་དབྱེ་ཞིབ་བྱ་ཡུལ་ཞིག་ཏུ་དབྱེ་ཡོད་། ཁོངས་མིང་དབྱེ་ཞིབ་ནི་ཆེད་ལས་ཀྱི་ཁོངས་མིང་དབྱེ་ཞིབ་ཞབས་ཞུ་ཆས(DNS)ཀྱིས་ལེགས་འགྲུབ་བྱེད་དགོས། 

13 དྲ་རྒྱའི་ཡིག་ཆའི་ས་གནས།

དྲ་རྒྱའི་ཐོག་གི་གཞི་གྲངས་ཆ་འཕྲིན་ཡོད་ཚད་དང་། ཡི་གེའི་ཆ་འཕྲིན་དང་ཉེར་སྤྱོད་མཉེན་ཆས་ཚང་མ་དྲ་རྒྱའི་ཡིག་ཆར་བརྩི་གིན་ཡོད། འཚོལ་བདེ་བ་ཡོང་ཆེད་དྲ་རྒྱའི་ཡིག་ཆ་ཚང་མར་གནས་ཡུལ་འབའ་ཞིག་ཡོད་པ་དང་། དྲ་རྒྱའི་ཡིག་ཆའི་གནས་ཡུལ་ནི་གཤམ་གསལ་ལྟར། 

<གྲོས་མཐུན། >:∥<ཞབས་ཞུའི་འཕྲུལ་ཆས་ཀྱི་རིགས། > 〈 ཁོངས་མིང〉    〈 དཀར་ཆག 〉     〈 ཡིག་ཆའི་མིང 〉

དཔེར་ན།  http://www.cnnic.net.cn/develst/cnnic200101.shtml

དེའི་ནང“:∥”ཡི་སྔོན་གྱི་རིམ་པ་ཁག་ནི་གྲོས་གཞི་ཡིན།  རྒྱུན་སྤྱོད་ཀྱི་གྲོས་གཞི་ནིhttp(wwwགྲོས་གཞི)ftp(ཡིག་ཆ་ཕར་གཏོང་ཚུར་བསྡུ་བྱེད་པའི་གྲོས་གཞི)telnet(རྒྱང་བསྐྱོད་ཕར་གཏོང་ཚུར་བསྡུ་བྱེད་པའི་གྲོས་གཞི)news(གསར་འགྱུར་ཁག་གི་གྲོས་གཞི)file(བཀོལ་སྤྱོད་བྱེད་པའི་རྩིས་འཁོར་ནང་གི་ཡིག་ཆ)བཅས་ཡིན། "www" ཞེས་པ་ནི་ཞབས་ཞུའི་འཕྲུལ་ཆས་ཀྱི་རིགས་ལ་ཟེར། “ cnnic. net. cn”ནི་ཁོངས་མིང་ཡིན། “revels”ནི་ཡིག་ཆའི་དཀར་ཆག་གི་ཐབས་ལམ་ཡིན་ཏེ། གལ་ཏེ་ལམ་མང་པོ་ཡོད་ན། རྟགས“/”ཡིས་སོ་སོར་འབྱེད་དགོས། “cnic200101.shtml”ནི་ཡིག་ཆའི་མིང་ཡིན། 

14 གློག་རྡུལ་སྦྲག་ཡིག་ས་གནས། 

གློག་རྡུལ་སྦྲག་ཡིག་བསྡུ་གཏོང་བྱེད་མཁན་ཚང་མར་ངེས་པར་དུ་གློག་རྡུལ་སྦྲག་ཡིག་ཀྱི་ས་གནས་ཤིག་དགོས། གློག་རྡུལ་སྦྲག་ཡིག་གི་ས་གནས་ནི་གཙོ་བོ་གློག་རྡུལ་སྦྲག་ཡིག་སྤྱོད་མཁན་ལ་བཀོལ་ནས་སྤྱོད་མཁན་གྱི་གློག་རྡུལ་སྦྲག་ཡིག་གི་ལས་ཀ་ཐག་གཅོད་བྱེད་བདེ་པོ་ཡོང་གི་ཡོད། གློག་རྡུལ་སྦྲག་ཡིག་གི་ས་གནས་ཀྱི་སྤྱིར་བཏང་རྣམ་གཞག་ནི། 

<མིང>@<གློག་རྡུལ་སྦྲག་ཡིག་ཞབས་ཞུ་ཆས་ཀྱི་ཁོངས་མིང > 

དཔེར་ན།zzz @yahoo.com.cn ནི་གློག་རྡུལ་སྦྲག་ཡིག་གི་ས་གནས་ཤིག་ཡིན་པ་མཚོན། དེའི་ནངzzzནི་གློག་རྡུལ་སྦྲག་ཡིག་གི་མིང་ཡིན་པ་དང་། མིང་ནི་སྤྱོད་མཁན་གྱིས་གློག་རྡུལ་ཡིག་སྒམ་རེ་ཞུ་བྱེད་སྐབས་རང་ཉིད་ཀྱིས་གཏན་འཁེལ་བྱས་པ་ཞིག་ཡིན། yahoo. com. cnནི་གློག་རྡུལ་སྦྲག་ཡིག་ཞབས་ཞུ་ཆས་ཀྱི་ས་གནས་ཡིན། 

15 ཀུན་སྤྱོད་དྲ་གནས། 

སྤྱི་སྤྱོད་དྲ་གནས་ནི་གསར་དར་གྱི་དྲ་རྒྱའི་མིང་གི་བཅར་འདྲི་ལག་རྩལ་ཞིག་ཡིན་ལ། ཀུན་སྤྱོད་དྲ་གནས་དང་དྲ་ཚིགས་ཀྱི་ས་གནསURLཡི་ལྟོས་ཟླའི་འབྲེལ་བ་བཙུགས་ནས། འཕྲུལ་ཆས་ཀྱི་བཅར་འདྲི་མངོན་འགྱུར་བྱེད་པའི་ཐབས་ལམ་སྟབས་བདེ་ཞིག་བསྐྲུན་ཡོད།

སྤྱི་སྤྱོད་དྲ་གནས་ནི་རྒྱལ་ཁབ་ཀྱི་ཚད་གཞིར་གཞིགས་པའི་དྲ་སྦྲེལ་གནས་ཡུལ་གྱི་ཐོན་ཁུངས་ཤིག་ཡིན་པ་དང་རྒྱ་ཡིག་གི་ཁོངས་མིང་དང་འདྲ་བའི་ས་གནས་ཀྱི་འགྲེལ་བཤད་ཞབས་ཞུ་ཞིག་རེད། སྤྱི་སྤྱོད་དྲ་ཚུགས། དྲ་ཚིགས་ནི་ཁེ་ལས་དང་བྱ་གཞག་ཆེད་གཏོགས་ཀྱི་དྲ་རྒྱའི་སྤུས་རྟགས་མཚོན་རྟགས་དང་ཆེད་གཏོགས་ཀྱི་ཐུན་མོང་དུ་སྤྱོད་པའི་འགྲེམས་སྟོན་ཁྱབ་གདལ་ཡོ་བྱད་ཅིག་ཡིན་པ་དང་། ཀྲུང་གོའི་ལག་ཆ་རྣོན་པོ་ཞིག་རེད། སྤྱི་སྤྱོད་དྲ་གནས་དེ་ཁེ་ལས་ཀྱི་དྲ་སྦྲེལ་ཐོག་གི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ནས་ཚོང་ལས་མཚོན་རྟགས་ཀྱི་ནུས་པ་དང་དོན་སྙིང་ལྡན་ཡོད། 

16 ཐོ་འགོད། 

སྤྱི་སྤྱོད་དྲ་ཚུགས་ཐོ་འགོད་བྱེད་པར་རྒྱལ་སྤྱིའི་གོམས་སྲོལ་ལྟར“སྔོན་ལ་རེ་ཞུ་སྔོན་ལ་ཐོ་འགོད་བྱེད་པའི”རྩ་དོན་ལ་བརྩི་སྲུང་ཞུ་དགོས། སྔོན་འགྲོའི་ཆ་རྐྱེན་འོག་འདྲ་མཉམ་གྱི་རྩ་དོན་མཚོན་པ་དང་ཁེ་དབང་དབང་མཁན་གྱི་ཐོ་འགོད་རེ་ཞུ་སྔོན་ལ་བདག་སྤྲོད་བྱ་དགོས། སྤྱི་སྤྱོད་དྲ་གནས་དེ་ཚིག་གཤིས་ལྟར་དབྱེ་ན་རིན་གོང་རིགས་བཞི་རུ་དབྱེ་ཡོད་པ་སྟེ། གསེར་དཀར་གྱི་རྒྱུན་སྤྱོད་ཐ་སྙད་ལོ་རེར་སྒོར15800ཡིན་པ་དང་། སྤྱིར་བཏང་གི་ཀུན་སྤྱོད་ཐ་སྙད་ལོ་རེར་སྒོར9800ཡིན། རྒྱུན་བཀོལ་མིང་ཚིག་ལ་ལོ་རེར་སྒོར5800ཡིན། སྤྱིར་བཏང་གི་སྤྱི་སྤྱོད་དྲ་གནས། ལོ10རེར་སྒོར28000ཡིན་པ་དང་། སྤྱིར་བཏང་གི་སྤྱི་སྤྱོད་དྲ་གནས་ཐོ་འགོད་བྱེད་ཡུན་ལོ་བཅུ་ཡིན་པ་དེ་ཚོང་རྟགས་དང་གོམ་སྟབས་གཅིག་མཚུངས་ཡིན་པ་རེད། སྤྱི་སྤྱོད་དྲ་གནས་ཐོ་འགོད་རིན་གོང་ནི་རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་རིན་བསྡུའི་ཚད་གཞི་ཡིན། 

སྤྱོད་གོ་ཆོད་པའི་དྲ་གནས་ཐོན་རྫས་ཀྱི་ཐོ་འགོད་ལོ་ཚད་ལོ10(གསེར་དཀར་ཀུན་སྤྱོད་ཐ་སྙད་ཀྱི་ཐོ་འགོད་ལོ་ཚད་མཐོ་ཤོས་ལོ10ཡིན་པ)ཡིན་པ་དང་འབྱུང་འགྱུར་གྱི་རིན་གོང་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད། སྤྱི་སྤྱོད་དྲ་གནས་ཀྱི་གནས་ཐང་འཕར་བའི་ཞབས་ཞུར་དྲ་བ་དང་། གློག་རྡུལ་ཚོང་དོན་མནའ་འབྲེལ། ཟོག་སྦྲེལ་དྲ་བའི་མཚོན་རྟགས་ཞབས་ཞུའི་སྟེགས་བུ། ཁེ་ལས་ཀྱི་ཆ་འཕྲིན་རྩ་གཉིས་ཨང་རྟགས་གྲུབ་པ་དང་དེ་བཞིན་སྤྱི་སྤྱོད་དྲ་གནས་བེད་སྤྱོད་བྱས་པའི་མཇུག་འབྲས་ཀྱི་དྲ་ངོས། དྲ་ཐོག་དྲ་བ་སོགས་ཀྱི་གནས་ཐང་འཕར་བའི་ཞབས་ཞུ་བཅས་ཚུད་ཡོད་པ་རེད། 

སྤྱི་སྤྱོད་དྲ་ཚུགས་ཐོ་འགོད་ལེགས་གྲུབ་བྱུང་རྗེས་གོ་ཆོད་དུས་རིང་ཐོ་འགོད་དུས་བཀག་དང་དེ་བཞིན་དུས་ཚད་ཐིམ་རྗེས་ཀྱི་ཉིན15ནང་ཚུན་དུ་ཁྱེད་ཀྱིས་ཐོ་འགོད་སྒྲིག་གཞི་དང་འབྲེལ་བ་བྱས་ནས་འགྱངས་རིན་འགྲོ་ལུགས་གཉེར་ཆོག སྤྱི་སྤྱོད་དྲ་ཚུགས་ཐོ་འགོད་ལེགས་གྲུབ་བྱུང་རྗེས་ཁྱེད་ཀྱིས་ཐོ་འགོད་བྱེད་སྐབས་ཕུལ་བའི་དོ་དམ་ཁ་པར་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲ་རྒྱའི་དཀར་ཆག་གཞི་གྲངས་མཛོད་དམ་ཡང་ན་ཀྲུང་གོའི་དྲ་རྒྱའི་ཤེས་བྱའི་བདག་དབང་ལྟེ་གནས་ཀྱིས་རང་འགུལ་ངང་འདྲི་རྩད་དང་པར་བརྒྱབ་ཆོག ཁྱོད་ཀྱིས་ཀྲུང་གོའི་དྲ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས(CNNNIC)དང་ཡང་ན་ཀྲུང་གོའི་དྲ་རྒྱ(KNET)ཐོ་འགོད་བྱས་ཆོག  རྒྱལ་ཁབ་ཀྱི་དྲ་རྒྱའི་དཀར་ཆག་གཞི་གྲངས་མཛོད་བརྒྱུད་ནས་འདྲི་རྩད་བྱས་ཆོག  རེ་འདུན་ཞུས་རྗེས་ད་དུང་ཞིབ་བཤེར་གཏན་འབེབས་བྱས་མེད་ན། རྩད་ཞིབ་བྱས་འབྲས་ཀྱི་ཤོག་ངོས་ནང་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་པ་མངོན་གྱིན་ཡོད། 

རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་།  སྤྱི་དམངས་དང་ཁྲིམས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། རྒྱུན་ལྡན་གྱི་ཐོ་འགོད་སྒྲིག་ལམ་འགན་ལེན་བཅས་བྱེད་ཆེད། ཀྲུང་དབྱང་དྲ་རྒྱས་འབྲེལ་ཡོད་ཁག་གཅིག་ལ་ཚོད་འཛིན་བྱས་ཡོད། མིག་སྔའི་རྒྱལ་ཁབ་ཀྱི་དྲ་རྒྱའི་དཀར་ཆག་གཞི་གྲངས་མཛོད་ཀྱི་ཆ་འཕྲིན་གཏན་འབེབས་གཞིར་བཟུང་ཐོ་འགོད་ཚོད་འཛིན་གྱི་དགོས་མཁོར་ནུས་ལྡན་གྱི་དཔང་ཡིག་མཁོ་འདོན་བྱེབ་དགོས། དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱས་པའི་སྤྱི་སྤྱོད་དྲ་ཚུགས་ཐོ་འགོད་སྒྲིག་གཞི་ཚང་མ་ཀྲུང་གོ་དྲ་བའི་དྲ་ཚིགས་སུ་འདྲི་རྩད་བྱེད་ཆོག་པ་དང་རེའུ་མིག་ནང་མངོན་མེད་པའི་སྒྲིག་གཞིར་ཀྲུང་གོ་དྲ་བའི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་པའི་ཀུན་སྤྱོད་དྲ་ཚུགས་ཐོ་འགོད་ཞབས་ཞུའི་སྒྲིག་གཞི་མིན། གལ་ཏེ་ཁྱོད་ཀྱིས་དྲ་གནས་ལ་ཐོ་འགོད་ཀྱི་འདོད་མོས་ཡོད་ན། ཁྱོད་ཀྱི་འབྲེལ་གཏུག་བྱེད་སྟངས་ཀྲུང་དྲ(KNET)མི་སྣར(KNET)མཁོ་སྤྲོད་བྱས་ཆོག 

17 དོན་སྤྱི། 

ཁྱེད་ཀྱིས་རང་ཉིད་ལ་རྒྱུས་མངའ་ཡོད་པའི་སྐད་ཆ་བཀོལ་ནས་ཁྱེད་རང་འགྲོ་དགོས་པའི་དྲ་གནས་བཤད་ན་ཆོག་ལ་ཤར་གཏོང་ཐུབ་པའི་དྲ་གནས་ཚང་མར་ཡིག་རྟགས་ཅི་ཞིག་བཀོལ་ན་ཆོག་གམ་ཞེས་ན། སྤྱི་སྤྱོད་དྲ་གནས་ནི་རྒྱ་ཡིག་དང་དབྱངས་གསལ་ཡི་གེ(A-Z,a-z,ཆེ་ཆུང་བྲིས་ན་རིན་མཉམ་ཡིན)  ཨང་ཀ(0-9)ཡང་ན་རྟགས )གྲུབ་ཚུལ་ཆེས་མང་ན་ཡིག་རྟགས31(ཀུན་སྤྱོད་དྲ་གནས་ཀྱི་གཞི་རྒྱུ་རེ་རེ་ཚང་མ་ཡིག་རྟགས་གཅིག་གིས་ཐག་གཅོད་བྱས་པ)ལས་བརྒལ་མི་རུང་། 

18 དགེ་མཚན། 

ཐུན་མོང་དུ་སྤྱོད་པའི་དྲ་གནས་ནི་ཆེས་སྟབས་བདེ་དང་ཆེས་སྟབས་བདེ་ཡིན་པའི་དྲ་རྒྱའི་འཚམས་འདྲིའི་ཚད་གཞི་ཡིན། དྲ་རྒྱའི་མིང་གི་བཅར་འདྲི་ལག་རྩལ་གྱི་འགྱུར་ལྡོག་ཕལ་ཆེར་གཤམ་གྱི་བརྒྱུད་རིམ་བརྒྱུད་ཡོད། ཐོག་མར་དྲན་ཤེས་བྱེད་བདེ་བའི་ཆེད་དུ། དྲ་རྒྱའི་མི་སྣ་ནི་གཉིས་གོང་འགྲིལ་ལུགས“0”དང“1”ལས་གྲུབ་པའི་དྲ་རྒྱའི་གནས་ཡུལ་དུམ་བུ་བཞི་རུ་བགོས་པ་མ་ཟད། ད་དུང་བཅུ་ཡི་བྱེད་སྟངས་སྤྱད་དེ་མཚོན་པ་དེ་ནི་ཤག་གནས་ཡིན་པ་རེད། དེ་རྗེས་ཚན་ཞིབ་མི་སྣས་གཞི་གྲངས་ཁོ་ནས་མཚོན་པའི་གནས་ཡུལ་གྱི་རྨང་གཞིའི་ཐོག་དྲན་ཤེས་དེ་བས་སྟབས་བདེ་བའི་ཡིག་རྟགས་རྣམ་པའི་འཚམས་འདྲི་མཚོན་རྟགས་བཏོན་པ་སྟེ། ས་གནས་ཀྱི་ཁོངས་མིང་མ་ལག་ལ་གཞིགས་པ་རེད། ཁོངས་མིང་མ་ལག་དེ་འཕྲལ་མར་དྲ་སྦྲེལ་གྱི་ཉེར་སྤྱོད་ཁག་ཏུ་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད་པ་དཔེར་ན། གློག་རྡུལ་སྦྲག་རྫས་དངFTPསོགས་ཀྱིས་དྲ་སྦྲེལ་དྲ་རྒྱ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། སྤྱི་སྤྱོད་དྲ་གནས། དེས་སྤྱི་སྤྱོད་དྲ་གནས་དང་དྲ་ཚིགས་ཀྱི་ས་གནསURLབར་གྱི་ལྟོས་ཟླའི་འབྲེལ་བ་བཙུགས་པ་བརྒྱུད་ནས་ཁོངས་མིང་མ་ལག་གི་རྙོག་འཛིང་རང་བཞིན་ཇེ་དམའ་རུ་བཏང་བ་རེད། བཅར་འདྲི་བྱེད་མཁན་གྱིས་དྲན་ཤེས་མི་དགོས་པའམ་ཡང་ནhttp://www.com.netསོགས་རྙོག་འཛིང་ཆེ་ལ་རིང་བའི་དབྱིན་ཡིག་གི་ཁོངས་མིང་གི་ས་གནས་དེ། གལ་ཏེ་དྲ་གནས་སུ་ཁེ་ལས་དང་ཐོན་རྫས། སྤུས་རྟགས་ཀྱི་མིང་ངམ་སྒྲ་སྦྱོར་སོགས་ཡོད་ན་ཐད་ཀར་དམིགས་འབེན་དྲ་ཚིགས་སུ་ཐོན་ཐུབ། 

19 འབྲེལ་བ། 

སྤྱི་སྤྱོད་དྲ་གནས། ཁོངས་མིང་། དྲ་ཚིགས་ས་གནས་བཅས་གསུམ་ནི་གོ་དོན་མི་འདྲ་བ་ཡིན་ལ། ཆེས་རྨང་གཞི་ནི་ཁོངས་མིང་ཡིན། དེ་བས་སྤྱི་སྤྱོད་དྲ་གནས་ཀྱི་བཅར་འདྲི་དང་དྲ་དམངས་ཕལ་བས་ངེས་པར་དུCNNICཡི་བསྒར་ལྷུ་སྒྲིག་སྦྱོར་བྱས་ན་ད་གཟོད་བཀོལ་སྤྱོད་བྱེད་ཐུབ། 

20 སྤྱི་སྤྱོད་དྲ་གནས་ཀྱི་དགེ་མཚན། 

●དུས་རབས་གསར་པའི་དྲ་སྦྲེལ་གནས་ཡུལ་གྱི་འཚམས་འདྲིའི་ལག་རྩལ། 

●རྒྱལ་ཁབ་ཀྱིས་དབང་བསྐུར་ཁོངས་མིང་ཐོ་འགོད་དོ་དམ་སྒྲིག་གཞིས་རྒྱབ་སྐྱོར་བྱེད་དགོས། 

●ཐད་ཀར་དྲ་ཚིགས་ཀྱི་དྲ་ངོས་དང་པོ་དང་དྲ་ཚིགས་ཀྱི་གཏིང་རིམ་དྲ་ངོས། 

●སྟབས་བདེའི་ངང་ཕབ་ལེན་བྱས་ན་དྲ་ཚིགས་སུ་འཚམས་འདྲི་བྱས་པ་ངོ་མ་སྟབས་བདེ་ཡིན། 

●གྲགས་ཅན་དུད་ཚང་གིས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཏེ་དྲ་ཚིགས་ཐོག་རིན་འདས་བཟའ་བཅའ་ཁྱབ་གདལ་བཏང་བ། 

●དངོས་ཡོད་འཛམ་གླིང་གི་སྤུས་རྟགས་དྲ་སྦྲེལ། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དྲ་གནས། དྲ་རྒྱ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-19

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།